藏药服用方法
བོད་སྨན་གང་འདྲ་གཏོང་དགོས།

发布时间:2021年04月29日

藏药一般分2类,普通药与珍宝类药品。普通药没有太多讲究,把药丸咬碎后用温开水冲服即可。但珍宝类药品服用方法比较严格,珍宝类药品含有珊瑚、珍珠、玛瑙、天珠、佐太等很多珍贵原料制成,浸泡服用才能达到更好的效果。浸泡方法:必须用有盖的杯子,首先杯子内倒入开水,水量差不多能漫过药丸就可以,开水温后才把药丸碾碎后 放入杯子内,盖好杯盖。第二天早晨6点左右在加小许开水,搅混后连底下药杂一切冲服。服用方法:晚睡前浸泡,早空服。藏医理论中所说的,机体经过一夜休息调整后,此时肠胃内没有其他杂食,有利于药物的有效成份在人体内彻底分解、溶化、吸收,才能达到根除疾病的最佳效果。


བོད་སྨན་ལ་སྤྱིར་རིགས་གཉིས་སུ་དབྱེ་ཡོད། བོད་སྨན་དཀྱུས་མ་དང་རྩ་ཆེའི་བོད་སྨན་གཉིས་ཡིན། རྒྱུན་སྤྱོད་ཀྱི་བོད་སྨན་དཀྱུས་མའི་རིགས་ལ་དང་དོད་དེ་ཙམ་མི་བྱ་བར་བོད་སྨན་རིལ་བུ་ཞིབ་མོ་བཟོས་ནས་ཆུ་དྲོད་འཇམ་གྱིས་བཏང་ན་ཆོག  འོན་ཏེ་རྩ་ཆེའི་བོད་སྨན་གཏོང་བར་དང་དོད་བྱེད་དགོས་ཡོད། དཔེར་ན། རྩ་ཆེའི་བོད་སྨན་ནང་བྱུ་དམར་ཉེར་ལྔ་དང་མུ་ཏིག་བདུན་བཅུ། མ་ན་ཧོ། གཟི་ཁྱུང་། བཙོ་ཀྲུ་ཟླ་ཤེལ་སོགས་ལ་རིན་ཆེན་ནོར་བུའི་རིགས་ཀྱི་མ་རྒྱུ་སྲེས་སྦྱོར་བྱས་ནས་བཟོས་པ་ཞིག་ཡིན་པས་བོད་སྨན་དེ་རིགས་ཐད་ཀར་ཞིབ་མོར་བཟོས་ནས་མ་གཏང་བར་ཆུ་ཁོལ་ནང་དུས་ཚོད་ཅུང་རིང་ཙམ་སྦངས་ནས་སྨན་ཁུ་ཐོན་མཚམས་སུ་འཐུང་སྤྱོད་བྱས་ན་སྨན་ནུས་ཆེ་བ་ཐོན་ཐུབ།རྩ་ཆེའི་བོད་སྨན་རིགས་སྦོང་བར་ཡང་སྦོངས་ལུགས་ཡོད་དེ།ཁེབས་གཅོད་ཡོད་པའི་དཀར་ཡོལ་གཙང་མ་ཞིག་གི་ནང་ཆུ་ཁོལ་བླུགས་ནས་ཆུའི་དྲོད་ཚད་དྲོད་འཇམ་ཚད་ལ་སླེབས་སྐབས་སྨན་སྦོང་དགོས།ཆུའི་མང་ཉུང་དེ་རིལ་བུ་དིམ་ཙམ་བྱུང་ན་འཐུས།དེ་ལྟར་དགོང་མོ་ཁེབས་གཅོད་ལེགས་པོ་བརྒྱབ་ནས་སྦངས་ཏེ་ཉིན་གཉིས་པའི་ཐོ་རེངས་ཆུ་ཚོད་དྲུག་པའི་མཚམས་སུ་དཀར་ཡོལ་ནང་ཡང་བསྐྱར་ཆུ་ཁོལ་ཕྲན་བུ་བླུགས་ནས་དཀྲུག་དཀྲུག་སྙོམས་པོ་བཏང་སྟེ་སྨན་ཁུ་ཚང་མ་གཙང་མར་འཐུང་དགོས།བོད་སྨན་རིགས་གཏོང་བའི་ཐབས་ཤེས་ནི་དགོང་མོ་མ་ཉལ་གོང་སྦངས་ནས་ཐོ་རེངས་གྲོད་པ་སྟོང་པར་གཏོང་དགོས།བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ནང་མིའི་ལུས་པོ་མཚན་གཅིག་རིང་ལྟོགས་པར་ངལ་གསོས་ནས་སྙོམ་སྒྲིག་བྱུང་བའི་རྗེས་ཕོ་རྒྱུའི་ནང་ཟས་ལྷག་བཏུང་ལྷག་སོགས་ལུས་མེད་པས་མཚམས་དེར་སྨན་བཏང་ན་སྨན་རྫས་ཀྱི་ཕན་ནུས་གྲུབ་ཆ་ལུས་པོའི་ནང་འཕྲལ་གསེད་དང་འཇུ་ལེན་ཡག་པོ་ཐུབ་ནས་ནད་ཐོག་གཙབས་འཁེལ་ཐུབ་པར་ཕན་པ་ཡོད་ཅེས་གསུངས་ཡོད།