དགུན་དུས་དྲོད་ཁང་གི་དྲོད་ཚད་སྙོམ་སྒྲིག་གི“ཐབས་མཆོག་གསུམ”
冬季棚室调控“三要诀”

发布时间:2020年04月10日

རྒྱུན་དུ་དྲོད་ཚད་སྙོམ་སྒྲིག་གི་ཐོན་སྐྱེད་ཐད་སྣེ་མང་འདེབས་གསོའི་ལག་རྩལ་སྤྱོད་དགོས་ཀྱི་ཡོད།དེ་ནི་ཞིང་སར་འགྱིག་ཤོག་བཀབ་ནས་ས་རྒྱུའི་དྲོད་ཚད་གསོག་ནུས་ཆེ་རུ་གཏོང་ཐབས་བྱེད་པར་ཟེར་ཞིང་།འགྱིག་ཤོག་སྟེང་དུ་རྩྭ་སླེ་བཀབ་དགོས་པ་དང་།དེ་རྗེས་གངས་དང་ཆར་པ་ལ་སོགས་ཀྱིས་རྩྭ་ལེ་རློན་པོ་མི་ཆགས་པའི་ཆེད་དུ་དེའི་སྟེང་བསྐྱར་དུ་འགྱིག་ཤོག་སྲབ་མོ་འགེབས་དགོས།དེ་ལྟར་བྱས་ན་དྲོད་ཁང་ནང་གི་དྲོད་ཚད་མཐོ་རུ་འགྲོ་ཐུབ།

དྲོད་ཚད་སྙོམ་སྒྲིག་བྱེད་སྐབས།གཅིག་ནས་དྲོད་ཁང་ནང་དུ་འགྱིག་ཤོག་བཀབ་ནས་དྲོད་ཁང་ནང་གི་ས་རྒྱུའི་བཞའ་ཚན་རླངས་པར་མི་འགྱུར་བ་བྱེད་དགོས་པ་དང་།གཉིས་ནས་འོས་འཚམ་སྐབས་ཆུ་ཚད་རན་པོ་རྒྱག་དགོས།གནམ་དྭངས་དུས་སྔ་དྲོར་ཆུ་རྒྱག་དགོས་པ་དང་།ཉིན་དགུང་རླུང་འགྲོ་ཡོང་ཐབས་བྱས་ནས་ཆུའི་རླངས་པ་འབུད་དགོས།གསུམ་ནས་རླུང་འགྲོ་ཡོང་བ་བྱས་ནས་དྲོད་ཁང་ནང་གི་དྲོད་ཚད་ལ་ཤུགས་རྐྱེན་མི་ཐེབས་པའི་སྔོན་འགྲོའི་ཆ་རྐྱེན་འོག་སྔ་ཙམ་མཁའ་རླུང་བརྗེ་བ་དང་རྟག་ཏུ་མཁའ་རླུང་བརྗེ་དགོས།གནམ་དྭངས་དུས་མཁའ་རླུང་བརྗེ་དགོས་ལ་གནམ་ངན་བསྟན་དུས་ཀྱང་དུས་ཐུང་རླུང་འགྲོ་ཡོང་ཐབས་བྱེད་དགོས།

འོད་འཕྲོ་སྙོམ་སྒྲིག་གི་བྱེད་ཐབས་སྣ་མང་སྤྱད་ནས་དྲོད་ཁང་ནང་དུ་འོད་འཕྲོ་ཡག་པོ་ཡོང་བ་བྱེད་རྒྱུ་ནི་དགུན་དུས་སྔོ་ཚལ་ཡག་པོ་སྐྱེ་བའི་ལག་རྩལ་གྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས།དྲོད་ཁང་གི་འགྱིག་ཤོག་ངོས་ཀྱི་ཐལ་རྡུལ་དང་གངས་གསོག་དང་དེ་བཞིན་དྲོད་ཁང་ནང་ཁུལ་གྱི་འགྱིག་ཤོག་ངོས་ཀྱི་ཆུ་ཟིལ་དང་མཁའ་ཟིལ་དུས་ཐོག་ཏུ་གཙང་སེལ་བྱས་ནས།དྲོད་ཁང་གི་འགྱིག་ཤོག་དྭངས་གསལ་ཡོང་བ་བྱས་ཏེ་དྲོད་ཁང་གི་འགྱིག་ཤོག་ནས་ཉི་འོད་འཕྲོ་ཚད་མཐོ་རུ་གཏོང་དགོས།གཞན་ཡང་དྲོད་ཚད་ལ་ཤུགས་རྐྱེན་མི་ཐེབས་པའི་སྔོན་འགྲོའི་ཆ་རྐྱེན་འོག་རྩྭ་སླེ་སྔ་ཙམ་བཤུ་བ་དང་ཕྱི་ཙམ་བཀབ་སྟེ་སྔོ་ཚལ་ལ་འོད་ཕོག་ཡུན་རིང་དུ་གཏོང་དགོས།


可防止雨雪淋湿草帘,有效提高棚内调控温度生产上通常采用多重覆盖栽培技术,就是在地面覆盖地膜,增加土壤的容热量;在棚膜上盖草帘,在草帘上再加盖一层塑料薄膜,温度。通过这样多重覆盖,大棚内温度可以增加3℃~5℃,具有很好的防寒保温效果。

调控湿度一是棚内地膜覆盖,减少棚内土壤水分蒸发;二是适时、适量浇水,浇水应在晴天上午,中午通风换气,排出水气;三注意通风换气,在不影响棚内温度条件的情况下,要早通风,勤通风。不仅在晴天要通风,阴雨天也要进行短时通风。

调控光照采取多种方式改善棚内光照是冬季管理的重要技术措施,要随时清除棚膜表面的灰尘、积雪以及膜下水滴、水雾,经常保持棚膜干净透明,提高棚膜的透光率。另外,在不影响温度的前提下,草帘应尽量早揭晚盖,以延长蔬菜的光照时间。