ཚན་རིག་དང་མཐུན་པའི་ངང་ཤ་རིད་དུ་གཏོང་བར་སྔོན་ལ་ལྟོ་ཆས་ཡག་པོ་ཟ་དགོས།
科学减肥首先要“吃好”

发布时间:2020年04月14日

ཧུའུ་པེ་ཞིང་ཆེན་ཀྲུང་ལུགས་གསོ་རིག་སྨན་ཁང་གི་རྒྱགས་པའི་ཆེད་ཚན་གྱི་ཀྲུའུ་རེན་ཤའོ་མིང་ཀྲུང་གིས་ཤ་རིད་དུ་གཏོང་སྐབས་ལུས་པོར་ཉིན་ལྟར་མཁོ་བའི་འཚོ་བཅུད་ཁ་གསབ་དགོས་ལ་ཞག་ཚིལ་ལ་ཚོད་འཛིན་ཀྱང་བྱེད་དགོས་ཤིང་།ཤ་རིགས་དང་ཟས་གཙོ་བོ་སྤོང་བ་ནི་མ་འགྲིག་པ་ཞིག་རེད།གང་ལགས་ཤེ་ན་མིའི་ལུས་པོར་ཉིན་ལྟར་སྤུས་ལེགས་སྤྲི་དཀར་ཁེ་70ཡན་མཁོ་བ་དང་།སྤྲི་དཀར་ཡག་ཤོས་ནི་ཤ་རིགས་དང་།ཉ་རིགས།སྒོ་ངའི་རིགས།དཀར་ཕྱུའི་རིགས་བཅས་ནས་ཐོན་གྱི་ཡོད་ཅེས་བཤད་ཡོད།

ཤའོ་མིང་ཀྲུང་གོས་ཤ་རིད་དུ་གཏོང་བ་ནི་ལུས་པོའི་ཚི་ལུ་ཉུང་དུ་གཏོང་ཆེད་ཡིན་པ་ལས་ལྗིད་ཚད་ཁོ་ན་ཆག་ཆེད་མིན།གལ་ཏེ་འཚོ་བཅུད་མི་འདང་ཚེ་ཚི་ལུ་ཉུང་དུ་གཏོང་བ་དང་དུས་མཚུངས་ཤའང་སྐམ་དུ་ཕྱིན་ནས་རྙིང་ཚབ་གསར་ལེན་དམའ་རུ་འགྲོ་བ་དང་གཟུགས་པོ་གཅོང་པོར་གྱུར་གྱི་ཡོད།ཤ་རིད་དུ་གང་བྱུང་བཏང་ན་ཁྲག་མངར་ཆག་པ་མ་ཟད་ད་དུང་ཟུངས་ཁྲག་ཉམས་པ་དང་།ཨོལ་གོང་གཤེར་རྨེན་ནུས་པ་ཚད་ལས་བརྒལ་བ།འཇུ་བྱེད་མ་ལག་གི་ནད་ཕོག་པ་མ་ཟད།ད་དུང་གསང་རྒྱུད་ཟགས་གཤེར་འཁྲུག་པ་དང་།རུས་སོབ་ནད་ཕོག་པ།ཐ་ན་དབང་རྩའི་རང་བཞིན་གྱི་ཟ་ཁ་ལོག་པའི་ནད་ཕོག་གི་ཡོད་ཅེས་བཤད།

ཤའོ་མིང་ཀྲུང་གིས་དྲན་སྐུལ་བྱས་པར།ཤ་རིད་དུ་གཏོང་སྐབས་འཚོ་བཅུད་དོ་སྙོམས་པོ་ཡོང་བ་བྱས་ཏེ་ཐན་ཆུའི་འདྲེས་སྦྱོར་ཟ་མ་དང་།ཞག་ཚིལ།སྤྲི་དཀར།གསོ་བཅུད།འབྲུ་རིགས་ཚི་སྣ་ཅན་བཅས་ངེས་པར་དུ་བསྡུར་ཚད་གཞིར་བཟུང་བཟས་ཏེ་འཚོ་བཅུད་དོ་སྙོམས་དང་ཆ་ཚང་པོ་ཡོང་བྱེད་དགོས་ཤིང་།སྣུམ་དང་།ཚྭ།མངར་ཆ་བཅས་མང་བའི་བཟའ་བཅའ་འཛེམ་དགོས།ལྟོ་དུས་གསུམ་ལུགས་མཐུན་ངང་ཟ་དགོས་པ་དང་ལྷག་དོན་དུ་ཞོགས་ཟས་ངེས་པར་དུ་ཟ་དགོས་ལ་དགུང་ཟས་ཀྱང་ཡག་པོ་ཟ་དགོས།


湖北省中医院肥胖专科主任肖明中说,减肥时既要保证身体每天需要的营养,又要控制热量摄入,完全停止摄入肉类和主食是不对的。这是因为人每天需摄入70克以上的优质蛋白,而肉类、鱼类、蛋类、乳类是最好的蛋白质来源。

肖明中说,减重是为了减掉身体里的脂肪,而不是追求单纯的体重下降。营养摄入不够,会在减掉脂肪的同时也减少肌肉,导致代谢降低和亚健康状态。盲目减肥除了会引起低血糖,还会导致贫血、甲状腺功能亢进、消化系统疾病,内分泌失调、骨质疏松症,甚至导致神经性厌食症。

肖明中提醒,减肥时要均衡营养,要“吃好”,碳水化合物、脂肪、蛋白质、维生素、膳食纤维必须按比例摄入,保证营养素的均衡和完善,避免多油、多盐、多糖食品。要合理分配三餐,特别是早餐一定要吃,午餐要吃好。