དབྱར་ཁ་གནམ་གཤིས་བཞི་པོ་དེ་སྟོན་སྐབས་ཞིང་སྨན་གཏོར་ན་འཚམ་པོ་མེད།
夏季四种天气不宜施农药

发布时间:2020年12月03日

ཞིང་སྨན་གཏོར་ན་ནད་འབུ་དེ་མུར་གསོད་ཐུབ་མོད། འོན་ཀྱང་ཞིང་སྨན་གཏོར་སྐབས་ཞིང་པར་ཞིང་སྨན་གྱི་དུག་མི་ཕོག་པ་བྱ་ཆེད། གཤམ་ལ་ཞིང་པར་དབྱར་ཁ་གནམ་གཤིས་འདི་བཞི་པོ་སྟོན་སྐབས་ཞིང་སྨན་གཏོར་ན་འཚམ་པོ་མེད་པའི་དྲན་སྐུལ་བྱ་རྒྱུ་སྟེ།

1.ལྷགས་པོ་ཆེན་པོ་རྒྱག་དུས་ཞིང་སྨན་གཏོར་མཁན་ལ་དུག་ཕོག་སླ།

ལྷགས་པོ་ཆེན་པོ་བརྒྱབ་ན་སྨན་ཕྱེའམ་ཡང་ན་སྨན་ཟིལ་ལྷགས་པས་ཁྱེར་ནས། ལོ་ཏོག་ངོས་ལ་འབྱར་མི་ཐུབ་པས་ཞིང་སྨན་གྱི་ནུས་པ་ཐོན་ཐུབ་ཀྱི་མེད།

དེས་མ་ཚད། ཞིང་སྨན་གཏོར་མཁན་གྱི་ལུས་ལ་འགོས་ནས་དུག་ཕོག་གི་ཡོད།

2.གནམ་འཐིབས་ནས་ཆར་པ་འབབ་དུས་ཞིང་སྨན་དག་སླ།

གནམ་འཐིབས་ནས་ཆར་པ་འབབ་དུས་ཞིང་སྨན་གཏོར་ན། ཆར་ཆུས་ཞིང་སྨན་དག་ནས་སྨན་ནུས་ཐོན་མི་ཐུབ་པ་མ་ཟད། ཆུར་སྦགས་བཙོག་བཟོ་ཡི་ཡོད།

སྤྲིས་སྨན་གྱིས་ལོ་ཏོག་ངོས་སུ་སྣུམ་ཞག་ཆགས་ཀྱི་ཡོད་སྟབས། ཆར་ཆུས་ལས་སླ་པོར་དག་མི་ཐུབ་པ་དང་། སྨན་ཕྱེ་དང་ཆུ་བསྲེ་ཆོག་པའི་སྨན་ཕྱེ་ནི་ཆར་ཆུས་དག་སླ་ཤོས་རེད།

3.ཚ་བ་ཆེ་བའི་སྐབས་ཞིང་སྨན་གྱིས་ལོ་ཏོག་འཚིག་འགྲོ་ཡི་ཡོད།

ཚ་བས་ཞིང་སྨན་མགྱོགས་པོ་བཞུར་བ་དང་སྐམ་མགྱོགས་པོ་ཡོད།

ཚ་བ་ཧ་ཅང་ཆེ་སྐབས་ལོ་ཏོག་སྙིང་འབུད་གསར་ལེན་མགྱོགས་པ་དང་ལོ་མའི་ངོས་ཀྱི་བུ་ག་རྣམས་ཕྱེ་ནས་ཞིང་སྨན་ལོ་ཏོག་ལ་མགྱོགས་པོ་སིམས་ནས་འཚིག་སླ།

4.བཞའ་ཚན་ཆེ་བའི་དུས་སུ་ཞིང་སྨན་གྱི་ནུས་པ་ཆུང་དུ་འགྲོ་གི་ཡོད།

སྨུག་པ་འཁྲིགས་པ་རླངས་པའམ་ཡང་ན་ཟིལ་པ་མང་བའི་དུས་སུ། ཆུས་ཞིང་སྨན་སླ་རུ་བཏང་ནས་སྨན་ནུས་ཉམས་ཀྱི་ཡོད།

གཞན་ཡང་། ཟིལ་པ་མ་བསྐམས་པའི་ཞོགས་པ་དྲོད་ཚད་བལྟོས་བཅས་ཀྱིས་དམའ་བས། གནོད་འབུ་ཚང་ནས་དོན་མེད་པས། སྐབས་འདིར་ཞིང་སྨན་གཏོར་ན་ནུས་པ་དེ་ཙམ་ཐོན་གྱི་མེད།

མཇུག་བྱང་།

བདེ་འཇགས་ལྡན་ལ་ཞིང་སྨན་གྱི་སྨན་ནུས་ཐོན་དགོས་ན། གནམ་གཤིས་འདི་བཞི་པོ་སྟོན་སྐབས་ཟོན་དགོས།

喷施农药可以快速治疗病虫害,但是为保证农民群众喷洒农药时不出现农药中毒现象,下面就为各位农民群众提出夏季四种天气不宜施农药的提醒。

1、大风天,容易引起施药人员中毒

大风容易使喷洒的药粉或雾滴随风飘扬,不能均匀附在农作物表面发挥药效,会漂浮在施药人员身上导致中毒。

2、阴雨天,农药易流失

阴雨天喷药,雨水能直接冲刷掉药剂,不仅影响效果,还会造成水域污染,乳油农药由于能在作物表面形成一层油膜,对雨水冲刷有一定抵抗力,而粉剂和可湿性粉剂最不耐雨水冲刷

3、高温天,易发生药害

高温会使农药分解加速、挥发更快而农作物在炎热天气时新陈代谢作用旺盛,叶片气孔开放,药剂很容易进入作物体内而发生药害。

4、高湿天, 药效降低

雾气重或露水多的高温天气,药剂易被水稀释而使药剂效果降低。另外,早上露水未干时温度相对较低,害虫还未出来活动,此时喷药效果并不好。

结语:要想安全有效的施用农药要注意四种天气。