关注自闭症早期“五不”行为
རིགས་གཅིག་མཁས་ཅན་གྱིས་བརྗོད་དོན།​སེམས་སྦུག་དོག་ནད་ཀྱི་དུས་འགོའི“མི་བྱེད་པ་ལྔ”ལ་དོ་སྣང་བྱེད་དགོས།

发布时间:2021年04月30日

  42日是“世界自闭症关注日”,新乡医学院第二附属医院(河南省精神卫生中心)儿童少年精神科主任郭素芹提醒,关注自闭症早期“五不”行为,早关注、早识别自闭症患儿需要家长和全社会的共同努力。

  郭素芹表示,自闭症社交不足行为和部分刻板行为在儿童2岁或2岁前即可出现,有5种行为可作为孤独症早期识别的依据,简称“五不”行为:不看或少看,不应或少应,不指或少指,不语或少语,以及不恰当的使用物品和不恰当的言语表达。

“自闭症不是因父母教养不当,它是一种神经发育性障碍。”郭素芹解释说,自闭症不同于一般意义上的孤僻、内向,不是一个心理问题,而是由于大脑异常导致的发育障碍。截至目前,自闭症的病因还不完全清楚,但研究表明遗传和环境风险可能是引起自闭症产生的两个重要因素。

“家长应了解自闭症5个早期行为标志,及时关注孩子的变化,为自闭症孩子早期训练及发展提供更多机会。如果怀疑孩子得了自闭症,应尽早带孩子到专业机构进行诊断,确诊后及时进行早期干预。”郭素芹说。



 ཟླ་4ཚེས་2ཉིན་ནི“འཛམ་གླིང་སེམས་སྦུག་དོག་ནད་ལ་དོ་ཁུར་བྱེད་པའི་ཉིན་མོ”ཡིན་པ་དང་། ཤིན་ཤང་གསོ་རིག་སློབ་གླིང་གི་ཞོར་གཏོགས་སྨན་ཁང་གཉིས་པའི(ཧོ་ནན་ཞིང་ཆེན་སྨྱོ་ནད་འཕྲོད་བསྟེན་ལྟེ་གནས)བྱིས་པའི་སྨྱོ་ནད་ཚན་ཁག་གི་ཀྲུའུ་རེན་ཀུའོ་སུའུ་ཆིན་གྱིས་སེམས་སྦུག་དོག་ནད་ཀྱི་དུས་འགོའི“མི་བྱེད་པ་ལྔ”ལ་དོ་ཁུར་བྱས་ཏེ་སེམས་སྦུག་དོག་ནད་ཕོག་པའི་བྱིས་པར་སྔ་ཙམ་དོ་ཁུར་དང་ནད་རྟགས་སྔ་ཙམ་དཔྱོད་པར་ཁྱིམ་བདག་དང་སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།

ཀུའོ་སུའུ་ཆིན་གྱིས། སེམས་སྦུག་དོག་ནད་ཀྱི་སྤྱི་ཚོགས་འབྲེལ་བ་མི་འདང་བའི་བྱེད་སྤྱོད་དང་འགྱུར་མེད་ཀྱི་བྱེད་སྤྱོད་ཁག་གཅིག་བྱིས་པ་ལོ་2སམ་ཡང་ན་ལོ་2ལ་མ་སླེབས་གོང་ནས་ཐོན་གྱི་ཡོད། བྱེད་སྤྱོད་ཁག་5སེམས་སྦུག་་དོག་ནད་ཀྱི་དུས་འགོའི་དབྱེ་འབྱེད་ཀྱི་གཞི་འཛིན་སར་བྱེད་ཆོག་པ་དང་། བསྡུས་མིང་ལ“མི་བྱེད་པ་ལྔ”ཞེས་བརྗོད་པ་སྟེ། མི་ལྟ་བའམ་ཡང་ན་ལྟ་ཉུང་བ་དང་། ཨ་ལན་མི་སློག་པའམ་ཡང་ན་ཨ་ལན་སློག་ཉུང་བ། མཛུབ་མོ་མི་འཛུགས་པའམ་ཡང་ན་འཛུགས་ཉུང་བ། སྐད་ཆ་མི་ཤོད་པའམ་ཡང་ན་ཤོད་ཉུང་བ་བཅས་དང་དེ་བཞིན་དངོས་རྫས་མི་འཚམ་པར་སྤྱོད་པ་དང་མི་འཚམ་པའི་སྐད་ཆ་ཤོད་པ་བཅས་རེད་ཅེས་བརྗོད།

“སེམས་སྦུག་དོག་ནད་ནི་ཕ་མའི་སློབ་གསོ་ཡག་པོ་མ་བྱུང་བའི་རྐྱེན་གྱིས་མ་ཡིན་པར་དེ་ནི་དབང་རྩ་འཚར་སྐྱེའི་རང་བཞིན་གྱི་འགོག་རྐྱེན་ཕོག་པ་ཞིག་རེད། སེམས་སྦུག་དོག་ནད་དེ་སྤྱིར་བཏང་གི་ཁེར་སྡོད་སྨྲ་ཉུང་གི་སེམས་ཁམས་ཀྱི་གནད་དོན་ཞིག་མིན་པར་ཀླད་ཆེན་རྒྱུན་ལྡན་མིན་པའི་རྐྱེན་གྱིས་འཚར་ལོངས་ལ་འགོག་རྐྱེན་ཐེབས་པའི་ནད་རྟགས་ཤིག་རེད། མིག་སྔའི་བར་སེམས་སྦུག་དོག་ནད་ཀྱི་ནད་རྐྱེན་ད་དུང་གསལ་པོ་ཤེས་ཀྱི་མེད་མོད། འོན་ཀྱང་རྒྱུད་ཁྲིད་པ་དང་ཁོར་ཡུག་གི་ཉེན་ཁ་ནི་སེམས་སྦུག་དོག་ནད་སློང་བའི་རྒྱུ་རྐྱེན་གལ་ཆེན་གཉིས་ཡིན་པ་ཞིབ་འཇུག་བྱས་པ་ལས་མངོན་ཡོད”ཅེས་ཀུའོ་སུའུ་ཆིན་གྱིས་བརྗོད།

ཀུའོ་སུའུ་ཆིན་གྱིས“ཁྱིམ་བདག་གིས་སེམས་སྦུག་དོག་ནད་ཀྱི་དུས་འགོའི་མཚོན་རྟགས་5ཤེས་རྟོགས་བྱས་ནས་ཕྲུ་གུའི་འགྱུར་ལྡོག་ལ་དུས་ཐོག་ཏུ་དོ་ཁུར་བྱས་ཏེ་སེམས་སྦུག་དོག་ནད་ཕོག་པའི་ཕྲུ་གུར་དུས་འགོའི་སྦྱོང་བརྡར་དང་ཡར་རྒྱས་གཏོང་རྒྱུར་གོ་སྐབས་དེ་བས་མང་བ་མཁོ་འདོན་བྱེད་དགོས། གལ་ཏེ་བྱིས་པར་སེམས་སྦུག་དོག་ནད་ཕོག་པའི་དོཌ་པ་སྐྱེས་ཚེ། བྱིས་པ་ཁྲིད་ནས་ཆེད་ལས་སྒྲིག་གཞིར་ནད་གཞི་བརྟག་དཔྱད་བྱེད་དགོས་པ་དང་། ནད་གཞི་གཏན་འཁེལ་བྱས་རྗེས་དུས་ཐོག་ཏུ་སྨན་བཅོས་བྱེད་དགོས”ཞེས་བརྗོད་པ་རེད།

(བདེ་དབང་དང་པ་ཕན་གྱིས་སྒྱུར་ཞུས་བྱས)