བུད་མེད་ཀྱི་ནད་འགོག་ནུས་པ་སྐྱེས་པ་ལས་ཡག་པོ་ཡོད་དམ།
女性免疫力比男性强?

发布时间:2020年04月10日

ནད་འགོག་མ་ལག་ཅུང་ལེགས་པ་ལས་བུད་མེད་ལ་དེ་བས་སྤྲོ་སྣང་ལྡན་སླ།ཞིབ་འཇུག་ལས་མངོན་པར།སྐྱེས་པར་སྐྲན་ནད་ཕོག་ཚད་ནི་བུད་མེད་ཀྱི་ལྡབ་2ནས་5བར་ཡིན་ཞིང་།རྨས་སྐྱོན་ཕོག་རྗེས་བུད་མེད་སླར་གསོ་ཡོང་སླ།ཞིབ་འཇུག་ཞིག་ལས་མངོན་པར།བུད་མེད་ལ་སྲིན་འབུ་དང་ནད་དུག་ལས་ནད་གཞི་འགོ་སླ་པོ་མེད།དངོས་ཡོད་འཚོ་བའི་ནང་ལའང་ཞིབ་འཇུག་འབྲས་བུ་ཁག་གཅིག་ར་སྤྲོད་བྱུང་ནས་ནད་གཞི་གཅིག་པས་མནར་ནའང་སྐྱེས་པ་དང་བསྡུར་ན་བུད་མེད་དེ་བས་བློ་བག་ཡངས་བ་ཡོད་པ་རེད།

“ཆགས་རྩིའི་རྒྱུ་རྐྱེན་ལས་བུད་མེད་ཀྱི་ནད་འགོག་མ་ལག་ནུས་པ་སྐྱེས་པ་ལས་དངོས་སུ་ལེགས་པ་ཡོད་ལ་ལྷག་དོན་དུ་ནད་གཞི་འགོ་རྒྱུ་སྔོན་འགོག་ཐུབ་པའི་ཐད་ཧ་ཅང་གིས་ལེགས་པ་ཡོད་པ་རེད”ཡིན་ནའང་པེ་ཅིང་སློབ་ཆེན་གསོ་རིག་པུའི་རྨང་གཞིའི་གསོ་རིག་སློབ་གླིང་ནད་འགོག་རིག་པའི་ཚན་ཁག་གི་དགེ་རྒན་ཆེ་མོ་བ་ཝང་གཡོད་ཏན་གྱིས་མོ་གཤིས་སྐུལ་རྒྱུ་ལས་ནད་འགོག་ཕྲ་ཕུང་གི་ནུས་པར་ཧ་ཅང་གལ་འགངས་ཆེ་བའི་སྙོམ་སྒྲིག་ནུས་པ་ཐོན་པར་བརྟེན་བུད་མེད་ཀྱི་ནད་འགོག་མ་ལག་ལ་གསོན་ཤུགས་དེ་བས་ཆེ་བ་ལྡན་ཡོད།ཡིན་ནའང་དུས་མཚུངས་སུ་རྒྱུད་ཁོངས་རང་བཞིན་གྱི་དམར་གཉན་སོགས་རང་ངོས་ཀྱི་ནད་འགོག་ནད་གཞི་ཕོག་ཚད་ཀྱང་མཐོ་ཙམ་ཡོད་ཅེས་བཤད་པ་རེད།


较强的免疫系统使得女性更容易快乐。有研究称,男性患癌的几率是女性的2—5倍;受到创伤后,女性恢复得较快;另外一些研究显示,女性更不容易因为细菌和病毒感染而患上疾病。现实生活中的确也印证了某些研究的结果,即便是同样受疾病折磨,和男性比起来女性也会显得更乐观一些。

“就是因为性激素的原因,女性的免疫系统功能确实比男性更好,特别是在抗感染方面,表现得尤为突出。”但北京大学医学部基础医学院免疫学系王月丹教授也指出,正是由于雌激素受体对免疫细胞的功能具有非常重要的调控作用,所以,女性免疫系统可能具有更高的活性,但同时其发生系统性红斑狼疮等自身免疫病的机会也高。