བཟའ་བཅའ་དང་བདེ་སྲུང་ཐོན་རྫས་ལ་ལྟ་སྟངས་ཡང་དག་འཛིན་དགོས།
食药监总局:理性看待食品保健品

发布时间:2020年04月14日

བཟའ་བཅའ་སྨན་རིགས་ལྟ་སྡོམ་སྤྱི་ཁྱབ་ཅུས་ཀྱིས་དྲན་སྐུལ་བྱས་པར།འཛད་སྤྱོད་པས་ལག་ཁྱེར་ཆ་ཚང་པོ་ཡོད་པའི་དངོས་གཞིའི་ཚོང་ཁང་དུ་ཐོན་རྫས་ཉོ་བར་སྐྱོད་དགོས་པ་དང་ལྷག་པར་དུ་གཉེར་སྐྱོང་ལག་ཁྱེར་དང་བཟའ་བཅའ་གཉེར་སྐྱོང་ལག་ཁྱེར་ཡོད་མིན་ལ་དོ་སྣང་བྱེད་དགོས།དྲ་རྒྱ་དང་།འདུ་ཚོགས།བརྙན་འཕྲིན།ཐད་ཚོང་།དེ་བཞིན་ཁ་པར་སོགས་བརྒྱུད་ཐོན་རྫས་ཉོ་སྐབས་ཀྱང་མ་ཉོས་གོང་ལ་འོས་ཐོབ་ཆ་འཕྲིན་བདེན་མིན་ལྟ་དགོས།

གཞན་ཡང་འཛད་སྤྱོད་པས་ཐོན་རྫས་ཉོ་སྐབས་ཐུམ་སྒྲིལ་གྱི་ཕྱི་ངོས་སུ་བཀོད་པའི་ཤོག་བྱང་དང་མཚོན་རྟགས་ལ་ཞིབ་པར་བལྟས་ནས“མི་ཉོ་བ་བཞི”བྱེད་ཐུབ་པ་བྱེད་དགོས་པ་སྟེ།བཟོ་གྲྭའི་མིང་དང་།བཟོ་གྲྭའི་ས་གནས།ཐོན་སྐྱེད་ཀྱི་དུས་ཚོད།སྤུས་ཚད་འགན་ལེན་གྱི་དུས་ཚོད་བཅས་བཀོད་མེད་པའི་ཐོན་རྫས་ཉོ་རྒྱུ་མེད་པ་དང་།མཚོན་རྟགས་ཐོག་བཟའ་བཅའ་ཐོན་སྐྱེད་ཀྱི་ཆོག་འཐུས་ལག་ཁྱེར་གྱི་ཨང་རྟགས་མེད་པའི་ཐུམ་སྒྲིལ་བཟའ་བཅའ་ཉོ་རྒྱུ་མེད་པ།མཚོན་རྟགས་སམ་ཡང་ན་གསལ་བཤད་ཡི་གེའི་ནང་རིམས་ནད་སྔོན་འགོག་ཐུབ་པ་དང་སྨན་བཅོས་ཀྱི་ནུས་པ་ལྡན་པའི་སྐོར་འཁོད་པའི་ཐོན་རྫས་ཉོ་རྒྱུ་མེད་པ།མཚོན་རྟགས་ཐོག་བདེ་སྲུང་བཟའ་བཅའི་ཆོག་འཐུས་ཡིག་ཨང་བཀོད་མེད་ཀྱང་བདེ་སྲུང་བཟའ་བཅའ་ཡིན་ཞེས་འཁོད་པའི་ཐོན་རྫས་ཉོ་རྒྱུ་མེད་པ་བཅས་སོ།བཟའ་བཅའ་སྨན་རིགས་ལྟ་སྡོམ་སྤྱི་ཁྱབ་ཅུས་ཀྱིས་དྲན་སྐུལ་བྱས་དོན།བདེ་སྲུང་བཟའ་བཅའི་བརྡ་སྦྱོར་ནང“ཐོན་རྫས་དེས་སྨན་རྫས་ཀྱི་ཚབ་བྱེད་མི་རུང”ཞེས་གསལ་བཤད་བྱས་མེད་པའི་རིགས་ཡིན་ཕྱིན་ཚང་མ་ཉོ་རྒྱུ་མེད་པ་དང་དེ་བཞིན་ཐོན་རྫས་བྲིན་ཚོང་དམིགས་ཡུལ་དུ་བཟུང་བའི་ཤེས་བྱ་འཆད་ཁྲིད་དང་རིགས་གཅིག་མཁས་པའི་སྙན་ཞུ་སོགས་གང་ཞིག་ཡིན་རུང་ཚང་མའི་ནང་མུན་འཐོམས་ཀྱིས་ཞུགས་རྒྱུ་མེད།


食药监总局提醒,消费者应到证照齐全的正规场所购买产品,特别要注意有没有营业执照和食品经营许可证。通过网络、会议、电视、直销和电话等方式购买产品,也应先行确认资质信息。

此外,消费者购买时应仔细查看外包装标签标识相关信息,做好“四不”:不要购买无厂名、厂址、生产日期和保质期的产品;不要购买标签上没有食品生产许可证号的预包装食品;不要购买标签或说明书中提及可以预防疾病、有治疗功能的产品;不要购买标签上没有保健食品批准文号,但声称是保健食品的产品。

食药监总局提醒,保健食品广告中未声明“本品不能代替药物”的,一律不要购买;不要盲目参加任何以产品销售为目的的知识讲座、专家报告等。