ཁྱིམ་བདག་ཀྱང་རྐང་ལག་ཁ་གསུམ་གྱི་ནད་འགོས་གཞི་ཡིན་སྲིད་པ།
家长也可能是手足口病传染源

发布时间:2020年04月14日

རྐང་ལག་ཁ་གསུམ་གྱི་ནད་ནི་བྱིས་པའི་རྒྱུན་ཐོན་ནད་གཞི་ཞིག་རེད།རིམས་འགོག་རིགས་གཅིག་མཁས་ཅན་གྱིས་ངོ་སྤྲོད་བྱས་དོན།རྐང་ལག་ཁ་གསུམ་གྱི་ནད་འགོས་སྲིད་པའི་དར་མ་ཚོའང་ནད་དུག་འགོས་གཞིའི་གྲས་ཤིག་རེད།དེས་ན་ཁྱིམ་ཚང་གི་ཕྲུ་གུའི་ལྟ་སྐྱོང་པ་ཚོས་ཀྱང་རང་ཉིད་ནས་འགོ་བཙུགས་ཏེ་སྔོན་འགོག་བྱ་རྒྱུར་སྣང་ཆེན་བྱེད་དགོས།

ཀན་སུའུ་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་སུའོ་ཡི་སུའོ་ཀྲང་ལིའུ་ཤིན་ཧྥུང་གིས་བཤད་དོན།རྒྱུ་ལམ་གྱི་ནད་དུག་མི་འདྲ་20ལྷག་ཙམ་ལས་རྐང་ལག་ཁ་གསུམ་གྱི་ནད་ཕོག་སྲིད།ལྷག་པར་དུ་བཞའ་ཚན་ཆེ་ལ་ཚ་བ་ཆེ་བའི་ཁོར་ཡུག་ཁྲོད་དུ་ནད་དུག་སྐྱེ་འཕེལ་ཡོང་ནུས་ཆེན་པོ་ཡོད།རྐང་ལག་ཁ་གསུམ་གྱི་ནད་ཕོག་མཁན་མི་ཚོགས་ནི་ལོ་5དང་དེ་མན་གྱི་བྱིས་པ་གཙོ་བོ་རེད།གང་ལགས་ཤེ་ན།ལོ་མཚམས་དེའི་བྱིས་པའི་རིམས་འགོག་ནུས་པ་ཆུང་བས་རེད།བྱིས་པར་ནད་དེ་རིགས་ཕོག་སྐབས་ནད་ཚབས་ཆེ་བ་དང་ཐ་ན་ཤི་བ་སོགས་ཀྱི་ཉེན་ཁ་ཆེན་པོ་ཡོང་གི་ཡོད།

རིགས་གཅིག་མཁས་པས་གྲོས་འགོ་བཏོན་དོན།ལྟ་སྐྱོང་བྱེད་མཁན་གྱིས་བྱིས་པར་ལྟ་སྐྱོང་བྱེད་པ་དང་ཕྲུ་གུ་དམར་འབྱར་གྱི་ཆབ་གདན་བརྗེ་བ་སོགས་ཀྱི་སྐབས་སུ།ལག་པ་གཙང་མར་འཁྲུད་དགོས་པ་དང་།ཕྲུ་གུ་དམར་འབྱར་གྱི་གྱོན་ཆས་དང་།ཕོ་ཁེབས།ཆབ་གདན་བཅས་དུས་ཐོག་ཏུ་བཀྲུས་ནས་ཉི་སྐམ་གཏོང་དགོས་པ།ཕྲུ་གུ་དམར་འབྱར་གྱི་འཇིབ་རུ་དང་འཇིམ་ཏོགདེ་བཞིན་བྱིས་པའི་ཕོར་པ་བཅས་གཙང་མར་འཁྲུད་པ་དང་སྦྲགས་དུག་སེལ་ཡང་བྱེད་དགོས་པ།དེས་མ་ཚད་ད་དུང་མཁའ་རླུང་འགྲོ་རྒྱུག་ཆུང་བ་དང་མི་མང་འདུ་འཛོམས་བྱ་ཡུལ་དུ་ཡག་ཤོས་བྱུང་ན་ཕྲུ་གུ་ཁྲིད་རྒྱུ་མེད།


手足口病是一种儿童常见传染病,疾控专家近日介绍,成年人也会感染手足口病,是病毒的传染源之一,家有小儿的看护人也应该重视自我预防。

甘肃省疾病预防控制中心传染病预防控制所所长刘新凤说,20多种肠道病毒可引起手足口病,尤其在湿热环境下,病毒繁殖能力较强。手足口病发病人群以5岁及以下儿童为主,这主要是由于这一阶段的儿童免疫力低,低龄儿童发病后出现重症、死亡的风险较高。

专家建议,看护人接触儿童前、替幼童更换尿布、处理粪便后均要洗手,婴幼儿的衣被、尿布要及时清洗、曝晒或消毒,婴幼儿使用的奶瓶、奶嘴及儿童使用的餐具应充分清洗和消毒,还应尽量避免带孩子去空气流通差、人群聚集的公众场所。