ཅིའི་ཕྱིར་འགྲིམ་འགྲུལ་བརྡ་སྟོན་གློག་མདོག་དམར་པོ་དང་སེར་པོ།ལྗང་ཁུ་གསུམ་གདམ་པ་ཡིན།
为什么交通指示灯选择红黄绿这三种颜色?

发布时间:2019年11月12日

གློག་དམར་པོར་“སྡོད་”གློག་སྒྲོན་ལྗང་ཁུར་“བསྐྱོད་”གློག་སྒྲོན་སེར་པོར་“ཅུང་སྒུག་དགོས”ཞེས་གསལ་པོར་བསྟན་ཡོད། འདི་ནི་ང་ཚོས་ཆུང་དུས་ནས་བློར་འཛིན་པའི་འགྲིམ་འགྲུལ་གྱི་མན་ངག་ཡིན། འོན་ཀྱང་ཁྱོད་ཀྱིས་འགྲིམ་འགྲུལ་བརྡ་གཏོང་གློག་སྒྲོན་གྱིས་ཁ་དོག་དམར་པོ་དང་། སེར་པོ། ལྗང་ཁུ་གསུམ་འདེམ་དོན་ཅི་ཡིན་པ་ཤེས་ཡོད་དམ། ཁ་དོག་གཞན་མི་སྤྱོད་དོན་གང་ཡིན་ནམ།

ང་ཚོས་ཤེས་གསལ་ལྟར། མཐོང་ཐུབ་པའི་འོད་ནི་གློག་སྡུད་རླབས་ཀྱི་རྣམ་པ་ཞིག་ཡིན་ལ། གློག་སྡུད་རླབས་སུལ་ཁྲོད་ཀྱི་མིའི་མིག་གིས་ཤེས་ཚོར་བྱེད་ཐུབ་པའི་ཆ་ཤས་ཤིག་ཡིན་ལ། ནུས་ཚད་གཅིག་འདྲ་ཡིན། རླབས་ཐག་ཇི་ལྟར་རིང་ན་ཐོར་ཞིག་ཏུ་འགྲོ་དཀའ་ལ། ཁྱབ་རྒྱ་ཡང་དེ་ལྟར་རིང་། སྤྱིར་བཏང་གི་མིའི་མིག་གིས་ཤེས་ཚོར་བྱེད་ཐུབ་པའི་གློག་སྡུད་རླབས་ཀྱི་རླབས་ཐག་ནི་ནཱ་རྨིད་400~760བར་ཡིན་པ་དང་། ཟློས་ཕྱོད་མི་འདྲ་བའི་འོད་རླབས་ཀྱང་གཅིག་འདྲ་མིན། དེའི་ནང་ནས་གློག་དམར་པོའི་རླབས་ཐག་གྱི་ཁྱབ་ཁོངས་ནི་ནཱ་རྨིད་760~622ཡིན། གློག་སེར་པོའི་རིང་ཚད་ནི་ནཱ་རྨིད་597~577ཡིན།  གློག་ལྗང་ཁུའི་རླབས་རིང་བའི་ཁྱབ་ཁོངས་ནི་ནཱ་རྨིད་577~492ཡིན། 
དོན་དངོས་ཐོག ཆེས་སྔ་བའི་འགྲིམ་འགྲུལ་བརྡ་རྟགས་ནི་མེ་འཁོར་ཡིན་པ་ལས་རླངས་འཁོར་ཤར་བགྲོད་ལ་ཇུས་འགོད་བྱས་པ་མིན། དམར་པོ་དེ་འོད་ཤལ་ནང་གི་རླབས་ཐག་ཆེས་རིང་བ་དང་། མཐོང་ཐུབ་པའི་འོད་དེ་ཚོས་མདོག་གཞན་ལས་རིང་བས། མེ་འཁོར་གྱི་འགྲིམ་འགྲུལ་བརྡ་རྟགས་སུ་སྤྱོད་པ་དང་། དེ་དང་མཉམ་དུ་མངོན་གསལ་གྱི་ཁྱད་ཆོས་ཀྱིས་རིག་གནས་མང་པོ་ཞིག་གིས་དམར་པོ་དེ་ཉེན་ཁའི་ཉེན་བརྡའི་རྟགས་མཚན་དུ་བརྩི་བཞིན་ཡོད། 

ལྗང་མདོག་ནི་མཐོང་ཐུབ་འོད་ཤལ་ཁྲོད་རླབས་ཐག་སེར་མདོག་དང་ཅུང་ཉེ།དེའི་ཕྱིར་མཐོང་སླ་བའི་ཁ་དོག་ཏུ་གྱུར་ཡོད། སྔ་དུས་ཀྱི་ལྕགས་ལམ་བརྡ་རྟགས་གློག་གི་ཁྲོད་དུ།ལྗང་མདོག་གིས་“ཉེན་བརྡ་”མཚོན་པ་དང་།མདོག་མེད་དམ་དཀར་པོ་ཡིས་“ལམ་ཐིག་ཧྲིལ་པོ་ཤར་བགྲོད་བྱེད་པ་”མཚོན་གྱི་ཡོད།

《ལྕགས་ལམ་བརྡ་རྟགས》ཀྱི་ནང་འཁོད་པར་གཞིགས་ན།ལྕགས་ལམ་བརྡ་རྟགས་གློག་སྒྲོན་གྱི་ཐོག་མའི་གདམ་གསེས་ཁ་དོག་ནི་ལྗང་ཁུ་དང་དཀར་པོ།དམར་པོ་ཡིན། གློག་ལྗང་ཁུས་ཉེན་བརྡ་གཏོང་བ་དང་།གློག་དཀར་པོས་བདེ་འཇགས་ངང་བསྐྱོད་ཆོག་པའི་བརྡ་སྟོན་པ།གློག་དམར་པོ་ནི་ད་ལྟ་དང་འདྲ་བར་རླངས་འཁོར་སྒུག་དགོས་པའི་བརྡ་སྟོན་དགོས། འོན་ཀྱང་དོན་དངོས་ཀྱི་བཀོལ་སྤྱོད་ཁྲོད་མཚན་མོར་ཁ་དོག་ལྡན་པའི་བརྡ་རྟགས་གློག་སྒྲོན་དེ་ནག་པའི་འཛུགས་སྐྲུན་གྱི་རྒྱན་སྤྲས་འོག་ཧ་ཅང་མངོན་གསལ་ཡིན། འོན་ཀྱང་མདོག་དཀར་པོའི་གློག་ནི་བྱ་དངོས་གང་རུང་དང་མཉམ་དུ་འདྲེས་ཐུབ། དཔེར་ན། རྒྱུན་དུ་མཐོང་བའི་ཟླ་བ་དང་། ལྒང་བཞུ། ཐ་ན་གློག་དཀར་པོ་ཚང་མ་དང་མཉམ་དུ་འདྲེས་ཐུབ་པས། གནས་ཚུལ་འདི་འདྲའི་འོག་ཁ་ལོ་བས་དབྱེ་བ་འབྱེད་མི་ཤེས་པའི་རྐྱེན་གྱིས་དོན་རྐྱེན་འབྱུང་སླ་བ་ཡིན།

བརྡ་གཏོང་གློག་སྒྲོན་སེར་པོ་གསར་དུ་གཏོད་པའི་དུས་ཚོད་ཅུང་འགོར་བ་དང་། གསར་གཏོད་བྱེད་མཁན་ནི་ཀྲུང་གོ་བ་ཧུའུ་རུའུ་ཏིང་ཡིན། སྔ་དུས་ཀྱི་གློག་སྒྲོན་དམར་པོ་དང་ལྗང་ཁུ་གཉིས་ལས་མེད།འོན་ཀྱང་ཧུའུ་རུའུ་ཏིང་ཆུང་དུས་ཨ་རིར་སློབ་སྦྱོང་བྱེད་སྐབས།ཐེངས་ཤིག་ཁྲོམ་གཞུང་དུ་བསྐྱོད་པ་དང་།གློག་ལྗང་ཁུ་འབར་རྗེས་མུ་མཐུད་མདུན་སྐྱོད་བྱེད་བཞིན་ཡོད། དཀྱོག་ནས་འགྲོ་བའི་རླངས་འཁོར་ཞིག་གློ་བུར་དུ་གཟུགས་པོའི་འགྲམ་ནས་ཁོང་ལ་ཐུག་ནས་ཕྱིན་པས་ཁོང་སྐྲག་ནས་གཟུགས་པོ་ཚང་མ་རྔུལ་ཆུ་དོན། དེར་བརྟེན། ཁོང་ལ་མདོག་སེར་པོའི་བརྡ་རྟགས་གློག་སྒྲོན་གྱི་བསམ་ཚུལ་བྱུང་ནས། རླབས་ཐག་དམར་པོ་དང་ཅུང་ཉེ་བའི་ཚད་མཐོ་བའི་རླབས་ཐག་སེར་པོ་ཡིན་པས་སེར་པོ་དེ་“ཐ་ཚིག་”སྒྲོག་སའི་གནས་སུ་བཞག་ཏེ། དེར་བརྟེན་ནས་མི་རྣམས་ལ་ཉེན་ཁར་གཟབ་ནན་བྱེད་དགོས་པའི་གསལ་འདེབས་བྱས།

1968ལོར།མཉམ་འབྲེལ་རྒྱལ་ཚོགས་ཀྱི་《བགྲོད་ལམ་འགྲིམ་འགྲུལ་དང་བགྲོད་ལམ་རྟགས་མཚན་བརྡ་རྟགས་གྲོས་ཆོད་》ཀྱིས་བརྡ་རྟགས་གློག་སྒྲོན་སྣ་ཚོགས་ཀྱི་གོ་དོན་གཏན་འབེབས་བྱས། དེའི་ཁྲོད་གློག་སེར་པོ་ནི་ཉེན་ཟོན་བརྡ་རྟགས་སུ་བརྩི་བ་དང་། གློག་སེར་པོ་འབར་ན་རླངས་འཁོར་འདུག་སའི་ཐིག་ལས་བརྒལ་མི་རུང་མོད། འོན་ཀྱང་རླངས་འཁོར་འཇོག་སར་སླེབས་ཀྱང་དུས་ཐོག་ཏུ་བདེ་འཇགས་ངང་སྡོད་མི་ཐུབ་པའི་སྐབས་སུ། ལམ་བཞི་མདོ་ཁར་ཐོན་ནས་སྒུག་ཆོག དེའི་རྗེས། གཏན་འབེབས་འདི་འཛམ་གླིང་ཡོངས་ལ་ཐུན་མོང་དུ་སྤྱོད་འགོ་ཚུགས་པ་རེད།


红灯“停”,绿灯“行”,黄灯亮了“等一等”。这是我们从小就会背的交通口诀,但你知道为什么交通信号灯选红、黄、绿这三种颜色,而不用其他颜色呢?

我们知道,可见光是电磁波的一种形式,是电磁波谱中人眼可以感知的部分,相同的能量,波长越长越不易散射,传播也越远。一般人的眼睛可以感知的电磁波的波长在400~760纳米之间,不同频率的光波长也不一样。其中红光波长范围是760~622纳米;黄光波长范围是597~577纳米;绿光波长范围是577~492纳米。

其实,最早的交通信号灯是为火车而不是为汽车通行设计。由于红色在可见光谱中波长最长,可视距离要比其它颜色更远,因此,便被用作火车的交通信号灯,同时也因其醒目的特点,很多文化将红色视为危险警示标志。

而绿色在可见光谱中波长仅次于黄色,因此成为了比较容易看见的颜色。在早期的铁路信号灯中,绿色最初代表“警示”,而无色或白色代表“全线通行”。

根据《铁路信号》的记载,铁路信号灯原本的备选颜色是白绿红。绿灯示意警告,白灯示意可安全通行,红灯则和现在一样,示意停车等待。但是,实际使用中,黑夜里有颜色的信号灯在黑色建筑物的映衬下很是明显,而白色灯却可以和任何事物融合在一起。例如常见的月亮、灯笼,甚至是白灯都能与其融为一体。这种情况下,司机由于分辨不清,极易造成事故。

黄色信号灯的发明时间较晚,其发明者是中国人胡汝鼎。早期的红绿灯只有红和绿两种颜色,而胡汝鼎早年在美国留学时,一次他走在街上,绿灯亮后,正要继续前进,一辆转弯的汽车突然擦身而过,吓得他出了一身冷汗。于是,他产生了用黄色信号灯的想法,即可视波长仅次于红色的高可视度的黄色,留在“警告”的位置,以此来提醒人们注意危险。

1968年,联合国《道路交通和道路标志信号协定》对各种信号灯的含义作了规定。其中,黄色指示灯是作为警告信号,面对黄灯的车辆不能越过停车线,但当车辆已十分接近停车线而不能及时安全停车时,可以进入交叉路口等待。此后,这一规定开始在全世界通用。