ཁ་དྲི་ཇི་ལྟར་མེད་པ་བཟོ་དགོས།
怎么消除口臭?

来源:科学原理一点通 发布时间:2020年08月14日

འཚོ་བའི་ཁྲོད་མི་མང་པོ་ཞིག་ཁ་དྲི་བྲོ་བས་མགོ་ན་ནས་བསྡད་ཡོད་པས། འོ་ན་ཁ་དྲི་ཇི་ལྟར་མེད་པ་བཟོ་དགོས།

ཟས་རིགས་གང་དག་གིས་ཁ་དྲི་བྲོ་བར་བྱེད་དམ།

1  ཆང་རག

ཆང་རག་གི་ཉིང་ཁུ་ནི་གཅིན་ཕན་རྫས་ཡིན་པས།  བཏུང་མང་ན་ཁ་དང་ཀླད་པ།  དེ་བཞིན་དུ་གཟུགས་པོར་ཆུ་མི་འདང་ཞིང་།  དེ་དང་སྦྲགས་རྒྱུན་ལྡན་གྱི་ཁ་ཆུ་ཐོན་རྒྱུར་སྐྱོན་རྒྱག་གི་ཡོད། ཁ་ཆུའི་ནང་དྲི་བྲོ་བའི་འབུ་ཕྲ་དབྱེ་ཕྲལ་བྱས་ལ་འབུ་ཕྲ་འདེད་འགྲོ་མཁན་གྱི་དངོས་རྒྱུ་ཡོད་པས། ཆང་རག་ཚད་ལས་བརྒལ་བ་བཏུང་ཚེ་ཁ་དྲི་ཤུགས་ཆེར་འགྲོའོ། །

2 དག་ཅི་བྱེ་རིལ།

མི་མང་པོ་ཞིག་གིས་དག་ཅི་བྱེ་རིལ་གྱིས་ཁ་དྲི་སེལ་ཐུབ་པར་བསམ་གྱི་ཡོད། དོན་ངོ་མར་དེ་ལྟར་མ་ཡིན། དག་ཅི་མང་ཆེ་བར་དབུ་རམ་མམ་འབུ་ཕྲས་དགའ་བའི་ཟས་འདུས་ཤིང་། འབུ་ཕྲས་ཀ་ར་དབྱེ་ཕྲལ་བྱེད་སྐབས་ཟི་འགྱུར་རྫས་ཐོན་གྱི་ཡོད་པས།  དག་ཅིའི་རྗས་དག་ཁ་ནང་ནས་ཡལ་རྗེས་ཁ་དྲི་སྔར་བས་ཀྱང་ཤུགས་ཆེ་རུ་འགྲོ་ཡི་ཡོད།

3 ཤ

ཤ་ཟ་མང་ན། སྤྲི་དཀར་གྱི་ཚད་དེ་གཟུགས་པོའི་དགོས་མཁོ་ལས་བརྒལ་ནས། གཟུགས་པོས་དེ་དག་ཐྰན་ཆུའི་རྗས་ལ་དབྱེ་ཕྲལ་བྱས་ནས་ནུས་རྒྱུར་བེད་སྤྱོད་ཀྱི་ཡོད། དབྱེ་ཕྲལ་གྱི་རྒྱུད་རིམ་ནང་ཨན་(གཅིན་དྲི)ཐོན་ཞིང་། དེ་ཁ་ནས་ལུས་ཕྱིར་འབུད་ཀྱི་ཡོད།

4  ཤིང་འབྲས་སྐམ་པོ།

ཤིང་འབྲས་སྐམ་པོར་འབུ་ཕྲ་མང་པོ་སྐྱེ་བྱེད་ཀྱི་མངར་ཆ་ལྡན་ཞིང་བཞུ་མིན་རང་བཞིན་བཟའ་བཅའི་ཚི་སྣ་ལྡན་པས། ཁ་ནང་དང་སོའི་གསེང་ལ་མངར་ཆ་མང་པོ་གནས་པའོ། །

5  སྒོག་པ་དང་ཙོང་།ཀེའུ་ཚོད་སོགས་དྲི་ངར་བའི་བའི་ཟས་རིགས།

ཁ་དྲི་ཇི་ལྟར་སེལ་དགོས།

1 ཁའི་སྦུག་གཙང་མ་དགོས། སྔ་དགོང་གཉིས་ལ་སོ་ཡག་པོ་འཁྲུས་ནས་ཁ་ནང་གི་ཟས་ཀྱི་སྙིགས་རོ་མེད་པ་བཟོ་དགོས།

2 ལྕེ་བཀྲུ་བ། ལྕེ་བཀྲུས་ན་ཁ་དྲི་ཉུང་དུ་གཏོང་ཐུབ། འོན་ཀྱང་ཐེངས་མང་པོ་བཀྲུས་རྒྱུ་མེད། གཟའ་འཁོར་གཅིག་ལ་ཐེངས་གཅིག་བཀྲུས་ན་ཆོག

3  ཆུ་མང་ཙམ་བཏུང་བ། ཆུ་མང་ཙམ་བཏུང་ན་ཁ་མིད་རློན་པར་གནས་ཐུབ་ལ། ཟས་ཀྱི་སྙིགས་རོ་དག་དེད་ནས་ཁ་དྲི་བྲོ་ཉེན་ཆུང་དུ་གཏོང་ཐུབ།

4  ཇ་མང་ཙམ་བཏུང་བ།

ཇ་མང་ཧྥུན་གྱིས་དྲི་ངན་སློང་བའི་འབུ་ཕྲ་འགོག་པ་དང་དེའི་དྲི་ངན་འགོག་ཐུབ་ལ། ཇ་དྲིས་དྲི་ངན་མང་པོ་ཞིག་མེད་པ་བཟོ་ཡི་ཡོད།

5 དུས་ཐོག་ཏུ་སོ་ལ་བརྟག་དཔྱད་བྱེད་དགོས།

ཉུང་མཐར་ཡང་ལོ་གཅིག་ལ་བརྟག་དཔྱད་ཐེངས་གཅིག་དང་གཙང་བཀྲུས་ཐེངས་གཅིག་བྱེད་དགོས།    སོའི་ནད་ཡོད་ཚེ་དུས་ཐོག་ཏུ་བཅོས་དགོས།

 དེ་མིན་ནད་རྐྱེན་གྱིས་ཁ་དྲི་བྲོ་བ་ཡིན་ཚེ། སྨན་པའི་བརྟག་དཔྱད་བྱས་འབྲས་ལྟར། ནད་བསྟུན་གྱིས་སྨན་བཅོས་བྱས་ནས་དྲག་རྗེས། ཁ་དྲི་ཡང་ཡལ་ལོ། །


生活中,很多人被口臭问题困扰,那么, 如何摆脱尴尬口臭,还原清新口气? 

哪些食物容易导致口臭?

1.酒

酒精是一种利尿剂,饮酒过多容易导致嘴巴、大脑和身体缺水,同时也会阻碍唾液正常分泌。而唾液中有很多可以分解并冲走“有味细菌”的物质,所以,一旦过量饮酒,必然会加重口臭。 

2.薄荷糖

很多人以为薄荷糖可清新口气消除口臭,其实并非如此。大多数薄荷糖含有蔗糖即“细菌的美食”,细菌在分解糖的过程中会释放硫化物,一旦薄荷醇从口中消失,口中怪味会迅速反弹并加重,从而加重口臭。

 3.

吃肉过多,会导致蛋白质摄入量超过身体需求,身体就会将其分解为碳水化物用作能量。分解过程中会产生氨(尿味),它们会通过口腔排出体外。 

4.干果

干果不仅含有大量促进细菌滋生的糖,而且含有大量的不溶性膳食纤维,更容易导致口腔及牙缝间糖的聚集。 

5.大蒜、洋葱、韭菜等辛辣刺激性食物。 

如何消除口臭?

1.保持口腔清洁。至少保证每天清晨及睡前两次刷牙,清除口腔食物残渣。

2.刷舌苔。刷舌苔可大幅降低口腔臭气浓度,但不可太勤,每周一次即可。

3.多喝水。喝水不仅可以保持口腔湿润,而且能够冲刷口腔中的食物残渣,进而减少口臭出现的几率。

4.多喝茶。茶多酚可以抑制致臭细菌的生长和产臭能力,茶香会冲淡一部分口臭的气味。

5.定期看牙。至少每年检查一次牙齿,洗一次牙。若有牙病则要及早就医。

此外,对于疾病引起的口臭,由医生判断是因哪种疾病引起后,针对这种疾病进行治疗,将疾病治好即可消除口臭。