ཁྱིམ་ཚང་གི་མེ་གསོད་ཐབས་དབྱེ་བ་གསལ་པོ་ཕྱེ་དགོས།
家庭灭火方法要分清

发布时间:2020年04月10日

ཁྱིམ་ལ་མེ་ཤོར་སྐབས་དངངས་སྐྲག་བྱ་རྒྱུ་མེད་པ་དང་།གལ་སྲིད་མེ་ཆེན་པོ་མེད་ན།མེ་མཆེད་སའི་རྒྱུ་ཆར་གཞིགས་ནས་རང་གིས་མེ་གསོད་དགོས།

1. ཚལ་རྔོ་སྐབས་ཚལ་སླང་ལ་མེ་འབར་ན།ཚལ་སླང་གི་ཁ་གཅོད་རྒྱག་པའམ་གཏུབས་ཟིན་པའི་ཚལ་རྒྱག་པ་ལས་ཚལ་སླང་ནང་ཆུ་བླུག་རྒྱུ་མེད།

2.གལ་སྲིད་ཨ་རག་ཉིང་ཁུའི་བཞུ་མར་སོགས་མགོ་རྟིང་ལོག་ནས་མེ་འབར་ན།འཕྱིད་རས་དང་ཨ་ཅོར་སོགས་ཀྱིས་བཀབ་དགོས་པ་ལས་བཞུས་ནས་མེ་གསོད་རྒྱུ་མེད།

3. ཁྱིམ་སྤྱོད་གློག་ཆས་ལ་མེ་ཤོར་ན་གློག་སྒོ་ཕབ་ནས་གློག་འགོག་པའམ་བསྒར་སྣེ་བཀོག་རྗེས་ཕོ་ཁེབས་དང་གྱོན་གོས་ཀྱིས་བཀབ་པ་ལས་ཐད་ཀར་ཆུ་བཤོས་ནས་མེ་གསོད་རྒྱུ་མེད་དེ།རྒྱུ་མཚན་ནི་ཆུ་ལ་གློག་འཁྱུད་ནས་མི་ལ་རྨས་སྐྱོན་བཟོ་སྲིད།

4. སོལ་རླངས་ཤོར་ནས་མེ་འབར་ཚེ།ཨ་ཅོར་དང་འཕྱིད་རས་སོགས་རློན་པ་བཟོས་ནས་མེ་འབར་ས་དེ་བཀབ་དགོས་པ་དང་ཆབས་ཅིགདབུགས་སྒོ་བཀག་དགོས།

5. གལ་སྲིད་སྡོད་ཁང་ལ་མེ་ཤོར་ན།སྒེའུ་ཁུང་ཏན་ནས་དབྱེ་རྒྱུ་མེད་དེ།རྒྱུ་མཚན་ནི་སྒེའུ་ཁུང་ཕྱེ་ཚེ་ཁང་པར་མཁའ་རླུང་འཁོར་རྒྱུག་བདེ་རུ་ཕྱིན་ནས།གསོ་རླུང་མང་དུ་ཕྱིན་ཏེ་མེ་དེ་བས་ཆེ་བ་འབར་ནས།མེ་ཤོར་བའི་གཞི་ཁྱོན་ཆེ་རུ་འགྲོ་སྲིད།མེ་གསོད་ཡོ་བྱད་དམ་ཐབ་ཚང་དང་གསང་གཅོད་ནང་གི་སྣོད་ཆས་ནང་ཆུ་བླུགས་ཏེ་མེ་གསོད་པ་དང་སྦྲགས།ཉེན་བརྡ་གཏོང་དགོས།


家里着火莫要慌,如果火势不大,可以根据着火物的性质,自己灭火。

1、炒菜时锅里油起火,应采取立即盖上锅盖或倒入切好的蔬菜,千万不要往锅里倒水灭火;

2、如果酒精灯等器皿不慎碰倒引起酒精燃烧,可用抹布、毛巾等物品捂盖灭,千万不要抽打灭火;

3、一旦家用电器着火要立即拉闸断电,或拔下插头,然后用毛毯或被褥、衣物捂盖,千万不要直接用水扑救,因为水导电造成触电伤人;

4、液化气或管道煤气、天然气因漏气着火时,可将毛巾或抹布等侵湿捂住着火点,同时迅速关闭阀门;

5、如果住房室内着火,千万不要打开窗子因为开窗会使室内空气流通畅快,为燃烧提供更多的氧气而燃烧更旺,并使火势蔓延扩大迅速。应使用灭火器或厨房或厕所的器具盛水灭火,同时报警。