哪些定点医药机构可以直接结算?
གནས་གཏན་འཁེལ་གྱི་སྨན་རྫས་སྒྲིག་གཞི་གང་དུ་ཐད་ཀར་མཇུག་རྩིས་རྒྱག་ཆོག་གམ།

发布时间:2021年04月30日

参保人员可以通过3种途径进行查询。

——国家医保局公众号。点击公众号下方导航栏中“我的医保”-“公众查询”-“开通普通门诊费用跨省直接结算的定点医药机构”,选择需要查询的省份或统筹地区后点击“查询”,搜索结果即为已开通门诊费用跨省直接结算的定点医药机构。

——国家医保服务平台网站。点击网页左下角“跨省门诊费用直接结算试点查询”进入版块后,点击左下角“异地联网定点医药机构查询”,可以按照“联网医疗机构”和“联网零售药店”类别进行检索。

——国家医保服务平台App。点击“业务办理”-“异地就医”-“门诊查询”-“异地联网定点医药机构查询”,可选择相应省份、统筹地区或者搜索栏内输入某家定点医药机构的名称,即可查询。


འགན་བཅོལ་ལ་ཞུགས་མཁན་གྱིས་ཐབས་ལམ་གསུམ་བརྒྱུད་དེ་འདྲི་རྟོག་བྱ་ཆོག

—རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱི་སྤྱི་སྟེགས། སྤྱི་སྟེགས་གཤམ་གྱི་ཕྱོགས་སྟོན་ཚན་བྱང་གི“ངའི་སྨན་བཅོས་འགན་བཅོལ”—“སྤྱི་དམངས་འདྲི་རྟོག”—“སྒོ་བསྟེན་སྨན་ཁང་དཀྱུས་མའི་སྨན་རིན་ཞིང་ཆེན་ལས་བརྒལ་ནས་ཐད་ཀར་མཇུག་རྩིས་རྒྱག་ཆོག་པའི་གནས་གཏན་འཁེལ་གྱི་སྨན་དང་སྨན་བཅོས་སྒྲིག་གཞིའི”ནང་འཛུལ་རྗེས། རང་གིས་འདྲི་རྩད་བྱེད་དགོས་པའི་ཞིང་ཆེན་ནམ་ཡང་ན་སྤྱི་འདོམས་ས་ཁུལ་བདམས་ནས“འདྲི་རྩད”མནན་ཚེ། སྒོ་བསྟེན་སྨན་ཁང་གི་སྨན་རིན་ཞིང་ཆེན་ལས་བརྒལ་ནས་ཐད་ཀར་མཇུག་རྩིས་རྒྱག་ཆོག་པའི་གནས་གཏན་འཁེལ་གྱི་སྨན་དང་སྨན་བཅོས་སྒྲིག་གཞི་དོན་ཐུབ།

—རྒྱལ་ཁབ་སྨན་བཅོས་འགན་སྲུང་ཞབས་ཞུའི་ལས་སྟེགས་དྲ་ཚིགས། དྲ་ངོས་ཀྱི་གཡོན་འོག་ཏུ་ཡོད་པའི“ཞིང་ཆེན་ལས་བརྒལ་བའི་སྒོ་བསྟེན་སྨན་ཁང་གི་སྨན་རིན་ཐད་ཀར་མཇུག་རྩིས་རྒྱག་པའི་ཚོད་ལྟ་བྱེད་པའི་འདྲི་རྩད”ནང་འཛུལ་ནས་གཡོན་འོག་གི“ཡུལ་གཞན་གྱི་དྲ་སྦྲེལ་གནས་གཏན་འཁེལ་གྱི་སྨན་རྫས་སྒྲིག་གཞི་འདྲི་རྩད”མནན་ནས། “དྲ་སྦྲེལ་སྨན་བཅོས་སྒྲིག་གཞི”དང“དྲ་སྦྲེལ་སྨན་རྫས་སིལ་ཚོང་ཁང་”གི་དབྱེ་བ་གཞིར་བཟུང་ཞིབ་དཔྱད་དང་བཙལ་འཚོལ་བྱ་ཆོག

—རྒྱལ་ཁབ་སྨན་བཅོས་འགན་སྲུང་ཞབས་ཞུའི་ལས་སྟེགས་ཀྱི་APP “ལས་སྒོ་གཉེར་བ”—“ཡུལ་གཞན་དུ་སྨན་པ་བསྟེན་པ”—“སྒོ་བསྟེན་སྨན་ཁང་འདྲི་རྩད”—“ཡུལ་གཞན་གྱི་དྲ་སྦྲེལ་གྱི་གནས་གཏན་འཁེལ་གྱི་སྨན་རྫས་སྒྲིག་གཞི་འདྲི་རྩད”ནང་འཛུལ་ཚེ། དེ་མཚུངས་ཀྱི་ཞིང་ཆེན་དང་སྤྱི་འདོམས་ས་ཁུལ་འདེམས་ཆོག་པའམ་ཡང་ན་འཚོལ་བཤེར་བྱེད་སར་གནས་གཏན་འཁེལ་གྱི་སྨན་རྫས་སྒྲིག་གཞི་ག་གེ་མོ་བླུགས་ཚེ། འཕྲལ་དུ་ཤེས་ཐུབ།