ཆུ་ཚན་བརྒལ་ན་བདེ་ཐང་ལ་ཕན་ནམ།
泡温泉对健康有益吗?

来源:科学原理一点通 发布时间:2020年08月14日

ཆུ་ཚན་བརྒལ་བ་ནི་ངལ་གསོ་ཞིང་ལུས་གསོ་སྟངས་ཡག་པོ་ཞིག་ཡིན་པས་མི་མང་ཆེ་བས་དགའ་པོ་བྱེད་ཀྱི་ཡོད།  གྲང་ངར་གྱི་ཁྲོད་དུ་དེས་ལུས་སེམས་ལ་དྲོད་སྣང་བྱིན་པས་དེ་བས་བདེ་སྣང་ཞིག་སྤྲད་ཀྱི་ཡོད། འོ་ན། ཁྱོད་ཀྱི་ཆུ་ཚན་ཇི་ལྟར་འབྱུང་བ་དང་ཕན་གང་འདྲ་ཡོད་པ་ཤེས་སམ།

ཆུ་ཚན་ནི་ས་འོག་ནས་རང་བཞིན་གྱིས་ས་ངོས་སུ་ཐོན་པའི་ཆུ་ཞིག་ཡིན་ཞིང་། ཆུ་ཁའི་དྲོད་ཚད་དེ་ས་དེ་གའི་ལོ་རེའི་ཆ་སྙོམས་དྲོད་ཚད་ལས་5℃ཡིས་མཐོ་བ་དང་མིའི་བདེ་ཐང་ལ་ཕན་པའི་ཚད་ཉུང་གཞི་རྒྱུ་ལྡན་པའི་གཏེར་ཆུ་ཞིག་ཡིན།

ཆུ་ཚན་འགྲུབ་ཚུལ།

ཆུ་ཚན་འགྲུབ་ཚུལ་ལ་རིགས་གཉིས་དབྱེ་ཆོག་སྟེ། དང་པོ་ནི་མེ་རི་རང་བཞིན་གྱི་ཆུ་ཚན་ནི། གཙོ་བོ་མེ་རིའི་འགུལ་སྐྱོད་ཀྱིས་ས་ཤུན་ལ་འགྱུར་བ་ཐེབས་ཤིང་། ས་འོག་གི་གྲང་མོར་འགྱུར་མེད་པའི་རྡོ་ཞུན་གྱི་ཚ་དྲོད་དག་ཉེ་འགྲམ་གྱི་གསེང་ལ་ཆུ་སིམ་པའི་བྲག་རྡོའི་བང་རིམ་ལ་ཕོག་ནས། ཆུ་དེར་ཚ་དྲོད་ཕོག་རྗེས་ཟི་སྐྱུར་ཚྭའི་ཆུ་ཚན་བྱུང་ངོ་།  གཉིས་པ་ནི་མེ་རིའི་རང་བཞིན་མིན་པའི་ཆུ་ཚན་ནི། ཚ་འདྲེན་ལས་འབྱུང་བ་ཡིན་ཏེ། ཆར་ཆུ་དང་རྒྱ་མཚོའི་ཆུ་སོགས་ས་ངོས་ཀྱི་ཆུ་ས་འོག་ལ་སིམས་ནས་ས་འོག་གི་ཆུར་འགྱུར་བ་དང་། ས་འོག་ཚ་ནུས་ཀྱི་ཚ་དྲོད་ཕོག་རྗེས་དྲོད་སླེབས་ཤིང་། དེ་རྗེས་དྲོད་ཁྱད་དང་རླུང་གནོན་གྱི་བྱེད་ནུས་ཁྲོད་ས་འོག་ལས་ཐོན་ནས་ཆུ་ཚན་གྲུབ་པའོ།

ཆུ་ཚན་བརྒལ་ན་བདེ་ཐང་ལ་ཕན་ནམ།

དང་ཐོག་ཆུ་ཚན་གྱིས་མིའི་ལུས་སེམས་ལྷོད་དུ་འབབ་ནས་ངལ་གསོ་བའི་ནུས་པ་ཐོན་ནོ། ཆུ་ཚན་ནང་གཏེར་རྒྱུ་ལྟ་བུའི་ཚད་ཉུང་གཞི་རྒྱུ་ཕུན་སུམ་ཚོགས་ཤིང་དེའི་གར་ཚད་མིའི་ལུས་ཆུ་དང་འདྲ་བས་སིམ་གནོན་གྱི་ཁྱད་པར་ཆེན་པོ་མེད་ཅིང་། གཟུགས་པོའི་ཆུ་ཤོར་གྱི་མེད་ལ། དུས་ཡུན་རིང་པོ་ཆུ་ཚན་ནང་བསྡད་ཀྱང་གཉེར་མ་སླེབས་ཀྱི་མེད། ད་དུང་ཆུ་ཚན་ཁ་ཤས་ལ་སྐྱུར་གཤིས་ལྡན་པས། སྐོགས་ཤུན་མེད་པ་བཟོས་ནས་འཇམ་པོར་འགྱུར་བའོ། །

དེ་བཞིན་དུ་ཆུ་ཚན་ནང་གི་གཏེར་རྒྱུ་དང་ཚད་ཉུང་གཞི་རྒྱུས་གྲུམ་ནད་ལ་ཕན་པོ་ཡོད། ཚད་ཉུང་གཞི་རྒྱུ་དེ་དག་གིས་པགས་ངོས་ཀྱི་ནད་འབུར་སྔོན་འགོག་བྱེད་ལ་རློན་གྲུམ་དང་འཁྱགས་སྦོས་ཡང་སྔོན་འགོག་བྱེད་ཐུབ་བོ། །

ཆུ་ཚན་ནང་གི་སྐྱེ་དངོས་ཕྲ་རབ་ཀྱི་མ་དཔེར་བརྟག་དཔྱད་བྱས་རྗེས། ཞིབ་འཇུག་མི་སྣས་ཚོད་དཔག་བྱས་དོན་དུ། ཆུ་ཚན་ནང་གི་སྐྱེ་དངོས་ཕྲ་རབ་ཀྱིས་མིའི་པགས་པའི་སྐྱེ་དངོས་ཕྲ་རབ་ཀྱི་ཁྱབ་ཚུལ་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་ལ། འབུ་ཕྲ་མང་ཆེ་བས་མིའི་ལུས་པོར་ཕན་པ་མ་གཏོགས་གནོད་ཀྱི་མེད། དེ་བས་ན་ཆུ་ཚན་བརྒལ་ན་ལུས་པོར་ཕན་ཟེར་བ་ལ་ཡང་ཚན་རིག་གི་རྒྱབ་གདན་ཡོད་དོ། །

泡温泉作为一种极佳的休闲养生方式,备受大众青睐。在寒风中,暖透身心的泉水让人倍感舒适。然而,你知道温泉是如何形成的吗?泡温泉真的有益吗? 

温泉水是指从地下自然涌出地表,泉口温度高于当地年平均温度5摄氏度,并含有对人体健康有益的微量元素的矿物水。

温泉的形成

温泉的形成一般可以分为两种:一种是火山性温泉,主要成因是火山活动使地壳发生变化,同时由于地下未冷却的岩浆释放出来的热量使周围有空隙的含水岩层受热,岩层中的水在高温作用下受热甚至沸腾,且这种情况下多形成硫酸盐泉;另一种是非火山性温泉,这种温泉则是由于热传导形成的。当地表水,如雨水、海水等下渗时形成地下水,在地热能的加热下,地下水成为热水,最后在温差及气压的作用下,循着裂隙涌出地表流出地面变成温泉。

那么泡温泉真的有益健康吗?

首先,温暖的水温能使人身心放松而达到减压的目的。温泉水中富含矿物质等微量元素,使得水的浓度和体液差不多,所以渗透压不会相差太大,身体里的水分不易流失,久泡也不易起皱;甚至有些温泉水呈酸性,还有去除角质的功能,带来滑腻感。

其次,温泉中的矿物质及微量元素对关节炎有一定作用,而且这些微量元素能够在一定程度上抑制皮肤表面病菌,对慢性湿疹、冻疮等具有一定抑制作用。

在分析了温泉中的微生物样本后,研究人员推测,温泉微生物会影响人体皮肤微生物分布,且大多数细菌对人体无害,可能有益,所以说“泡温泉有益健康”是有一定科学道理的。

45.png