ནང་མིའི་དབར་གྱི་བརྩེ་དུང་གིས་གཅོང་ནད་འགོག་པར་ཕན།
家人的爱有助防慢性病

发布时间:2020年04月10日

《ཁྱིམ་ཚང་གི་སེམས་ཁམས་རིག་པའི་དུས་དེབ》ཐོག་བཀོད་པའི་ཞིབ་འཇུག་སྙན་ཞུ་ཞིག་གི་རྩོམ་པ་པོ་དང་པོ་ཏེ་ཁེ་ས་སི་སློབ་ཆེན་རྡར་ལ་སི་ལྷོ་ནུབ་གསོ་རིག་ལྟེ་གནས་ཀྱི་ཁྱིམ་ཚང་དང་སྡེ་ཁུལ་གྱི་གསོ་རིག་ལས་རོགས་དགེ་རྒན་ཆེ་མོ་བ་སཱ་ལ·B·ཝུའུ་ཙི་ཡིས་དགའ་རོགས་དང་བསྡུར་ན་ཕ་མ་སྤུན་མཆེད་དབར་གྱི་བརྩེ་དུང་དང་རྒྱབ་སྐྱོར་གྱིས་ཚོད་ལྟར་ཞུགས་མཁན་གྱི་བདེ་ཐང་ལ་དེ་བས་ཕན་ཐོགས་ཆེ་བ་ཡོད་པ་རེད། གང་ཡིན་ཟེར་ན། ཁྲག་རྒྱུད་ཀྱི་འབྲེལ་བ་དེ་བས་བརྟན་ལ་ཡུན་རིང་བ་ཡོད་པའི་རྐྱེན་གྱིས་ཡིན་སྲིད་ཅེས་བརྗོད་ཡོད། ཞིབ་འཇུག་གི་འབྲས་བུ་དེའི་དབང་གིས་སྨན་དོན་མི་སྣས་ནད་པ་དར་མར་ཚོད་སྐོར་དང་སྨན་བཅོས་བྱེད་སྐབས་ཁོང་ཚོའི་ཁྱིམ་ཚང་འབྲེལ་བར་བསམ་བློ་མང་ཙམ་གཏོང་དགོས་ཚུལ་བཏོན་ཡོད།  “གཅོང་ནད་ཕོག་པའི་དར་མའི་ངོས་ནས་བརྗོད་ན་བརྩེ་དུང་ཟབ་པའི་ཁྱིམ་ཚང་གི་འབྲེལ་བས་ནད་གཞི་དེ་རིགས་བཅོས་པར་ཕན་ཐོགས་ཡོད། དེས་ན་ངས་ནད་པ་སྨན་བཅོས་བྱེད་སྐབས་ནང་མི་མཉམ་དུ་ཡོང་བའི་སྐུལ་ལྕག་བྱེད་ཀྱི་ཡོད”


研究报告发表在《家庭心理学期刊》上,第一作者、得克萨斯大学达拉斯西南医学中心家庭与社区医学助理教授萨拉·B·伍兹表示,与亲密伴侣相比,父母和兄弟姐妹的爱与支持对参试者的健康影响更大,这也许是因为血缘关系更稳定而长久。该研究结果表明,医护人员在评估和治疗中年病患时,应该多考虑他们的家庭关系。“对于已经患上慢性病的成年人而言,积极的家庭情感氛围有助疾病治疗。因此,我鼓励患者就诊时由家人陪同。”