ནོར་ལ་ཆམ་རིམས་ཕོག་པའི་རྒྱུ་རྐྱེན་དང་བཅོས་ཐབས།
牛感冒的原因及防治办法

发布时间:2019年12月20日

ནད་འདི་ཕོག་པ་ནི་གནམ་གཤིས་ལ་འགྱུར་ལྡོག་བྱུང་བ་དང་ཁོ་ར་ཁོར་ཡུག་གི་དྲོད་ཚད་ཧེ་བག་ཆེ་བས་གྲང་ཤུར་བརྒྱབ་ནས་དབུགས་ལམ་གཙོ་བོར་བྱས་པའི་དོས་དྲག་གི་ཚ་དྲོད་རྒྱས་པའི་ནད་ཅིག་རེད།

(གཅིག)འབྱུང་རྐྱེན།

ནོར་གྱི་གསོ་ཚགས་ཆ་རྐྱེན་ཅུང་ཞན་པ་དཔེར་ན། ཕྱུགས་ཚང་སྲིབ་ཅིང་བཞའ་ཚན་ཆེ་བ་དང་རླུང་འཚང་བ་དང་། གནམ་གཤིས་འགྱུར་སྐབས་ཕྱི་རོལ་ཡུལ་གྱི་ཆ་རྐྱེན་ལས་ནོར་ཕྱུགས་འཁྱག་པའམ་ཡང་ན་ཚ་བ་ཆེ་དྲགས་པ་དང་དུས་མཚུངས་མ་གཞི་ནས་ཤེད་མ་ཡག་པོ་མེད་པའི་གནས་ཚུལ་འོག་ནད་འགོག་ནུས་པ་སྐྱོ་རུ་སོང་སྟེ་ནད་འདི་ཕོག་གི་ཡོད།

(གཉིས)ནད་རྟགས།

ནད་འདི་ཕོག་པའི་ནོར་ཕྱུགས་ཉོབ་ཅིང་འགུལ་མི་འདོད་པ་དང་། དུད་ཅིང་ཨམ་ཅོག་ལུག་པ། མིག་ཕྱེད་ཙམ་བཙུམས་པ། མིག་གི་སྐྱི་མོ་དམར་པོ་ཆགས་པ་དང་། སྐྲངས་ནས་མིག་ཆུ་གཏོང་བ་སོགས་ཡོད།

(གསུམ)འགོག་བཅོས།

1.སྨན་བཅོས།

ནད་འདི་བཅོས་པའི་རྩ་དོན་ནི་གཙོ་བོ་ཚ་ཟུག་འཇོམས་པ་དང་རླུང་འཇོམས་གྲང་སེལ་གཙོ་བོར་བྱེད་དགོས་ཤིང་། དེ་ནི་ལུས་པོའི་ནད་འགོག་ནུས་པ་ཞན་དུ་སོང་ནས་ནད་རྟགས་གཞན་ཐོན་རྒྱུ་སྔོན་འགོག་བྱེད་པ་ཞིག་ཡིན། དུག་སྲིན་འགོག་སྨན་ནམ་ཡང་ན་ཧོང་ཨན་རིགས་ཀྱི་སྨན་སྟེར་ཆོག་པ་སྟེ། འཆིང་མེ་སུའུ་ཁེ་500དང་སྨན་འདུས་ཨན་ཅི་པི་ལིན་ཁབ་སྨན་ཧའོ་ཧྲེང་30བསྲེས་ཏེ་ཤ་གནད་ལ་ཉིན་རེར་ཐེངས་གཉིས་རྒྱག་པ་དང་། 5%ཡི་རྒུན་འབྲུམ་མངར་ཆུའི་བཞུ་ཁུ་ཧའོ་ཧྲེང་1000ནས་1500བར་དང་། 15%ཡི་པུན་སྐྱུར་ཀ་པ་ནཱ་ཡི་ཁེ་ཧྥིན་ཁབ་སྨན་ཧའོ་ཧྲེང་20 10%ཡི་གསོ་བཅུད་Cཁབ་སྨན་ཧའོ་ཧྲེང་10བཅས་སྡེབ་གཅིག་ལ་བརྒྱབ་ནས་ཉིན་3བསྟུད་མར་རྒྱག་པ། 30%ཡི་སྨན་ཨན་ནེ་ཅིན་ཧའོ་ཧྲེང་30ཉིན་རེར་ཐེངས་གཉིས་ཤ་གནད་ལ་རྒྱག་དགོས།

2.སྔོན་འགོག

གསོ་ཚགས་གཡོག་བྱེད་ཡག་པོ་བྱེད་པ་དང་ཕྱུགས་ཚང་གི་ཆ་རྐྱེན་ལེགས་སུ་གཏོང་བ་དང་། དགུན་ཁ་གྲང་ངད་མི་ཆེ་བ་དང་དབྱར་ཁ་ཆར་ཆུ་འགོག་དགོས། གསོ་བཅུད་ཆེ་བའི་ལྟོ་སྣོན་དང་སྔོ་རྩ་སྟེར་དགོས།


本病是因气候骤变,环境温差过大,机体受到寒冷刺激所引起的以呼吸道为主的、急性发热性的全身疾病。

(一)病因

由于牛的饲养条件较差,如牛舍阴冷潮湿、走风漏气,当遭遇到天气变化时,就会造成外界条件对牛的应急反应,如过冷或过热,同时再加之牛本身的营养状况不佳,这些都会使牛的抵抗力降低,引起本病的发生。

(二)症状

发病突然,病牛精神沉郁,垂头搭耳,眼半闭,眼结膜充血、肿胀、流泪。

(三) 防治

1.治疗

本病治疗原则主要以解热镇痛、祛风散寒为主,为了防止机体抵抗力减弱,继发其他疾病,可适当使用抗生素或磺胺类药物:青霉素500万单位、复方氨基比林注射液30毫升,混合溶解,肌肉注射,每日2次;5%葡萄糖溶液1000~1500毫升,15%苯甲酸钠咖啡因注射液20毫升,10%维生素C注射液30毫升,一次静脉注射,连用3天;30%安乃近30毫升,每日2次,肌肉注射。

2. 预防

 加强饲养管理,改善牛舍的条件,冬季要注意防止寒冷的刺激,夏季要防止雨淋。要保证营养物质的供应和青绿饲料的饲喂。