སྔོ་ཚལ་དྲོད་ཁང་ནང་གནོད་འབུ་མི་འཛུལ་བ་བྱེད་དགོས།
做好棚室隔离防止虫害

发布时间:2020年04月10日

དྲོད་ཁང་ཕྱི་ནང་ལོགས་སུ་དབྱེ་དགོས།དྲོད་ཁང་གི་མཐའ་འཁོར་དུ་རྩྭ་རས་གཡོགས་དགོས་པ་དང་།རླུང་འགྲོ་སར་གནོད་འབུ་འགོག་པའི་དྲ་བ་གཏོང་དགོས།དེ་ནི་དྲོད་ཁང་ནང་གནོད་འབུ་མི་འཛུལ་བར་སྔོག་འགོག་གི་བྱེད་ཐབས་ཡག་ཤོས་ཤིག་རེད།

དྲོད་ཁང་ནང་མི་སྣ་འགྲོ་འོང་བྱེད་སྐབས་དུག་སེལ་བྱེད་དགོས།ཉིན་ལྟར་མི་སྣ་འགྲོ་འོང་བྱེད་པ་ནི་གནོད་འབུ་མཆེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན།དྲོད་ཁང་གི་སྒོ་འགྲམ་དུ་སྨི་གཉིས་ཡན་གྱི་རྡོ་ཞོ་དཀར་པོ་ཞིབ་ཞིབ་བཤོ་དགོས་པའམ་ཡང་ན་དྲོད་ཁང་ནས་འགྲོ་འོང་བྱེད་སྐབས་ལྷམ་བརྗེ་དགོས།དེ་ལྟར་བྱས་ཚེ་དུག་སེལ་གྱི་ནུས་པ་ངེས་ཅན་ཞིག་ཐོན་པ་དང་།མི་སྣ་འགྲོ་འོང་དབང་གིས་གནོད་འབུ་མི་མཆེད་པའི་སྔོན་འགོག་བྱེད་ཐུབ།

མྱུ་གུར་བརྟག་དཔྱད་ཡག་པོ་བྱེད་དགོས།མྱུ་གུ་སྐྱེ་འཚར་ཡག་པོ་དགོས་ན།ཐོག་མར་མྱུ་གུ་སྦོམ་པོ་ཡོང་བའི་འགན་ལེན་བྱེད་དགོས་ཤིང་།མྱུ་གུའི་སྐྱེ་ཚུལ་དང་།ལོ་མ།རྐང་ཡུ་སོགས་ལ་བརྟག་དཔྱད་ཞིབ་ཕྲ་བྱེད་དགོས།རྨ་ཤུལ་ལམ་ཡང་ན་ནད་རྟགས་ཡོད་པ་ཤེས་འཕྲལ་སྔོན་ལ་མྱུ་གུར་དུག་སེལ་ཡག་པོ་བྱས་ནས་དྲོད་ཁང་དུ་འཛུལ་ནས་མྱུ་གུ་རྩྭ་སྤོས་རྒྱག་དགོས།


隔离棚室内外。棚室周围铺设防草布,通风口设置严密的防虫网,是隔离棚室内外,防止虫害传播的重要手段。

人员进出消毒。人员每天的进出,也是导致病虫传播的重要途径。可在棚室门口撒施2米以上的石灰粉,或者进出更换鞋子,可以起到一定的消毒作用,避免病虫随人员传播。

做好苗子检查。想要让苗子生长良好,首先要确保苗子健壮,仔细检查苗子生长点、叶片、茎秆、根系等部位,做到全面细致,一旦发现有病斑或等有害症状,要先做好苗子消毒,再进棚定植。