རྨ་ཁ་ཆུང་ཆུང་བཅོས་དུས་དུག་སེལ་སྨན་ཆུ་ཡང་དག་པ་ཞིག་ཇི་ལྟར་སྤྱོད་དགོས།
小伤口处理,如何正确使用消毒药水?

来源:科学原理一点通 发布时间:2020年08月14日

བརྡབ་སྐྱོན་བྱུང་བའམ་རྨ་བཟོས་པ་ནི་འཚོ་བའི་ཁྲོད་རྒྱུན་དུ་ལྷག་སྲིད་པའི་གནད་ཚུལ་ཞིག་རེད། ཁྱིམ་ཚང་མང་པོ་ཞིག་ལ་ཡང་རྒྱུན་དུ་དུག་སེལ་སྨན་ཆུ་རིགས་མང་པོ་གྲ་སྒྲིག་བྱས་ནས་བཞག་གི་ཡོད། འོ་ན། དེ་དག་སྤྱོད་དུས་དོ་སྣང་བྱེད་དགོས་པ་གང་དག་ཡོད།

75%ཨ་རག་ཉིང་ཁུ།

ཐད་ཀར་རྨ་ཁར་བྱུག་རྒྱུ་མེད། ཐད་ཀར་བྱུག་ཚེ་རྨ་ཁར་ཟུག་གཟེར་བརྒྱབ་ནས་ན་ཚ་ཆེན་པོ་བཏང་ལ་རྨ་ཁའི་སྤྲི་དཀར་འཁེང་ནས་དྲག་པར་སྐྱོན་བྱེད་ཀྱི་ཡོད།  རྨ་ཁའི་འགྲམ་གྱི་པགས་པར་དུག་སེལ་བྱེད་ན་ཡག་པོ་ཡོད་ཅིང་། རྨ་ཁ་ཆེ་བ་དང་རྨ་ཁའི་ནང་། དེ་བཞིན་དུ་ཁ་མིག་སྣ་གསུམ་དུ་དུག་སེལ་བྱ་རྒྱུ་མེད།

ཏེན་ཅིའུ།

ཨ་རག་ཉིང་ཁུ་དང་བསྡུར་ན་ཏེན་ཅིའུ་ཕན་ནུས་དེ་བས་བཟང་བ་ཡོད། རྨ་ཁའི་ཉེ་འགྲམ་ལ་དུག་སེལ་བྱེད་ཆོག  འོན་ཀྱང་རྨ་ཁའི་ནང་ལ་དུག་སེལ་བྱེད་མི་ཆོག དེ་མིན་གྱི་ཏེན་ཅིའུ་མི་འཕྲོད་པ་རྣམས་ཀྱིས་སྤྱོད་མི་ཆོག

ཏེན་ཧྥུ།

ཏེན་ཧྥུ་ཐད་ཀར་འབྱར་སྐྱིའི་ཐོག་ཏུ་དུག་སེལ་བྱེད་ཆོག པགས་པའི་འབྱར་སྐྱི་ལ་

ན་ཟུག་མེད་ལ་རུལ་ཟད་ཀྱང་མེད། རྨ་ཁའི་ངོས་སུ་སྲུང་སྐྱོབ་ཀྱི་སྐྱི་མ་ཞིག་གྲུབ་ནས་འབུ་ཕྲ་དང་རྡུལ་གྱིས་ཡང་བསྐྱར་གནོད་ཐུབ་ཀྱི་མེད། དེ་ལ་དོ་སྣང་བྱེད་དགོས་པ་ནི་ཏེན་ཅིའུ་མི་འཕྲོད་པ་དང་ཅཱ་འགོག་རང་བཞིན་གྱི་ནད་པས་སྤྱོད་དུས་གཟབ་དགོས། ཞབས་གྲུམ་ལྟ་བུར་ཡང་ཏེན་ཧྥུས་དུག་སེལ་བྱེད་མི་ཆོག

ཆུ་དབྱང་གཉིས་ཅན།

སྨན་བཅོས་ཀྱི་ཆུ་དབྱང་གཉིས་ཅན་ནི་དབྱང་འགྱུར་ཅན་ཡིན་པས། རྨ་ཁར་འབྱུག་ཚེ་འཚིག་པའི་ཚོར་བ་ལྡན་ཡང་བདེ་འཇགས་ཚ་བ་ཡོད། རྨ་ཡོད་པའི་པགས་པར་སྔོན་ལ་ཆུ་དབྱང་གཉིས་ཅན་གྱིས་བཀྲུས་ཤིང་དེ་ནས་སྨན་ཆུ་གཞན་གྱི་དུག་སེལ་ཐེངས་གཉིས་པ་བྱེད་ཆོག འོན་ཀྱང་ཆུ་དབྱང་གཉིས་ཅན་གྱིས་པགས་པ་འཚིག་ཉེན་ཡོད་པས། གར་ཚད་ལ་ཚོད་འཛིན་ཡག་པོ་བྱེད་དགོས། བརྒྱ་ཆ་གསུམ་ལས་བརྒལ་མི་རུང་།

སྨན་ཆུ་དམར་པོ།

སྨན་ཆུ་དམར་པོའི་ནུས་པ་གཙོ་བོ་ནི་འབུ་ཕྲ་འགོག་པ་དེ་ཡིན། འོན་ཀྱང་དེའི་འབུ་ཕྲ་གསོད་ནུས་ཧ་ཅང་ཞན་པས། གཙོ་བོ་ཤ་སྐྱིའི་སྟེང་གི་འབྱར་སྐྱི་ལ་དུག་སེལ་བྱེད་པར་སྤྱོད་ཀྱི་ཡོད།

སྨན་ཆུ་སྨུག་པོ།

སྨན་ཆུ་སྨུག་པོའི་འབུ་ཕྲ་གསོད་ནུས་སྨན་ཆུ་དམར་པོ་ལས་ཅུང་ཆེ་བ་ཡོད། གཙོ་བོ་གཤེར་གཟུགས་སིམ་ཐོན་རང་བཞིན་གྱི་རྨ་ཁ་གཏིང་རིང་པོ་མིན་པར་སྤྱོད་ཀྱི་ཡོད། དོ་སྣང་བྱེད་དགོས་པ་ཞིག་ལ། གལ་ཏེ་ངོ་གདོང་ལ་སྨུག་པོའི་རང་བཞིན་གྱི་གནོད་འཚེ་ཡོད་ན། སྨན་ཆུ་སྨུག་པོའི་རིགས་བཀོལ་བར་གཟབ་དགོས། དེའི་ཚོན་མདོག་པགས་པར་འཐིམ་ཉེན་ཡོད།

 དུག་སེལ་སྨན་ཆུ་རྨ་ཁར་སྤྱོད་སྐབས། ད་དུང་དོ་སྣང་བྱེད་དགོས་པ་གང་དག་ཡོད།

1 ཏེན་ཅིའུ་དང་ཏེན་ཧྥུ་གཉིས་སྨན་ཆུ་དམར་པོ་དང་མཉམ་དུ་སྤྱོད་མི་རུང་།

2 ཡང་སྐོར་བསྐྱར་སྐོར་དུ་དུག་སེལ་སྨན་ཆུས་རྨ་ཁ་བཀྲུ་རྒྱུ་མེད།

ཏེན་ཧྥུ་དང་ཨ་རག་ཉིང་ཁུ། ཆུ་དབྱང་གཉིས་ཅན་སོགས་ཀྱི་དུག་སེལ་སྨན་ཆུས་ ཤ་གསར་ཕུང་གྲུབ་ལ་གཏོར་སྐྱོན་བཟོ་སྲིད་ལ། ཕྲ་ཕུང་དཀར་པོའི་གྲུང་གཤིས་ཇེ་དམའ་རུ་བཏང་ནས་རྨ་ཁ་སོས་པར་ཤུགས་རྐྱེན་ཐེབས་པས། ཡང་སྐོར་བསྐྱར་སྐོར་དུ་སྤྱོད་རྒྱུ་མེད།


磕破、擦伤是日常生活中常见的皮肤损伤,许多家庭也都常备着各类消毒药水,以备不时之需,那么,使用这些消毒药水时要注意些什么呢?

75%酒精

不能直接涂擦伤口,因为它会刺激伤口,让人疼痛难受,还会使创面蛋白凝固,影响伤口愈合。可用于伤口周围皮肤的消毒,不适宜用于较大创口、伤口内的消毒,以及眼、鼻、口等黏膜部位的消毒。 

碘酒

相对于酒精,碘酒消毒效果更好,可用来消毒伤口周围的皮肤,但也不能涂在伤口上。此外,对碘过敏的群体不可使用。                                               44.png

碘伏

碘伏可直接用到黏膜上进行消毒,对皮肤黏膜无刺激、无腐蚀,可在创面上形成一层保护膜,不易让细菌及尘埃再次侵入伤口。还需注意的是,对碘过敏者以及甲亢病人应慎用碘伏,褥疮等感染伤口,也不能仅用碘伏来处理。

双氧水:医用双氧水具有氧化性,擦拭到创伤面,会有灼烧感,但安全性较高。对于有创皮肤的处理,可先用医用双氧水清洗,再用其他消毒药水做二次处理。但是,使用双氧水时要严格控制浓度,不能高于3%,以免引起局部皮肤烧伤。

红药水:红药水主要作用是抑菌,但它的杀菌作用很弱,主要用于表浅的皮肤黏膜消毒。

紫药水:紫药水的杀菌作用相较于红药水来说稍微强一点,主要用于液体渗出性的表浅伤口。需要注意的是,如果面部有溃疡性损害,要慎用紫药水,因为紫药水的色素会长进真皮,造成皮肤着色。

用消毒药水处理伤口,还需注意这些事!

1.碘酒、碘伏不能和红药水一起用

2.不可反复使用消毒药水处理伤口

碘伏、酒精、双氧水等消毒药水,可能会破坏新鲜肉芽组织,减低白细胞活性而影响伤口愈合,所以不可反复频繁使用。