ཡུལ་མིའི་ཐོབ་ཐང་ལག་ཁྱེར་ཨང་གྲངས་ནང་གི“X”ཡིས་གང་ཞིག་མཚོན་གྱི་ཡོད་དམ།
身份证里的“X”是什么意思

发布时间:2019年12月18日

གྲོང་མིའི་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་ནི་རྒྱལ་ཁབ་ཀྱི་ཚད་གཞི་གཞིར་བཟུང་བསྒྲིགས་པ་ཞིག་ཡིན་ཞིང་།  གྲངས་གནས་18ལས་གྲུབ་ཡོད། གོང་གི་གྲངས་གནས་དྲུག་ནི་སྲིད་འཛིན་ཁུལ་དབྱེའི་ཚབ་ཨང་དང་།  གྲངས་གནས་བདུན་པ་ནས་བཅུ་བཞི་བར་ནི་སྐྱེས་ལོ་ཟླ་ཚེས་ཀྱི་ཚབ་ཨང་། གྲངས་བཅོ་ལྔ་པ་ནས་བཅུ་བདུན་བར་ནི་གོ་རིམ་གྱི་ཚབ་ཨང་། གྲངས་གནས་བཅོ་བརྒྱད་པ་ནི་ཞིབ་བསྡུར་ཚབ་ཨང་བཅས་ཡིན། གྲངས་གནས་མཇུག་ཤོས་ཡིན་པའི་ཞིབ་བསྡུར་ཚབ་ཨང་ནི་ཚབ་ཨང་སྒྲིག་བཟོ་ཚན་པས་གཅིག་གྱུར་གྱི་སྤྱི་འགྲོས་གཞིར་བཟུང་རྩིས་བརྒྱབ་པ་ཞིག་རེད།  གལ་ཏེ་མི་ག་གེ་མོ་ཞིག་གི་མཇུག་གི་ཚབ་ཨང་ཀླད་ཀོར་ནས་དགུ་བར་ཡིན་ཚེ། ཡུལ་མིའི་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་ནང“X”ཞེས་པ་ཐོན་མི་སྲིད། གལ་ཏེ་མཇུག་གི་ཚབ་ཨང་10ཡིན་ཚེ“X”ཡིས་ཚབ་བྱེད་ཀྱི་ཡོད། དེའི་རྒྱུ་མཚན་གང་ཡིན་ཞེ་ན། མཇུག་གི་ཚབ་ཨང་10བེད་སྤྱད་ཚེ་མི་དེའི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་ཨང་གྲངས་གི་གྲངས་གནས་19ཆགས་ཀྱི་ཡོད། གྲངས་གནས་19ནི་རྒྱལ་ཁབ་ཀྱི་ཚད་གཞི་ལས་འགལ་བ་མ་ཟད། རང་རྒྱལ་གྱི་རྩིས་རྒྱག་འཕྲུལ་འཁོར་གྱི་བེད་སྤྱོད་མ་ལག་གིས་ཀྱང་གྲངས་གནས་བཅུ་དགུ་ཡོད་པའི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་ཁས་ལེན་གྱི་མེད། “X”ནི་རོ་མའི་ཨང་ཀི་10ཡིན་པས“X”ཡིས་ཨང་ཀི་10ཡི་ཚབ་བྱས་ན་སྤྱི་དམངས་ཀྱི་ཐོབ་ཐང་ལག་ཁྱེར་རྒྱལ་ཁབ་ཀྱི་ཚད་གཞི་དང་མཐུན་གྱི་ཡོད། 

居民身份证的号码是按照国家的标准编制的,由18位组成:前六位为行政区划代码,第七至第十四位为出生日期码,第15至17位为顺序码,第18位为校验码。作为尾号的校验码,是由号码编制单位按统一的公式计算出来的,如果某人的尾号是0-9,都不会出现X,但如果尾号是10,那么就得用X来代替,因为如果用10做尾号,那么此人的身份证就变成了19位,而19位的号码违反了国家标准,并且我国的计算机应用系统也不承认19位的身份证号码。Ⅹ是罗马数字的10,用X来代替10,可以保证公民的身份证符合国家标准。