60岁及以上老人接种新冠疫苗需要注意什么?
ལོ་60དང་དེ་ཡན་གྱི་རྒན་རྒོན་ཚོར་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་པར།

发布时间:2021年04月30日

国家卫健委官网近日发布《新冠病毒疫苗接种问答》60岁及以上老人纳入接种范围。

专家表示,建议60岁及以上老人接种,但需注意基础性疾病,60岁及以上人群为感染新冠病毒后的重症、死亡高风险人群。

|/||期临床研究数据显示

该人群新冠病毒疫苗接种安全性良好,与18-59岁人群相比,接种后中和抗体滴度略低,但中和抗体阳转率相似,提示疫苗对60岁以上人群也会产生一定的保护作用,建议接种。

专家提醒

·对于有基础性疾病的老年人,如果其基础性疾病通过常规治疗已经得到很好控制,则可以接种新冠疫苗;

·如果基础性疾病正处于急性发作期,则应根据医生建议,考虑延缓接种。


དོ་སྣང་བྱེད་དགོས་པ་གང་དག་ཡོད་དམ།

ཉིན་ཤས་གོང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་གཞུང་ཕྱོགས་དྲ་བའི་ཐོག《ཏོག་གསར་ནད་དུག་རིམས་འགོག་སྨན་ཁབ་རྒྱག་རྒྱུའི་ཐད་ཀྱི་དྲི་ལན》ཡོངས་བསྒྲགས་བྱས་ཤིང་། ལོ་60དང་དེ་ཡན་གྱི་རྒན་རྒོན་རྣམས་རིམས་འགོག་སྨན་ཁབ་རྒྱག་ཁོངས་སུ་འཇུག་རྒྱུ་ཡིན་པ་རེད།

རིགས་གཅིག་མཁས་ཅན་གྱིས།

ལོ་60དང་དེ་ཡན་གྱི་རྒན་རྒོན་ཚོར་རིམས་འགོག་སྨན་ཁབ་རྒྱག་ཆོག འོན་ཀྱང་རྨང་གཞིའི་རང་བཞིན་གྱི་ནད་རིགས་ལ་ངེས་པར་དུ་དོ་སྣང་བྱེད་དགོས་པའི་གྲོས་འགོ་བཏོན་ཡོད།

ལོ་60དང་དེ་ཡན་གྱི་མི་ཚོགས་ནི་ཏོག་གསར་ནད་དུག་ཕོག་རྗེས་ཀྱི་ནད་ཚབས་ལྕི་བ་དང་འཆི་བའི་ཉེན་ཁ་ཆེ་ཤོས་ཀྱི་མི་ཚོགས་ཤིག་རེད།

I/IIདུས་ཐེངས་ཀྱི་ནད་ཐོག་སྨན་བཅོས་ཀྱི་ཞིབ་འཇུག་གྲངས་གཞི་ལས་མངོན་གསལ།

མི་ཚོགས་དེར་ཏོག་གསར་ནད་དུག་རིམས་འགོག་སྨན་ཁབ་རྒྱག་པའི་བདེ་འཇགས་རང་བཞིན་ཡག་པོ་ཡོད། ལོ་15ནས་59བར་གྱི་མི་ཚོགས་དང་བསྡུར་ན། སྨན་ཁབ་བརྒྱབ་རྗེས་ནད་འགོག་སྙོམས་སྒྲིག་གི་ནུས་པ་ཅུང་དམའ་བ་ཡོད། འོན་ཀྱང་ནད་འགོག་ནུས་པ་གདགས་གཤིས་སུ་གྱུར་ཚད་འདྲ་བས་རིམས་འགོག་སྨན་ཁབ་བརྒྱབ་ཚེ་ལོ་60ཡན་གྱི་མི་ཚོགས་ལ་སྲུང་སྐྱོབ་ཀྱི་ནུས་པ་ངེས་ཅན་ཐོན་པས་རིམས་འགོག་སྨན་ཁབ་རྒྱག་རྒྱུའི་གྲོས་འགོ་བཏོན་ཡོད།

རིགས་གཅིག་མཁས་ཅན་གྱིས་དྲན་སྐུལ་བྱས་དོན།

རྨང་གཞིའི་རང་བཞིན་གྱི་ནད་གཞི་ཕོག་པའི་རྒན་རྒོན་ལ་དམིགས་ནས། གལ་སྲིད་རྨང་གཞིའི་རང་བཞིན་གྱི་ནད་ཕོག་ནས་རྒྱུན་གཏན་གྱི་སྨན་བཅོས་བརྒྱུད་ཚོད་འཛིན་ཡག་པོ་ཐུབ་ཚེ་ཏོག་གསར་རིམས་འགོག་སྨན་ཁབ་བརྒྱབ་ན་འགྲིག

གལ་སྲིད་རྨང་གཞིའི་རང་བཞིན་གྱི་ནད་གཞི་གློ་བུར་དུ་ལངས་ཚེ་སྨན་པའི་བསམ་འཆར་གཞིར་བཟུང་རིམས་འགོག་སྨན་ཁབ་རྒྱག་པའི་དུས་ཚོད་ནར་འགྱངས་བྱ་རྒྱུའི་བསམ་གཞིག་བྱ་དགོས།