人脸识别技术
གང་འདྲ་ཞིག་ལ་མིའི་གདོང་ངོས་འཛིན་གྱི་ལག་རྩལ་ཟེར།

发布时间:2021年05月26日

人脸识别技术是基于人的脸部特征,对采集的人脸图像或者视频流进行识别。首先要判断是否存在人脸。如果存在人脸,则进一步给出每张脸的位置、大小和各主要面部器官的位置信息,并依据这些信息,进一步提取每个人脸中所蕴      涵的身份特征,将其与已知的人脸进行比对,从而识别每个人脸的身份。

人脸识别技术凭借并发性好、非强制非接触、操作简便的优势,在我国的金融、电子商务、安全防务、娱乐等领域广泛应用。日常生活中,通过人脸识别技术来进行网络支付、门禁考勤等应用的例子也比比皆是。

当然,人脸识别技术也有一定的风险。比如:互联网公司的不当采集、人脸数据库被攻击和窃取等都会造成人脸数据的泄露。为应对人脸识别技术应用的诸多风险,保护好我国人脸数据和人脸模型,完善生物识别相关法律法规至关重要。

 


མིའི་གདོང་ངོས་འཛིན་གྱི་ལག་རྩལ་ཞེས་པ་ནི་མིའི་ངོ་གདོང་གི་ཁྱད་ཆོས་གཞིར་བཟུང་མིའི་ཐོབ་ཐང་ངོས་འཛིན་བྱེད་པའི་ལག་རྩལ་ཞིག་ཡིན།རྒྱས་ཙམ་བརྗོད་ན།མིའི་གདོང་ངོས་འཛིན་ནི་མིའི་གདོང་གི་ཁྱད་ཆོས་གཞིར་བཟུང་གཅིག་བསྡུས་བྱས་པའི་མིའི་ངོ་རིས་དང་བརྙན་ངོས་ལ་ངོས་འཛིན་བྱེད་པ་ཞིག་ཡིན་ཞིང་དེ་ཡང་སྔོན་ལ་མིའི་ངོ་གདོང་གནས་ཡོད་མེད་གཏན་ཁེལ་བྱེད་དགོས་པ་དང་དེ་རྗེས་ངོ་རེའི་གནས་ས་དང་ཆེ་ཆུང་།ངོ་རིས་དབང་པོ་གནས་སའི་ཆ་འཕྲིན་བཅས་མཁོ་སྤྲོད་བྱེད་པ་དང་ཆབས་ཅིག་ཆ་འཕྲིན་དེ་རྣམས་ལ་གཞིགས་ཏེ་གོམ་གང་མདུན་སྤོས་ཀྱིས་མི་ངོ་རེའི་ངོ་གདོང་ཁྲོད་བསྡུས་པའི་ཐོབ་ཐང་ཁྱད་ཆོས་དེ་བསྡུ་ལེན་གྱིས་ད་ལྟའི་ངོས་འཛིན་ཟིན་པའི་གདོང་དང་ཞིབ་བསྡུར་བྱས་ཏེ་མི་གདོང་ངོ་རེའི་ཐོབ་ཐང་ངོས་འཛིན་བྱེད་པ་ཞིག་ཡིན།

མིའི་གདོང་ངོས་འཛིན་ལག་རྩལ་ལ་མཉམ་འབྱུང་རང་བཞིན་ཡག་པ་དང་བཙན་ཤེད་དང་རེག་ཐུག་མེད་ལ་བཀོལ་སྤྱོད་སྟབས་བདེ་བའི་དགེ་མཚན་ལྡན་ཡོད་པས་རང་རྒྱལ་གྱི་དངུལ་རྩ་དང་གློག་རྡུལ་ཚོང་དོན།བདེ་འཇགས་སྔོན་འགོག་ལས་སྒོ།རོལ་རྩེད་སོགས་ཀྱི་ཐད་བཀོལ་སྤྱོད་རྒྱ་ཆེར་བྱེད་ཀྱི་ཡོད།རྣམ་རྒྱུན་འཚོ་བའི་ཁྲོད་མིའི་གདོང་ངོས་འཛིན་གྱི་ལག་རྩལ་བརྒྱུད་དྲ་བའི་དངུལ་སྤྲོད་དང་རྒྱལ་སྒོའི་ཐོ་འགོད་སོགས་ཀྱི་ཐད་སྤྱོད་ཀྱི་ཡོད།

མིའི་གདོང་ངོས་འཛིན་དེར་ཉེན་ཁའི་ཆ་ཡང་ཅུང་ཟད་ལྡན་ཡོད་དེ་དཔེར་ན།དྲ་རྒྱའི་ཀུང་སིས་ལུགས་མཐུན་མིན་པའི་བསྡུ་ལེན་དང་མིའི་ངོ་གདོང་གི་གྲངས་འཛིན་མཛོད་ལ་ཕར་རྒོལ་དང་རྐུ་ཤོར་བ་སོགས་ལས་མི་ངོ་གདོང་གི་གཞི་གྲངས་ཕྱི་གྱར་འགྲོ་གི་ཡོད།དེར་བརྟེན།ཉེན་ཁ་དེ་རིགས་སེལ་བ་དང་རང་རྒྱལ་གྱི་མི་གདོང་གཞི་གྲངས་དང་མིའི་གདོང་དབྱིབས་ལ་སྲུང་སྐྱོབ་ཡག་པོ་ཐུབ་ཆེད་སྐྱེ་དངོས་ངོས་འཛིན་གྱི་འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་འཐུས་ཚང་དུ་གཏོང་རྒྱུ་དེ་ཧ་ཅང་གལ་ཆེ་བ་ཞིག་ཡིན།