སྲན་ཁུ་བཏུང་མི་རུང་བའི་མི་གང་དག་ཡོད།
哪些人不能喝豆浆?

来源:科学原理一点通 发布时间:2020年08月14日

སྲན་ཁུ་ཞིམ་ལ་འཚོ་བཅུད་ཡག་པོ་ཡོད་པས་མི་མང་པོས་ཞོགས་ཟས་ཀྱི་བཏུང་བྱ་བྱེད་ཀྱི་ཡོད། འོན་ཀྱང་དེ་མི་ཚང་མས་བཏུང་ན་མི་འཚམ་མོ། སྲན་ཁུ་བཏུང་བར་དོ་སྣང་བྱེད་དགོས་པ་གང་དག་ཡོད། མི་གང་དག་སྲན་ཁུ་བཏུང་རྒྱུ་མེད་དམ།

དང་པོ། རྒྱུན་དུ་སྲན་ཁུ་བཏུང་ན་ལེགས་ཆ་གང་དག་ཡོད།

1 སྲན་ཁུའི་ནང་སྐྲན་ནད་འགོག་ཐུབ་པའི་དངོས་རྒྱུའི་རིགས་མང་པོ་ཡོད།

2 སྲན་ཁུ་ནི་ཅཱ་མཐོ་ཞིང་ནཱ་དམའ་ལ། བཟའ་བཅའི་ཚི་སྣ་མཐོ་བའི་ཟས་རིགས་ཤིག་ཡིན་པས། ཁྲག་ཤེད་མཐོ་བ་རྣམས་ལ་འཚམ་པོ་ཡོད།

3  སྲན་མའི་ཚི་སྣས་རྒྱགས་སྣང་བྱིན་པས། གཅིན་པ་མངར་འགྱུར་གྱི་ནད་ཡོད་པ་རྣམས་ཀྱི་ཟས་ལ་ཚོད་འཛིན་བྱེད་ཐུབ་ལ་ལྟོགས་སྣང་ཆུང་དུ་འགྲོ་ཡི་ཡོད། སྲན་ཁུ་ཡང་གཅིན་པ་མངར་འགྱུར་ནད་དང་ལུས་ཤ་རྒྱགས་པ་རྣམས་ལ་འཚམ་པོ་ཡོད།

 གཉིས་པ། སྲན་ཁུ་ཞིམ་པོ་ཡོད་ཀྱང་། མི་དེ་དག་གིས་བཏུང་རྒྱུ་མེད།

1 ཕོ་རྒྱུ་ཡག་པོ་མེད་པ།

སྲན་ཁུ་ནི་གྲང་གཤིས་ཅན་ཞིག་ཡིན་པས། ཟས་ཡག་པོ་མི་འཇུ་བ་དང་། འགག་དྲི་རྒྱག་མང་བས་བཏུང་རྒྱུ་མེད། གང་ཡིན་ཟེར་ན་སྲན་ཁུ་རྩབས་ཀྱི་བྱེད་ལས་ཁྲོད་ཕུ་ཐོན་པས། གྲོད་པ་སྦོས་པ་དང་བཤལ་བའི་མི་དག་བཏུང་རྒྱུ་མེད། དེ་བཞིན་མྱུར་གཤིས་ཅན་གྱི་ཕོ་བའི་གཉན་ཚད་དང་དལ་གཤིས་གཏིང་ངོས་རང་བཞིན་གྱི་ཕོ་བའི་གཉན་ཚད་ཡོད་པས་སྲན་རིགས་ཟོས་ཚེ། ཕོ་སྐྱུར་ལ་ཤུགས་རྐྱེན་ཐེབས་ཏེ་ཟགས་ཐོན་མང་དུ་ཕྱིན་ནས་ནད་ཚབས་ལྗིད་དུ་འགྲོའོ། །

2 གྲུམ་ནད་ཡོད་པ།

གྲུམ་ནད་མང་ཆེ་བ་ནི་ཕུ་རེན་བརྗེ་ཚབ་ཉམས་པ་ལས་བྱུང་བའི་ནད་ཅིག་ཡིན་ཞིང་། སྲན་ཆེན་ལ་ཕུ་རོན་ཕུན་སུམ་ཚོགས་པོ་འདུས་ཡོད། སྲན་ཁུ་ནི་སྲན་ཆེན་གྱིས་བཟོས་པའི་བཏུང་བྱ་ཞིག་ཡིན་པས། གྲུམ་ནད་ཡོད་པ་རྣམས་སྲན་ཁུ་ཉུང་ཙམ་བཏུང་དགོས།

3 དུག་སྲིན་འགོག་སྨན་ཟ་བཞིན་པའི་མི།

སྲན་ཁུ་དང་ཧུང་མེ་སུའུ་འདྲ་བའི་དུག་སྲིན་འགོག་སྨན་མཉམ་དུ་སྤྱོད་རྒྱུ་མེད། གང་ཡིན་ཞེ་ན་དེ་གཉིས་པོའི་བར་རྫས་འགྱུར་འགྱུར་འབྱུང་ཡོང་གི་ཡོད། སྲན་ཁུ་དང་སྲིན་འགོག་དུག་སྲིན་གཉིས་པོའི་བར་སྤྱོད་ཡུན་ཆུ་ཚོད་གཅིག་ཡན་འཇོག་དགོས།

4 གཤག་བཅོས་བྱས་ཟིན་པའམ་ནད་གསོ་བཞིན་པའི་མི།

གཤག་བཅོས་བྱས་ཟིན་པའམ་ནད་གསོ་བཞིན་པའི་མི་དག་གི་གཟུགས་པོའི་འགོག་ཤུགས་ཙུང་སྐྱོ་བ་དང་། ཕོ་རྒྱུའི་བྱེད་ནུས་ཡང་དེ་ཙམ་ཡག་པོ་མེད་པས། གཟུགས་པོ་གསོ་རིན་དུ་གྲང་གཤིས་ཀྱི་སྲན་ཁུ་བཏུང་རྒྱུ་མེད། བཏུང་ཚེ་སྐྱུག་མེར་ལངས་བ་དང་གྲོད་པ་བཤལ་བའོ། །

   སྲན་ཁུ་སྤྱོད་སྟངས་མི་འགྲིག་ཚེ་ལུས་ལ་གནོད་པས། དེ་དག་ལ་དོ་སྣང་བྱེད་དགོས།

1 སྲན་ཁུ་དང་སྨན་མཉམ་དུ་སྤྱོད་མི་ཆོག

2 སྲན་ཁུའི་ནང་བུ་རམ་བླུག་མི་ཆོག  བུ་རམ་ལ་སྐྱེ་ལྡན་སྐྱུར་གྱི་རིགས་མང་པོ་ལྡན་པས། སྲན་ཁུའི་ནང་གི་སྤྲི་དཀར་རྩབས་དང་ཟུང་འབྲེལ་བྱས་ཚེ་མིའི་ལུས་པོས་བསྡུ་ཁག་པོ་ཡོད།

3 སྲན་ཁུ་འཁོལ་དགོས་ལ་བསྐོལ་སྐབས་ཧ་ཡང་གི་ཁེབས་གཅོད་བཀབ་རྒྱུ་མེད། དེ་ལྟར་བྱས་ཚེ་སྲན་ཁུའི་ནང་གི་གནོད་ལྡན་དངོས་རྒྱུ་དག་རླངས་པ་དང་མཉམ་དུ་འབུད་འགྲོའོ། །

4 སྲན་ཁུ་ཚ་དམ་ནང་བླུགས་རྒྱུ་མེད། ཚ་དམ་ནང་བླུགས་ཚེ། འོས་འཚམ་གྱི་དྲོད་ཚད་ཁྲོད་འབུ་ཕྲ་མང་པོ་སྐྱེ་འཕེལ་བྱས་ནས། ཆུ་ཚོད་3ནས་4བར་འཕྲོ་བརླག་འགྲོ་ཡི་ཡོད། ད་དུང་ སྲན་ཁུའི་ནང་གི་འདག་རྫས་ཀྱི་དུག་རྒྱུས་ཚ་དམ་ནང་གི་ཆུ་དྲེག་ཞུ་འབྱེད་བྱེད་ཐུབ་པས་། དེ་འཐུང་རྗེས་མིའི་བདེ་ཐང་ལ་གནོད་ཀྱི་ཡོད། 


豆浆口感醇美,营养丰富,是很多人喜爱的早餐饮品。但是,豆浆并非人人适合。喝豆浆需要注意哪些事?哪些人不能喝豆浆?

一、经常喝豆浆的好处

1.豆浆中含有多种有利于预防癌症的物质。

2.豆浆是一种高钾、低钠、高膳食纤维的食品,是高血压患者的理想食物。

3.大豆中的膳食纤维会增加饱腹感,可以帮助糖尿病患者在控制能量摄入时减轻饥饿感,所以,豆浆也适合糖尿病患者和肥胖人群。

二、豆浆虽然好,但这些人最好少喝

1.肠胃不好的人

豆浆性质偏寒,消化不良、嗝气的人应尽量少喝豆浆;豆浆在酶的作用下能产生气,所以腹胀、腹泻的人尽量不要喝豆浆。另外,急性胃炎和慢性浅表性胃炎者不宜食用豆制品,以免刺激胃酸分泌过多加重病情。

2.有痛风症状的人

痛风大多是由嘌呤代谢障碍所导致的疾病,而大豆富含嘌呤,豆浆是由大豆磨成浆的饮品,所以痛风病人要少喝豆浆。

3.正在服用抗生素的人

豆浆不能与红霉素等抗生素一起服用,因为二者会发生化学反应。喝豆浆与服用抗生素的间隔时间最好在1个小时以上。

4.手术或病后处于恢复期的病人

手术或生病后的人群身体抵抗力普遍较弱,肠胃功能不是很好,因此,在恢复期间最好不要饮用寒性的豆浆,这样容易产生恶心、腹泻等症状。

 豆浆处理不当会伤人,这些事宜要注意:

1.豆浆不可与药同饮。

2.喝豆浆时忌放红糖。红糖含有多种有机酸,与豆浆里的蛋白酶结合后不容易被人体吸收。

3.豆浆必须要煮开,而且煮豆浆时还要注意敞开锅盖,这样才能让豆浆里的有害物质随着水蒸气挥发掉。

4.忌用保温瓶储存豆浆,把豆浆装在保温瓶内,会使瓶内的细菌在温度适宜的条件下大量繁殖,3至4小时后,就会变质。另外,豆浆里的皂毒素还能够溶解暖瓶里的水垢,喝后会危害人体健康。