གང་ཞིག་ནི་བྱེ་རྡུལ་རླུང་འཚུབ་ཡིན་ནམ།
什么是沙尘暴?

发布时间:2020年02月20日

བྱེ་རྡུལ་རླུང་འཚུབ་ཟེར་བ་ནི་རླུང་དམར་ནང་བྱེ་མ་མང་པོ་འདུས་པར་ཟེར་བ་དང་། བྱེ་མ་དང་ས་མཉམ་དུ་བསྲེས་ནས་གྲོང་གསེབ་དང་གྲོང་རྡལ་དུ་ལྡང་བ་མ་ཟད། ད་དུང་གྲོང་ཁྱེར་ཆེ་འབྲིང་དུ་ལྡང་གི་ཡོད། བྱེ་རྡུལ་རླུང་འཚུབ་ལྡང་སའི་ལྟེ་བའི་ཁུལ་དུ་བྱེ་རླུང་འུར་འུར་དུ་ལྡང་བ་དང་གནམ་འཐིབས་ས་རུབ་ལྟར་ཆགས་ནས་མཁའ་དབྱིངས་སུ་ཐལ་རྡུལ་དང་བྱེ་སེར་གྱིས་ཁེངས་པས་མིག་གིས་སྤྱིར་བཏང་མཐོང་མི་ཐུབ་སྟབས། བྱེ་རྡུལ་རླུང་འཚུབ་ལའང“བྱེ་རྡུལ་རླུང་ནག”ཀྱང་ཟེར་གྱི་ཡོད། བྱེ་རྡུལ་རླུང་འཚུབ་ཀྱི་གནམ་གཤིས་ཆགས་སྟངས་དེ་སྣོད་བཅུད་ཁོར་ཡུག་ཉིན་རེ་བཞིན་ཇེ་སྡུག་ཏུ་ཕྱིན་པ་དང་འབྲེལ་བ་ཐད་ཀར་འབྲེལ་བ་ཡོད། གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་ཕྱིན་པའི་ཤུགས་རྐྱེན་ཐེབས་པ་དང་། ནགས་གཏོར་གསར་སྦོལ་དང་། ཚད་ལས་བརྒལ་ནས་ཕྱུགས་འཚོ། ཆུའི་ཐོན་ཁུངས་གང་བྱུང་སྤྱོད་པ་སོགས་མིའི་རིགས་ཀྱིས་ལུགས་དང་མི་མཐུན་པའི་ངང་རང་བྱུང་ཐོན་ཁུངས་གསར་སྤེལ་བྱས་པའི་དབང་གིས་ས་ཞིང་མང་པོ་བྱེ་ཐང་དུ་གྱུར་ཡོད། སྟོན་དགུན་ནམ་དུས་སུ་རླུང་ཆེན་གྱིས་ས་ངོས་ཀྱི་བྱེ་རྡུལ་ལྡང་ནས་བྱེ་རྡུལ་རླུང་འཚུབ་ཆགས་པ་དང་། གལ་ཏེ་རླུང་བུ་ཤུགས་ཆེན་པོ་ལྡང་ན་བྱེ་རྡུལ་རླུང་འཚུབ་ཆགས་ཀྱི་ཡོད། 


所谓沙尘暴,就是狂风席卷大片沙漠,携沙带土横扫农村、城镇、甚至大中城市。在沙尘暴的中心区域,飞沙走石,天昏地暗,天空中充满了粉尘,黄沙等杂质,能见度为零,所以沙尘暴也被称为“黑风暴“。沙尘暴天气的形成与生态环境的日益恶化有直接的关系。由于全球气候变暖的影响和人类不合理地开发自然资源,如毁林垦荒、过度放牧、滥用水源等人为因素造成了土地的大量荒漠化。在秋冬季节,大风刮起地表的沙尘就形成了沙尘天气;如果风势猛烈就会造成沙尘暴。