ཀུ་ཤུའི་སྡོང་པོའི་ནད་འགོག་བཅོས་བྱེད་སྟངས།
苹果树主要病害的防治

发布时间:2019年12月20日

1.ཀུ་ཤུའི་སྡོང་པོ་འདེབས་སྟངས། 

ཀུ་ཤུའི་སྡོང་པོ་འདེབས་སྟངས་ལ་འབྲས་ཤིང་འདེབས་མཁན་ཞིང་པ་ཚོས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། ཀུ་ཤུའི་སྡོང་པོ་འདེབས་སྟངས་ལ་གཙོ་བོ་ཀུ་ཤུའི་ལྡུམ་ར་འཛུགས་སྐྲུན་དང་། ཀུ་ཤུའི་སྡོང་ཕྲུག་གདམ་ག་དང་གསོ་སྤེལ། ནད་དང་ནད་འབུ་འགོག་བཅོས་དང་དོ་དམ་བཅས་ཚུད་ཡོད། 

ཀུ་ཤུའི་སྡོང་པོ་སྐྱེ་འཚར་ལ་ཕན་ཐོགས་ཡོད་པའི་རྒྱུ་རྐྱེན་སྣ་ཚོགས་ཡོད་མེད་ནི་ཀུ་ཤུའི་ལྡུམ་ར་འཛུགས་སྐྱོང་ཡག་པོ་བྱུང་མིན་གྱི་གཞི་འཛིན་ས་ཡིན་ཞིང་། རྒྱུ་རྐྱེན་དེ་དག་ནང་ས་བབ་ཡག་པོ་དང་། ཆུ་འདྲེན་ཆ་རྐྱེན་ཡག་པོ། ས་རྒྱུ་གཤིན་པོ་བཅས་དང་། དེ་བཞིན་ལྡུམ་རའི་རྒྱུན་མཐུད་རྨོ་འདེབས་བྱེད་ནུས་བཅས་ཚུད་ཡོད། 

2.ཀུ་ཤུའི་སྡོང་པོའི་ནད་སྔོན་འགོག་བྱ་ཐབས། 

ཀུ་ཤུའི་སྡོང་པོ་འདེབས་འཛུགས་དང་གཡོག་བྱེད་བྱེད་རིང་། ནད་དང་ནད་འབུའི་གནོད་འཚེ་འགོག་བཅོས་བྱ་རྒྱུ་ནི་ཧ་ཅང་གལ་འགངས་ཆེན་པོ་ཡིན་པས། གཤམ་དུ་ནད་རྟགས་དང་འགོག་བཅོས་བྱེད་སྟངས་གསལ་བཤད་བྱ་རྒྱུ་ཡིན། 

ལོ་མ་ཟགས་པའི་ནད་ཁྲ་ཐིག

ལོ་མ་ཟགས་པའི་ནད་ཁྲ་ཐིག་ནི་ཀུ་ཤུའི་སྡོང་པོར་མཐོང་མང་ཤོས་དང་གནོད་འཚེ་ཆེ་ཤོས་ཀྱི་ནད་ཅིག་རེད། དེས་ཀུ་ཤུའི་སྡོང་པོའི་ལོ་མ་སྔ་པོ་ནས་ཟགས་ཏེ་ཐོན་འབབ་ལ་སྐྱོན་རྒྱག་གི་ཡོད། 

ནད་དེ་རིགས་ཀྱིས་འབྲས་ཤིང་གི་མེ་ཏོག་སྐྱེ་འཚར་ལ་སྐྱོན་རྒྱག་གི་ཡོད་པ་མ་ཟད། དེ་རྗེས་ཀྱི་ལོ་འགའ་ཤས་ནང་དུའང་ཐོན་འབབ་ལ་སྐྱོན་རྒྱག་གི་ཡོད། དེས་ན་དུས་ཐོག་ཏུ་ནད་དེ་རིགས་ཕོག་པའི་ཡལ་ག་རྣམས་གཅོད་དགོས་པ་མ་ཟད། རླུང་འགྲོ་དང་ཉི་འོད་ཕོག་ཡུན་མང་དུ་གཏོང་དགོས། དེ་ནས་ལོ་མ་གསར་པ་སྐྱེ་སྐབས་བདག་སྐྱོང་ཡག་པོ་བྱེད་དགོས་པ་དང་ལོ་མ་གསར་པ་སྐྱེས་ནས་དུས་ཚོད་གང་འཚམས་ཕྱིན་རྗེས་པའོ་ལི་ཨན་ཁེ་སྨན་ཆུ་སྟོར་ནས་འགོག་བཅོས་བྱེད་དགོས་ཤིང་། སྨན་ཆུའི་གར་ཚད་10%ཡས་མས་ཚོད་འཛིན་བྱས་ན་འཚམ་པོ་ཡོད། 

སྐམ་རུལ་ནད། 

ནད་དེ་རིགས་ནི་ཀུ་ཤུའི་སྡོང་པོར་ཕོག་སླ་བའི་ནད་རིགས་གཙོ་བོའི་གྲས་ཤིག་ཡིན་ཞིང་། སྡོང་ཕྲུག་ལ་གནོད་འཚེ་ཆེ་ཙམ་བཟོ་ཡི་ཡོད། ནད་གཞི་དེ་རིགས་ཀྱིས་སྦྱར་ག་རྒྱག་སར་ནད་ཐིག་སྨུག་ནག་ཐོན་པ་མ་ཟད་རིམ་གྱིས་མཆེད་ཀྱི་ཡོད། དེ་གང་འཚམས་མཆེད་རྗེས་ཤིང་འབྲས་རྣམས་སྐམ་གྱི་ཡོད། 

ནད་དེ་རིགས་གཙོ་བོ་སྐྱེ་དངོས་ལག་རྩལ་སྤྱད་ནས་འགོག་བཅོས་བྱེད་དགོས་ཀྱི་ཡོད། དེས་ན་གླིང་ཁ་དང་ཉེ་འཁོར་དུ་ནད་འབུའི་གཉེན་པོ་འཇོག་དགོས་ཤིང་། གལ་ཏེ་གླིང་ཁའི་ནང་ནད་འབུ་དེ་རིགས་ཐོན་ཚེ་ནད་འབུའི་གཉེན་པོས་ཚོད་འཛིན་བྱེད་ཐུབ། དེ་དང་ཆབས་ཅིག་ཞིང་སྨན་སྤྱོད་དགོས། འོན་ཀྱང་ཞིང་སྨན་སྤྱོད་སྐབས་གར་ཚད་དང་སྤྱོད་ཚད་མང་དྲགས་རྒྱུ་མེད། གལ་ཏེ་མང་དྲགས་ན་ནད་འབུའི་གཉེན་པོར་སྐྱོན་རྒྱག་གི་ཡོད། 

ནད་དེ་རིགས་ཀྱིས་ཤིང་འབྲས་ཀྱི་ཆ་ཤས་མི་འདྲ་སར་གནོད་པར་གཞིགས་ཏེ་ཤིང་འབྲས་རུལ་སྐྱོན་འགོག་བཅོས་དང་འབྲས་ཤིང་རྩ་བ་རུལ་སྐྱོན་འགོག་བཅོས་གཉིས་སུ་དབྱེ་ཆོག ཤིང་ཏོག་རུལ་སྐྱོན་འགོག་བཅོས་བྱེད་སྟངས་ནི། གཅིག་ནས་ནད་འགོས་པའི་ལོ་མ་དང་། ཡལ་ག འབྲས་བུ་དུས་ཐོག་ཏུ་བཏོག་སྟེ་ཕྱིར་འདོན་པའམ་ས་སྦས་གཏོང་དགོས། གཉིས་ནས་དུས་ཐོག་ཏུ་ལྡུམ་རའི་ནང་གི་འཁྱིལ་ཆུ་བཤངས་ཏེ་ལྡུམ་རའི་རླུང་འགྲོ་དང་ཉི་འོད་ཕོག་པའི་ཆ་རྐྱེན་ལེགས་སུ་གཏོང་དགོས། གསུམ་ནས་ཞིང་སྨན་སྟོར་དགོས་པ་མ་ཟད་འགྱིག་ཤོག་གཡོགས་དགོས། 


1.苹果树栽培技术

苹果树的栽培技术是果农们关注的热点。总结苹果树的栽培技术,主要包括下面几个方面,苹果园的建立、苹果树幼苗的选择和繁育、病虫害的防治以及花果的管理。

拥有有助于苹果树成长的各种因素是判断苹果园建设好坏的依据,这些要素主要有有利的地形,良好的灌溉条件,肥沃的土壤,以及果园持续耕种的能力。

2.苹果树病害的预防措施

苹果树的种植管理周期中,病虫害的防治是最重要的环节。下面分别对其症状和防治技术进行说明。

斑点落叶病

斑点落叶病是苹果树最常见、且危害最大的苹果树疾病。它的危害是使苹果树落叶早,对产量造成影响。此类疾病还会影响果树花芽的生长,进而还会影响往后几年的产量。因此应该及时将这些病枝进行摘除,并且增加通风和光照;第三种,为在新叶生长的时期,对新叶进行重点保护,并且在新叶生长一段时间后,喷洒宝丽安可湿粉进行防治,浓度为10%左右即可。

干腐病

此类病是苹果树主要的病患之一,会对幼树造成较大伤害。该疾病会使嫁接部位生成黑褐色的病斑,并且会向上扩散。扩散到一定程度,会导致果实的死亡。

该类疾病主要使用生物技术来进行防治。主要是在果园及周围放置病虫的天敌,若果园中出现此类病虫,放置的天敌会对该病虫进行抑制。并且配合使用农药,需要注意的是农药的浓度和使用频率需要不易过大,否则会对病虫的天敌造成伤害。

根据此类疾病对果实不同部位造成的危害,可以分为果实疫腐病防治和果树根茎疫腐病防治。对于前者防治方法为:第一,将患病的病叶、病枝、病果及时进行摘除,移除果园或者进行深埋;第二,及时排除果园内的积水,改善果园的通风和光照条件;第三,喷洒农药,并且进行套袋。