སྲོག་ཆགས་དགུན་ཉལ་སྐབས་ལྟོགས་ཀྱི་རེད་དམ།
动物冬眠会不会饿?

来源:新华网 发布时间:2019年04月24日 作者:尹佳

དགུན་ཁ་གནམ་གཤིས་གྲང་མོ་ཡིན་པས་སྲོག་ཆགས་འགའ་རེས་དགུན་ཉལ་བྱེད་པར་གདམ་ག་བྱེད་ཀྱི་ཡོད།འདི་ནི་སྒྱིད་ལུག་གི་རྣམ་པ་ཞིག་མིན་པར་གྲང་ཟུག་ཆེ་བའི་དགུན་དུས་ཟས་རིགས་མེད་པར་ཁ་གཏད་འཇལ་བའི་འཕྲོད་མཐུན་ངང་འཚོ་བའི་ཐབས་ཇུས་ཤིག་རེད།དགུན་ཉལ་བྱེད་པའི་སྲོག་ཆགས་ཀྱི་ཁྱབ་ཁོངས་ཆེན་པོ་ཡོད་དེ། འོ་འཐུང་སྲོག་ཆགས་རིགས་དང་གོག་བགྲོད་སྲོག་ཆགས་རིགས། ཉ་རིགས། འདབ་ཆགས་རིགས། སྐམ་ས་གཉིས་སྡོད་ཀྱི་སྲོག་ཆགས་རིགས།སྒལ་རུས་མེད་པའི་སྲོག་ཆགས་སོགས་ཚུད་ཡོད།སྲོག་ཆགས་དགུན་ཉལ་བྱེད་པའི་དུས་ཡུན་མི་འདྲ་སྟེ་འོ་འཐུང་སྲོག་ཆགས་མང་ཆེ་བའི་དགུན་ཉལ་དུས་ཚོད་ནི་ཟླ་བ་4ནས་7བར་ཡིན་པ་དང་།ཁོ་ཚོ་སྟོན་ཁ་ནས་དགུན་ཉལ་བྱས་ཏེ་སང་ལོའི་དཔྱིད་འགོར་གཉིད་བསད་ཀྱི་ཡོད་ཅིང་། འདིའི་སྐབས་ཁོ་ཚོ་མང་ཆེ་བ་ཕྱི་རོལ་དུ་ཟས་འཚོལ་བར་འགྲོ་ཡི་མེད།འོ་ན་དགུན་ཉལ་སྐབས་ཀྱི་སྲོག་ཆགས་ལྟོགས་ཀྱི་རེད་དམ། ཐ་ན་ལྟོགས་ཤི་ཐེབས་སྲིད་དམ།

图片2.png

དོན་དངོས་ཐོག་སྲོག་ཆགས་དགུན་ཉལ་སྐབས་དགུན་ཧྲིལ་པོ་ཟས་རིགས་མ་བཟས་པའི་དབང་དུ་བཏང་ནའང་ལྟོགས་མི་སྲིད་པས། ལྟོགས་ཤི་ཐེབས་པ་ནི་ཤོད་མི་དགོས་པ་ཞིག་རེད། རྒྱུ་མཚན་ནི་དགུན་ཉལ་གོང་གྲ་སྒྲིག་ཨང་གསར་བྱས་ཡོད་པས་ཡིན། སྲོག་ཆགས་འགའ་རེས་ཚིལ་གྱི་རྣམ་པའི་ཐོག་ནས་ནུས་པ་གསོག་ཉར་བྱེད་ཅིང་། ཁོ་ཚོས་དགུན་ཉལ་མ་བྱས་གོང་ཟས་འཚོལ་བའི་ལས་ཆོད་མཐོ་རུ་བཏང་ནས་འཚོ་རྒྱུ་མང་པོ་བསྡུ་ལེན་གྱིས། རང་ཉིད་རྒྱགས་པ་ཆགས་པ་བྱེད། ཞིབ་འཇུག་བྱས་པ་ལྟར་ན་ཧ་ལམ་དགུན་ཉལ་མ་སླེབས་གོང་གི་ཟླ་བ་གཅིག་ནང་དོམ་ནག་པོས་ཉིན་ལྟར་ཆུ་ཚོད20སྤྱད་དེ་ཟས་འཚོལ་ཞིང་། ནུས་རྒྱུ་མང་པོ་བསྡུ་ལེན་གྱིས་ཁོ་ཚོའི་གཟུགས་པོའི་ལྗིད་ཚད་མྱུར་དུ་འཕར་བ་བྱེད། དྲེད་མོང་གིས་དགུན་ཉལ་གྲ་སྒྲིག་བྱེད་པའི་དུས་ཚོད་ནི་དེ་ལས་ཀྱང་སྔ་བ་ཡོད་དེ། དབྱར་ཁ་ནས་བཟུང་ཚིལ་གསོག་འཇོག་བྱེད་ཅིང་། གཟུགས་པོའི་ལྗིད་ཚད་ཀྱི་40%ཙམ་ཟིན་པའི་ཚིལ་གྱིས་ཁོ་ཚོ་དགུན་ཁ་ཧྲིལ་པོ་འཁྱོལ་ཐུབ། ད་དུང་སྲོག་ཆགས་འགའ་རེས་འབྲུ་རིགས་གསོག་འཇོག་བྱེད་ཐབས་ལ་བརྟེན་ནས་དགུན་ཉལ་བྱེད་པ་སྟེ། དཔེར་ན་མཛོད་བྱིས་ས་ཕུག་ནང་འབུ་རིགས་ཉར་ཚགས་བྱས་ནས་བར་དུ་གཉིད་བསད་དུས་ནུས་པ་གསབ་ཀྱི་ཡོད། དགུན་ཉལ་རྫོགས་སྐབས་ལུས་ཟུངས་གསོ་ཆེད་སྲོག་ཆགས་འདི་ཚོས་ཡང་ཟས་མང་པོ་ཟ་ཡི་ཡོད།

གྲ་སྒྲིག་ལེགས་པོ་བྱེད་པ་ཕུད་དགུན་ཉལ་སྐབས་སྲོག་ཆགས་ཀྱིས་ཚང་ནང་མི་འགུལ་བའམ་ཉུང་ཉུང་འགུལ་བ་དང་། དུས་མཚུངས་གཟུགས་པོའི་དྲོད་ཚད་དམའ་རུ་གཏོང་ཞིང་སྙིང་ཁ་འཕར་ཚད་དང་རྙིང་ཚབ་གསར་བརྗེའི་ཆུ་ཚད་དམའ་པོར་རྒྱུན་འཁྱོངས་བྱས་ཏེ། ནུས་པ་ཟད་ཚད་དམའ་རུ་གཏོང་བ་དང་། གསོག་ཉར་བྱས་པའི་འཚོ་རྒྱུས་དགུན་ཉལ་བྱེད་རིང་གི་དགོས་མཁོ་སྐོང་ཐུབ་པར་འགན་ལེན་བྱེད་ཀྱི་ཡོད། དཔེར་ན་བྱི་སེར་གྱིས་དགུན་ཉལ་ཉིན120ནས180བར་བྱེད་པ་དང་། དགུན་ཉལ་སྐབས་གཟུགས་པོའི་དྲོད་ཚད4℃བར་ཆག་ཅིང་སྙིང་ཁའི་འཕུར་ཚད་དལ་པོ་ཡོད། དེའི་ཁྲོད་ཀྱི་ཉི་མ130གཉིད་ཉལ་བའི་དུས་ཚོད་ནང་བྱི་སེར་གྱིས་ཕྱིར་གཏོང་བྱས་པའི་དྲོད་ཚད་ཅའོ་འར29ལས་ཟིན་གྱི་མེད་རུང་། དགུལ་ཉལ་རྫོགས་རྗེས་ཀྱི་ཉི་མ་13ནང་དྲོད་ཚད་ཅའོ་འར2420ཕྱིར་གཏོང་བྱེད་ཀྱི་ཡོད། ཙི་ཙི་སྒམ་པོས་དགུན་ཉལ་བྱེད་སྐབས་གཟུགས་པོའི་དྲོད་ཚད3℃བར་ཆག་པ་དང་སྐར་མ5དབུགས་ཐེངས་གཅིག་ལས་གཏོང་གི་མེད། གཟེ་མོས་དགུན་ཉལ་བྱེད་སྐབས་གཟུགས་པོའི་དྲོད་ཚད0℃ཉེ་བ་དང་དབང་པོའི་ནུས་པ་དེ་བས་ཀྱང་དམའ་རུ་འགྲོ་བ་མ་ཟད། ཐ་ན་དགུན་ཉལ་སྐབས་ཀྱི་གཟེ་མོ་ཆུའི་ནང་ཆུ་ཚོད་ཕྱེད་ཀ་ཙམ་བཞག་རུང་ཆུ་སུབ་ཐེབས་མི་སྲིད།

ཆོས་ཉིད་ཡོད་པའི་འགུལ་མིན་གྱི་རྣམ་པ་འདི་རིགས་ཀྱིས་སྲོག་ཆགས་རྣམས་ཟས་རིགས་དཀོན་པའི་དགུན་ཁ་དེ་བློ་བདེ་བག་ཕེབས་ངང་འཁྱོལ་ཐུབ། ཁོ་ཚོས་དགུན་ཉལ་གྱི་བྱ་སྤྱོད་བརྒྱུད་དེ་གཟུགས་པོའི་དོ་སྙོམས་ནུས་པ་སྲུང་འཛིན་དང་། ནམ་ཟླའི་འགྱུར་ལྡོག་ལ་དེ་བས་ལེགས་པའི་སྒོ་ནས་འཕྲོད་པར་བྱེད་དོ།

冬季寒冷,有些动物选择进入冬眠,这并不是一种懒惰的表现,而是应对寒冷冬季食物匮乏的一种适应性生存策略。冬眠的动物种类很广,包括哺乳类、爬行类、鱼类、鸟类、两栖类、无脊椎动物等。动物冬眠的时长不等,大多数哺乳动物的冬眠时长为4至7个月,它们从秋末进入冬眠,到来年早春醒来,而这期间它们大多数都不会外出觅食。那么冬眠期间的动物会不会饿?甚至饿死呢?图片2.png

其实,动物冬眠时,就算一个冬天都不吃也不会饿,更不用说饿死了,这是因为在入眠前它们便做了充足准备。有些动物以脂肪的形式储存能量,它们在入眠前提高觅食效率,大量地摄入营养物质,把自己养得胖胖的。据研究,进入冬眠期约1个月前,黑熊每天会花20个小时进行觅食活动,大量摄入能量让它们的体重加速增长。而棕熊预备过冬的时间更早,从夏天开始便积累脂肪,占据体重40%的脂肪让它们足以度过一整个冬季。还有些动物通过储存粮食的形式来过冬,例如仓鼠会在洞穴里藏好粮食,它们中途会醒来补充能量。而等到冬眠结束后,这些冬眠的动物又会疯狂进食,以便恢复体力。

除了准备工作充分,冬眠期间动物会窝在窝里保持不动,或者少动,同时降低体温,调节呼吸,将心率和代谢率维持在一个极低的水平,以减少能量的消耗,保证储存的营养物质满足冬眠期间的需求。例如黄鼠入眠时长120至180天,冬眠时体温下降至4℃左右,心跳缓慢。而在其中130天的入眠时间里,黄鼠总共放出的热量才29焦耳,而冬眠过后的13天中却放出2420焦耳的热量。蝙蝠冬眠时,体温下降到3℃,呼吸是5分钟一次;刺猬冬眠时,体温接近0℃,身体机能降至更低,甚至把冬眠的刺猬放入水里半小时也不会被淹死。

这种有规律的非活动状态,能让动物在食物匮乏的冬季里安稳度过。它们通过睡眠行为来保持身体的平衡状态,更好地适应气候变化。