ཁང་པའི་ནང་མཁའ་རླུང་གཙང་མ་ཡོང་བར་རྩི་ཤིང་འཛུགས་པ་ལས་རླུང་འགྲོ་ཡོང་ཐབས་བྱས་ན་ལེགས།
净化空气 绿植不如通风

发布时间:2020年04月10日

ཨ་རིའི་ཏེ་ལེ་སའེ་ཨེར་སློབ་ཆེན་བཟོ་སྐྲུན་བཟོ་བཀོད་སློབ་གླིང་གི་ཞིབ་འཇུག་པས་ཤེས་རྟོགས་བྱུང་བ་ལྟར་ན།ཁྱིམ་མམ་ཡང་ན་གཞུང་ལས་ཁང་དུ་ཁོག་མའི་ནང་གི་རྩི་ཤིང་བཏབ་ན་མཛེས་པོ་ཡོད་ཀྱང་།དེ་ཚོས་ཁང་པའི་ནང་གི་མཁའ་རླུང་གི་སྤུས་ཚད་ལ་འགྱུར་ལྡོག་གཏོང་ཐབས་བྲལ་ཡོད།མཁའ་རླུང་གཙང་མ་བཟོ་བར་ཁོག་མའི་ནང་གི་རྩི་ཤིང་ལས་རང་བྱུང་རླུང་འགྲོ་ལྡབ་ཁ་ཤས་ཀྱིས་ལེགས་པ་ཡོད།

ཞིབ་འཇུག་མི་སྣས“མཁའ་རླུང་གཙང་མ་འདོན་ཚད”ཀྱི་བྱེད་ཐབས་ལ་ཞིབ་དཔྱད་བྱས་པ་བརྒྱུད།རྩི་ཤིང་གིས་ཁང་པའི་ནང་ཡལ་སླའི་སྐྱེ་ལྡན་དངོས་པོ་འབུད་པའི་མྱུར་ཚད་དེ་རྒྱུན་གཏན་གྱི་མཁའ་རླུང་བརྗེ་ཚད་ལས་ལྡབ་ཁ་ཤས་ཀྱིས་དམའ་བ་ཡོད།དེ་ཐོག་ནས་རྩི་ཤིང་གིས་ཁང་པའི་ནང་གི་མཁའ་རླུང་གི་སྤུས་ཚད་སྤྱི་ཡོངས་ལེགས་སུ་གཏོང་བར་ནུས་པ་ཆེན་པོ་ཐོན་གྱི་མེད་པ་ར་འཕྲོད་ཐུབ་ཀྱི་ཡོད།བསྡོམས་རྩིས་ལ་གཞིགས་ན།སྨི་ངོས་གྲུ་རེར་ཁོག་མ་བཅུ་ཡན་གྱི་རྩི་ཤིང་དགོས།དེ་ལྟར་བྱས་ཚེ་སྐྲུན་དངོས་ཀྱི་རླུང་འགྲོའི་སྒོ་དང་སྒེའུ་ཁུང་ལྟར་གྱི་མཁའ་རླུང་གཙང་བཟོའི་ནུས་པ་འདྲ་པོ་ཐོན་གྱི་ཡོད།དེར་བརྟེན་ཁང་པའི་རྩི་ཤིང་མང་པོ་གསོ་བ་ལས་སྒེའུ་ཁུང་ཕྱེ་ན་ལེགས་ཤོས་རེད།


美国德雷塞尔大学建筑工程学院的研究者发现,虽然植物有助于美化家庭或办公空间,但它们几乎无法改善室内空气质量,自然通风在清洁空气方面的效率远超盆栽植物。

研究人员运用一种名为“清洁空气输送率”的方法测评后发现,植物在室内消散挥发性有机化合物的速度比标准空气交换速率慢几个数量级。这证明,植物对室内空气质量的总体改善无关紧要。根据计算,每平方米需要10盆以上的植物,才能与建筑物通风系统的净化能力相媲美。因此,养那么多植物还不如打开窗户。