ཐོབ་ཐང་ལག་འཁྱེར་དང་དངུལ་ཁང་གཱ་གཉིས་ཀྱིས་ཆ་འཕྲིན་གསོག་ཉར་ཇི་ལྟར་བྱེད་པ་ཡིན།
身份证、银行卡是怎样储存信息的

来源:科普中国 发布时间:2018年07月17日 作者:何泽尚

ལྷན་རྒྱས་ལའང་གེགས་བར་འདི་དང་འདྲ་བ་འཕྲད་སྲིད། ཡིད་རྟོན་གཱ་ཡང་ན་དངུལ་ཁང་གཱ་གློག་ཀླད་འོག་གི་སྒྲོག་ཙེའི་ནང་བཞག་པས། དུས་ཡུན་ཕྲན་བུ་སོང་རྗེས་རང་འགུལ་དངུལ་ལེན་ཕྲུལ་ཆས་ཐོག་དངུལ་ལེན་པར་སྐྱོད་སྐབས། གཱ་བེད་སྤྱོད་མེད་པ་ཤེས། དངུལ་ཁང་ལ་ཕྱིན་ནས་སྐད་ཆ་འདྲི་དུས། དེ་ནི་གཱ་ལ་གློག་ཀླད་ཀྱི་རྡོ་ཁབ་ལེན་གྱི་ནུས་ཤུགས་ཐོན་ནས་ཁབ་ལེན་ནུས་ཤུགས་ཉམས་པས་ཡིན།  དངུལ་ཁང་གཱ་ཡི་ཁབ་ལེན་ནུས་ཤུགས་ཉམས་པའི་རྒྱུ་མཚན་ཅི་ཡིན། དངུལ་ཁང་གཱ་ཡིས་ལས་ཀ་ཇི་ལྟར་བྱེད་ཀྱི་ཡོད། 

དངུལ་ཁང་གཱ་ནི་ཁབ་ལེན་ཕྲ་མོའི་ནུས་ལྡན་གཱ་ཡི་ཁོངས་སུ་གཏོགས། ཁབ་ལེན་ཕྲ་མོ་ནི་རྡུལ་ཕྲན་སྡུད་གཤིས་རྒྱུ་ཆ་ལས་གྲུབ་པ་ཞིག་ཡིན་ཞིང་། སྤོས་འགྱིག་གཱ་ཐོག་སྦྱར་ནས་ཡོད། ཟིན་འགོད་སྒྲིག་ཆས་ཀྱི་ཁབ་ལེན་འགོ་ནི་ནང་ཁུལ་དུ་སྲུབས་པའི་ལྕགས་ཏིག་གོར་མོ་དང་ལྕགས་ཏིག་ཐོག་སྐོར་ནས་ཡོད་པའི་དཀྲིས་སྐུད་གཉིས་ལས་གྲུབ་པ་ཡིན། དངུལ་ཁང་གཱ་ལ་ཆ་འཕྲིན་ཟིན་འགོད་བྱེད་སྐབས། དངུལ་ཁང་གཱ་ཡི་ཁབ་ལེན་དང་ཟིན་འགོད་ཁབ་ལེན་འགོའི་སྲུབས་ཕན་ཚུན་འབྲེལ་ཞིང་། མགྱོགས་ཚད་ངེས་ཅན་གྱི་ཐོག་ནས་ཁབ་ལེན་འགུལ་སྐྱོད་བྱེད་ཀྱི་ཡོད། ཁབ་ལེན་འགོ་ཡི་དཀྲིས་སྐུད་ལ་གློག་རྒྱུན་ཤར་གཏོང་ཐུབ་ན། སྲུབས་ཀའི་ཁྲོད་དུ་གློག་རྒྱུན་དང་བསྡུར་ཚད་ཆགས་པའི་ཁབ་ལེན་ར་བ་ཐོན་གྱི་ཡོད་པས།  དངུལ་ཁང་གཱ་དང་སྲུབས་གཉིས་ཁབ་ལེན་གྱི་འཐེན་ཤུགས་འགའ་དང་འབྲེལ་བས་ཁབ་ལེན་ཅན་དུ་འགྱུར་གྱི་ཡོད། དངུལ་ཁང་གཱ་ཁབ་ལེན་ཅན་དུ་འགྱུར་རྗེས། སྲུབས་ཀ་ནས་བྲལ་བའི་ཁབ་ལེན་ཕྲ་མོས་གློག་རྒྱུན་འགྱུར་བར་སྟུན་པའི་ཁབ་ལེན་ཤུལ་ལྷག་རྣམས་འཇོག་གི་ཡོད་པས། གཞི་གྲངས་གཱ་ཐོག་ལ་གསོག་ཉར་བྱེད་ཀྱི་ཡོད། དེ་ལས་ལྡོག་སྟེ། གཞི་གྲངས་ཀློག་ལེན་བྱེད་སྐབས། གཱ་འདོན་ཆས་ནང་གི་དཀྲིས་སྐུད་ཀྱིས་ཁབ་ལེན་གཅོད་འབྲེག་བྱས་པ་ལས་ཐོན་པའི་ཁབ་ལེན་ར་བ། བལྟོས་བྱུང་གློག་སྒུལ་ཤུགས་ཐོན་ཞིང་། སྔོན་གྱི་ཟིན་འགོད་བྱས་པའི་ཆ་འཕྲིན་ཕྱིར་འདྲེན་བྱེད་ཀྱི་ཡོད། དེར་བརྟེན། ཡིད་གཟབ་བྱེད་དགོས་པ་ཞིག་ལ་དངུལ་ཁང་གཱ་སོགས་ཁབ་ལེན་འཐེན་ཤུགས་ཡོད་པའི་གཱ་རྣམས་ལྕགས་ཁབ་ལེན་དང་ཁབ་ལེན་ར་བ་དྲག་པོ་ཡོད་སར་འཇོག་རྒྱུ་མེད།

ཁབ་ལེན་ཉམས་པའི་སྡུག་བསྔལ་སེལ་ཆེད། ད་ལྟ་གཱ་མང་ཆེ་བར་གཤིབ་འཕྲད་རྣམ་པ་མིན་པའི་ICལག་རྩལ་དེབ་སྤྱད་ཡོད། གཱ་ཁ་ཕྲལ་ནས་ལྟ་དུས། དེའི་ནང་དུ་ལྕགས་སྐུད་དང་གོར་མོའི་དབྱིབས་ཀྱི་ལྕགས་ཏིག་ནག་པོ་ཞིག་ཡོད་པ་མཐོང་ཐུབ། དེ་ནི་ICགཱ་ཡི་ལྟེ་བའི་ཆ་ཤས་ཤིག་ཡིན།

ཐོབ་ཐང་ལག་འཁྱེར་དང་། འགྲིམ་འགྲུལ་གཱ་ནི་གཤིབ་འཕྲད་རྣམ་པ་མིན་པའི་ICགཱ་ཡི་ཁོངས་སུ་གཏོགས། ཤིབ་འཕྲད་རྣམ་པ་མིན་པའི་ICགཱ་ནི་གཱ་ཅི་དང་གློག་སྐུད་དེ་བཞིན་ཆེད་སྤྱོད་ཉིང་ལྷེབ་ལས་གྲུབ་པ་ཡིན། གློག་སྐུད་ནི་ལྕགས་སྐུད་གཙོ་སྦྱང་བྱས་པ་ལས་བྱུང་བའི་གློག་འདྲེན་སྒྲིལ་སྐུད་ཡིན། ཆེད་སྤྱོད་ཉིང་ལྷེབ་ནི་མགྱོགས་མྱུར་འཕེན་ཟློས་མཐུད་ཁ་དང་། ཚོད་འཛིན་སྡེ་ཚན། གློག་འཛེར་དང་རིམ་སྒྲིག་གསོག་ཉར་ཡོ་ཆས་གསུམ་ལས་གྲུབ་པ་ཡིན། གློག་སྐུད་དང་ཉིང་ལྷེབ་གཉིས་སྤོས་འགྱིག་གཱ་ནང་དུ་བཅུག་ཡོད། འབྲི་ཀློག་ཡོ་ཆས་ཀྱིས་ཆ་འཕྲིན་ལ་ཨང་ཀི་སྒྲིག་རྗེས་བརྟན་ཆགས་ཀྱི་གློག་རླབས་ཐོག་ལ་ཁུར་སྣོན་བྱེད་ཀྱི་ཡོད། བརྟན་ཆགས་ཀྱི་འགུལ་ཚད་དེ་དང་གཱ་ནང་གི་འདར་ཚད་སྙོམས་པའི་གློག་ལམ་གྱི་འགུལ་ཚད་གཅིག་པ་ཡིན། གཱ་དེ་འབྲི་ཀློག་ཡོ་ཆས་ཀྱི་ལས་ཀའི་ཁྱབ་ཁོངས་སུ་སླེབས་དུས། གཱ་ནང་གི་ཁུར་སྣོན་གྱི་གཞི་གྲངས་ཆ་འཕྲིན་གཱ་ནང་གི་འཕེན་ཟློས་མཐུད་ཁ་ནས་ཨང་གྲངས་ཡིག་འབེབས་བྱེད་པ་དང་། ཚོད་འཛིན་སྡེ་ཚན་ནས་འགྲིག་མིན་ཐག་གཅོད་བྱེད་པ། མཇུག་ཏུ་གློག་འཛེར་དང་རིམ་སྒྲིག་གསོག་ཉར་ཡོ་ཆས་ནང་གི་གཞི་གྲངས་ཀྱིས་ཀློག་པའམ་འབྲི་ཡི་ཡོད། དེ་ལྟར་སྒེར་གྱི་ཆ་འཕྲིན་གསོག་ཉར་དང་བཟོ་བཅོས་བྱེད་རྒྱུ་མངོན་འགྱུར་ཐུབ་ཀྱི་ཡོད།

གཱ་ལྷེབ་ཀྱི་རྩ་བའི་རིགས་པ་ཤེས་རྗེས། ཁྱེད་ཀྱི་ལག་ནང་གི་གཱ་ལ་ཇི་ལྟར་བྱས་ནས་བདག་སྐྱོང་བྱེད་དགོས་མིན་ཤེས་གསལ་ཡིན།

大家也许有过这样的遭遇,信用卡或者银行卡放在笔记本电脑下面的桌子里,过了一阵之后去自动取款机上取钱,发现卡不能用了,去银行才知道,原来是卡被电脑产生的磁场消磁了。为什么银行卡会被消磁呢,银行卡是怎样工作的呢?
  银行卡属于磁条卡。磁条是由一层微粒磁性材料组成,被黏合在塑料卡基上。记录设备的磁头是由内部有空隙的环形铁芯和绕在铁芯上的线圈构成的。要把信息记录在银行卡上时,将银行卡的磁条和记录磁头的空隙相接触,并以一定的速度移动磁条。磁头的线圈一旦通上电流,空隙处就产生与电流成比例的磁场,于是银行卡与空隙接触部分的磁性体就被磁化了。银行卡被磁化之后,离开空隙的磁条就留下相应于电流变化的剩磁,这样数据就被储存在了卡上。反之,读取数据时,读卡器里的线圈切割磁条产生的磁场,产生感应电动势,输出上次记录过的信息。因此,要注意不能将银行卡之类的磁性卡片放在磁铁或是强磁场附近。
  为了克服消磁带来的困扰,现在更多的卡片开始使用非接触式IC技术。拆开卡片会发现,里面有金属线圈和一个圆形或方形的黑色芯片,这就是IC卡的核心部分。
  身份证、交通卡属于非接触式IC卡。非接触式IC卡由卡基、天线和专用芯片组成。天线是金属丝绕成的线圈,专用芯片由高速射频接口、控制单元、电可擦可编程只读存储器三个模块组成,天线和芯片分别嵌在塑料卡基内。读写器将信息编码后加载到固定频率的载波上,这一固定频率与卡片内的谐振电路频率相同。当卡片进入读写器工作区域时,卡内的谐振电路便会产生共振并积累电荷,当电荷积累到一定量时,能为芯片提供工作电压。读写器加载的数据信息由卡内的射频接口模块解码,由控制单元判断处理,最后对可编程存储器内的数据进行读或写,这样就实现了个人信息的储存或修改。

知道了卡片的工作原理,你就懂得了怎么样来保护我们手中的卡了吧