སྣའི་གཉན་ཚད་ཇི་ལྟར་སྔོན་འགོག་བྱེད་དགོས།
如何预防鼻炎发作?

来源:科学原理一点通 发布时间:2020年08月14日

ཧབ་ཆི་རྫོགས་རྒྱུ་མེད་པ་དང་སྣ་ཆུ་རྫོགས་རྒྱུ་མེད་པ། སྣ་ཁུང་འགག་པ་དང་ཟ་འཕྲུག་ལངས་པ་སོགས་སྣའི་གཉན་ཚད་ཀྱི་ནད་དེ་དག་ནད་ཆེན་པོར་མི་སྣང་ཡང་། ནད་ཆུང་ངུ་དེ་དག་གིས་ངུ་མི་ཤེས་གད་མི་ཤེས་བཟོ་ཡི་ཡོད། སྣའི་གཉན་ཚད་ལ་ནད་རྟགས་གང་དག་ཡོད། དེ་དང་ཆམ་པ་དབྱེ་བ་ཇི་ལྟར་ཕྱེ་དགོས། དེ་ལ་སྔོན་འགོག་ཇི་ལྟར་བྱེད་དགོས་ཞེ་ན།

སྣའི་གཉན་ཚད་ལ་ནད་རྟགས་གང་དག་ཡོད་དམ།

1 སྣ་ཁུང་འགག་པ།

རིགས་གཅིག་མཁས་པས་ངོ་སྤྲོད་བྱས་པ་ལྟར་ན། ཚབས་ཆེ་ཆུང་མ་གཏོགས། ཕལ་ཆེ་བའི་ནད་པ་ནི་སྣ་ཁུང་འགག་ཅིང་། སྣ་ཁུང་འགག་ཚེ་ནད་པས་ཁ་ནས་དབུགས་འབྱིན་རྔུབ་བྱེད་དགོས་པས། ཁ་ལྕེ་སྐམ་གྱི་ཡོད། ཚབས་ཆེ་བ་ཡིན་ན་སྣ་འགག་ནས་ཀླད་པར་དབྱང་རླུང་མི་འདང་ཞིང་། དྲན་ཤེས་ཇེ་ཞན་དུ་འགྲོ་བ་དང་། ཐ་ན་ཀླད་སྙིང་ཁྲག་རྩའི་ནད་ཐོན་ཉེན་ཡོད།

2 སྣ་ཁུང་འགག་པ་ཕུད། ད་དུང་སྣའི་གཉན་ཚད་ནད་པར་ཧབ་ཆི་མང་པོ་རྒྱག་པ་དང་སྣ་ཆུ་མང་པོ་ཐོན་གྱི་ཡོད།

3 ཟ་འཕྲུག་ལངས་པ། སྣའི་གཉན་ཚད་ཀྱི་ནད་པ་ཁ་ཤས་ད་དུང་ཟ་འཕྲུག་ལངས་ནས། རང་དབང་མེད་པར་སྣ་ཁུང་འཕུར་མཉེད་དང་རྔོག་པ་སོགས་བྱེད་ཀྱི་ཡོད།

སྣའི་གཉན་ཚད་དང་ཆམ་པ་ཇི་ལྟར་དབྱེ་དགོས་ཀྱི་ཡོད།

ཧབ་ཆི་བརྒྱབ་པ་དང་སྣ་ཆུ་མང་བ། སྣར་ཟ་འཕྲུག་ལངས་པ་སོགས་ནི་ཆམ་པ་དང་འདྲ་བས། མི་མང་པོས་དབྱེ་འབྱེད་མ་ཐུབ་པར་སྣའི་གཉན་ཚད་ཆམ་པ་རེད་བསམ་ནས་བཅོས་ཐབས་བྱེད་ཀྱི་ཡོད།  འོ་ན་གང་འདྲ་བྱས་ཏེ་དེ་གཉིས་པོ་དབྱེ་འབྱེད་བྱེད་དགོས།

ཆམ་པ། ཆམ་པ་བརྒྱབ་ན་ལུས་པོ་ཡོངས་བདེ་པོ་མེད། དཔེར་ན་ཚ་བ་བརྒྱབ་པ་དང་གློ་བརྒྱབ་པ། མིད་པ་ན་བ། རྐང་ལག་ལ་ཤུགས་མེད་པ་ལྟ་བུའོ། སྤྱིར་བཏང་ཉིན་གསུམ་བཞི་ཙམ་སྨན་ཟོས་རྗེས་ཇེ་དྲག་ཏུ་འགྲོ་བ་དང་། གཟའ་འཁོར་གཅིག་ཙམ་གྱི་རྗེས་སུ་ཡོངས་སུ་དྲག་གོ། །

སྣའི་གཉན་ཚད་ནི་རྒྱུན་དུ་སྣའི་ནད་གཙོ་བོར་ཡིན་ཏེ། དུས་ཚོད་རིང་པོར་མི་དྲག་ལ། ཡང་སྐོར་བསྐྱར་སྐོར་དུ་ན་བའོ། །

སྣའི་གཉན་ཚད་ཇི་ལྟར་སྔོན་འགོག་བྱེད་དགོས།

1 ཆུ་གྲང་མོས་སྣ་བཀྲུ་བ། ག་ལེར་སྣབས་ལུད་ཕྱིད་རྗེས། ཆུ་གྲང་མོས་སྣ་བཀྲུ་བའམ་ཡང་ན་རང་དང་འཚམ་པའི་སྣ་འཁྲུས་ཡོ་ཆས་ཀྱི་སྣ་བཀྲུ་དགོས། དེ་ལྟར་བྱུང་ན་སྣའི་འབྱར་སྐྱིའི་ནད་འགོག་ནུས་པ་ཆེ་རུ་འགྲོ་བ་དང་། སྣའི་སྦུག་གི་འབུ་ཕྲ་དང་ནད་དུག་གཙང་སེལ་བྱེད་ཐུབ།

2 གྲང་འགོག་དྲོད་སྲུང་བྱེད་དགོས། གནམ་གཤིས་ཀྱི་འགྱུར་བ་ལ་གཞིགས་ནས་གོས་གྱོན་ཏེ་འཁྱགས་པའི་རྐྱེན་གྱིས་སྣའི་གཉན་ཚད་སློང་བ་སྔོན་འགོག་བྱེད་དགོས།

3 མི་འཕྲོད་པའི་གནད་ལ་གཟོབས་དགོས། ལོ་ལྟར་དུས་ཚོད་ངེས་གཏན་ནང་མི་འཕྲོད་པའི་སྣའི་གཉན་ཚད་ཐོན་པའི་ནད་པ་དག་གིས་ནད་ཐོན་པའི་དུས་ཚིགས་སུ་དེ་བས་གཟབ་ནན་བྱེད་དགོས། གནམ་ངན་ཡིན་ཚེ་ཕྱི་རོལ་དུ་ཉུང་ཙམ་འགྲོ་དགོས། ཁང་པའི་ནང་གི་བཞའ་རློན་རྒྱུན་འཁྱོངས་ཐུབ་ཚེ་ནད་ལ་ཕན་པ་ཡོད།

4 ལུས་ཁམས་ཇེ་ཡག་ཏུ་བཏོང་བ། གནམ་གཤིས་ཡག་པོ་ཡོད་ཚེ་ཕྱི་རོལ་དུ་ལུས་སྦྱོང་བྱེད་པར་འགྲོ་དགོས། ཁང་པའི་རླུང་འགྲོ་ཡག་པོ་དགོས་ཏེ་མཁའ་རླུང་གཙང་མར་གནས་དགོས། འཚོ་བཅུད་དོ་དམ་ཡག་པོ་དགོས་ཏེ། ཚལ་རིགས་དང་ཤིང་འབྲས་མང་ཙམ་ཟ་དགོས།


喷嚏打不停、鼻涕流不止、鼻子又痒又堵……鼻炎看似小病,但这些“恼人”的小毛病却让人非常痛苦。鼻炎有何症状?如何区分鼻炎和感冒?如何预防鼻炎发作? 

鼻炎有何症状表现?

1.鼻塞。专家介绍,九成鼻炎患者都会有鼻塞,只是症状轻重不一。鼻子不通气,患者就会张口呼吸,又会导致口干舌燥。鼻子严重堵塞,会导致大脑缺氧,记忆力下降,甚至引发心脑血管意外。

2.除鼻塞外,鼻炎患者还会有鼻涕特别多和打喷嚏的情况。

3.干痒。有些鼻炎患者还存在干痒症状,导致患者总忍不住去揉、挖鼻子等。 

如何区分鼻炎和感冒?

打喷嚏、流鼻涕、鼻子发痒等症状与感冒症状极为相似,很多人辨别不清,把鼻炎当感冒来治,那么如何区分到底是感冒还是鼻炎呢?

感冒:通常会伴有全身症状,比如发烧、咳嗽、咽喉痛、四肢无力等症状,一般用药3至4天之后就会缓解,一周左右会痊愈。

鼻炎:通常以鼻子的典型症状为主,持续时间较长,还会反复发作。 

如何预防鼻炎发作?

1.冷水洗鼻。先轻轻擤去鼻涕,然后用冷水洗鼻,也可选用适合自己的洗鼻器。这样,不仅能增强鼻黏膜的抗病能力,还有利于清除鼻内潜伏的细菌病毒。

2.防寒保暖。大家应注意天气变化,及时增减衣着,避免受寒,诱发急性鼻炎。

3.预防过敏。每年定期发作的过敏性鼻炎患者,在发病季节应加强预防。此外,刮风天气应减少外出,注意保持室内湿润,有利于减少过敏的发生。

4.增强体质。在天气晴好时,多到室外活动,适当锻炼。房间时常开窗通风,保持空气新鲜。同时,加强营养物质摄入,适当多吃些蔬菜、水果等。