ཡུལ་བྱའི་རྒྱུན་སྤྱོད་རིམས་འགོག་སྨན་ཁབ་ཀྱི་སྣ་ཁ་དང་བྱ་ཚང་དུག་སེལ་བྱ་ཐབས།
土鸡常用疫苗的种类及鸡舍消毒方法?

发布时间:2019年12月20日

རིམས་འགོག་སྨན་ཁབ་ནི་ནད་གཞིའི་སྐྱེ་དངོས་ཕྲ་རབ་དང་དེའི་ཐོན་དངོས་ལས་བཟོས་པ་མ་ཟད། གཟུགས་པོར་ནད་འགོག་ནུས་པ་སྐྱེ་ཐུབ་པའི་སྐྱེ་དངོས་བཟོས་རྫས་ཤིག་ཡིན་ཞིང་། ནད་དུག་ལས་བཟོས་པར་རིམས་འགོག་སྨན་ཁབ་ཟེར་བ་དང་། དུག་སྲིན་ལས་བཟོས་པར་འབུ་སོན་ཞེས་བརྗོད་ཅིང་། ཡོངས་བསྒྲགས་སུ་རིམས་འགོག་སྨན་ཁབ་ཅེས་འབོད་ཀྱི་ཡོད། མིག་སྔར་སྤྱོད་རྒྱ་ཆེ་བའི་གྲས་སུ་དུག་ཤས་ཆུང་བའི་རིམས་འགོག་སྨན་ཁབ་དང་སྨན་སོན་ཤི་རོའི་སྨན་ཁབ(སྨན་སོན་ཤི་རོ་ཞེས་ཀྱང་ཟེར)ཡོད། དུག་ཤས་ཆུང་བའི་རིམས་འགོག་སྨན་ཁབ་ཀྱི་ནད་འགོག་ནུས་པ་ཤུགས་ཆེ་བ་དང་ཐོན་མྱུར་པོ་ཡོད་ཀྱང་། རྒྱུན་མཐུད་དུས་ཡུན་དེ་ཙམ་རིང་པོ་མེད། རིམས་འགོག་སྨན་ཁབ་ཁག་གཅིག་གི་སྨན་ནད་ཤུགས་ཆེ་ཙམ་ཡོད། སྨན་སོན་ཤི་རོའི་སྨན་ཁབ་ནི་བདེ་འཇགས་ལྡན་པ་དང་། རིམས་འགོག་ནུས་པ་འཕྲལ་མར་མ་ཐོན་ཡང་རྒྱུན་མཐུད་དུས་ཡུན་རིང་པོ་ཡོད། 

(1)གཙང་མ་ཕྱིས་ནས་དུག་སེལ་བྱེད་པ། སྔོན་ལ་ཕྱག་མས་ཐལ་རྡུལ་གཙང་མར་ཕྱག་རྗེས་ཆུ་ཡིས་གཙང་བཤལ་གཏོང་དགོས་པ་མ་ཟད། དག་རྫས་སམ་ཡང་ན་དུག་སེལ་སྨན་རྫས་སྤྱད་ནས་གཙང་མར་ཕྱིས་དགོས། 

(2)སྨན་སྟོར་ནས་དུག་སེལ་བྱེད་པ། སྦྱོར་རྟ་ལེགས་པར་བྱས་པའི་དུག་སེལ་སྨན་ཁུ་བྱ་ཚང་དང་། གཟེབ། སྒྲིག་ཆས། འགྲོ་ལམ་བཅས་སུ་སྟོར་དགོས། 

(3)སྦངས་ནས་དུག་སེལ་བྱེད་པ། སྒྲིག་ཆས་ཆུང་གྲས་དང་མཁོ་ཆས་ཁག་གཅིག་དུག་སེལ་གཞོང་པའི་ནང་སྨན་ཁུས་སྦངས་ཏེ་དུག་སེལ་བྱེད་དགོས། དཔེར་ན་སྒོ་ང་བླུག་སའི་ལྕགས་གཞོང་དང་ཚོད་ལྟའི་ཡོ་ཆས་ལྟ་བུའོ། 

(4)རླངས་པས་དུག་སེལ་བྱེད་པ། དུག་སེལ་སྨན་ཁུ་ལས་ཐོན་པའི་ནད་འབུ་གསོད་པའི་རླངས་པ་སྤྱད་དེ་ནད་གཞི་མེད་པར་བཟོ་དགོས། དེའི་ཁྱད་ཆོས་ཆེ་ཤོས་ནི་སྨན་ཁུ་བྱ་ཚང་གི་ཕྱོགས་གང་སར་སྙོམས་པོ་ཁྱབ་ཐུབ་པ་དང་དུག་སེལ་གཙང་མ་བྱེད་ཐུབ་དེ་ཡིན་ཞིང་། དུས་ཚོད་དང་ནུས་ཤུགས་གྲོན་ཆུང་ཐུབ་པས། བྱ་ཚང་གི་མཁའ་རླུང་སྦགས་བཙོག་བྱུང་སྐབས་སྤྱད་ན་ཤིན་ཏུ་འཚམ་པོ་ཡོད། 


鸡舍常用消毒方法

(1)清洗擦拭消毒:先用扫帚清扫灰尘,再用水冲洗污物,并擦拭干净,可用洗涤剂和消毒剂擦拭。

(2)喷雾消毒:将配制好的消毒剂溶液对鸡舍环境、笼具、设备、道路进行消毒。

(3)浸泡消毒:将一些小型设备和用具放在消毒池内,用药液浸泡消毒,如蛋盘、试验器材等。

(4)熏蒸消毒:将消毒剂经过处理使产生杀菌气体以消灭病原体。共最大优点是熏蒸药物能均匀地分布到禽舍的各个角落,消毒全面彻底并省时省力,特别适用于禽舍内空气污染的消毒。