门诊费用跨省直接结算是否需要异地就医备案?
སྒོ་བསྟེན་སྨན་ཁང་གི་ཞིང་ཆེན་ལས་བརྒལ་ནས་ཐད་ཀའི་མཇུག་རྩིས་རྒྱག་སྐབས་ཡུལ་གཞན་དུ་སྨན་པ་བསྟེན་པའི་སྙན་ཐོ་འགོད་དགོས་སམ།

发布时间:2021年04月30日

对此,国家医保局明确:

已办理基本医疗保险跨省异地就医住院费用直接结算备案的参保人员,同步开通普通门诊费用跨省直接结算服务,无需另外备案;

各地门诊费用跨省直接结算政策不同,其他有普通门诊就医需求的人员,按照参保地异地就医管理要求办理异地就医备案;

通过国家医保局公众号,参保人员可以查询所属参保地是否需要备案,也可向参保地医保经办机构咨询具体要求。

关于查询是否需要备案的具体操作,可以关注国家医保局公众号,点击下方导航栏中“我的医保”-“公众查询”-“开通普通门诊费用跨省直接结算的统筹地区”,选择需要查询的省份后点击查询按钮,进行查询。


འདིའི་ཐད་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས་ཁ་གསལ་བྱས་དོན།

གཞི་རྩའི་སྨན་བཅོས་འགན་བཅོལ་ཞིང་ཆེན་ལས་བརྒལ་ནས་ཡུལ་གཞན་དུ་སྨན་པ་བསྟེན་པ་དང་སྨན་ཁང་དུ་སྡོད་པའི་སྨན་རིན་ཐད་ཀར་མཇུག་རྩིས་རྒྱག་པའི་སྙན་ཐོ་བཀོད་ཟིན་པའི་འགན་བཅོལ་ལ་ཞུགས་མཁན་ཡིན་ཕྱིན་དེ་དང་ཆབས་ཅིག་ཏུ་སྒོ་བསྟེན་སྨན་ཁང་དཀྱུས་མའི་སྨན་རིན་ཞིང་ཆེན་ལས་བརྒལ་ནས་ཐད་ཀར་མཇུག་རྩིས་རྒྱག་པའི་ཞབས་འདེགས་ཤར་གཏོང་བྱས་ཟིན་པས་སྙན་ཐོ་གཞན་འགོད་དགོས་མེད།

ས་གནས་ཁག་གི་སྒོ་བསྟེན་སྨན་ཁང་གི་སྨན་རིན་ཞིང་ཆེན་ལས་བརྒལ་ནས་ཐད་ཀར་མཇུག་རྩིས་རྒྱག་པའི་སྲིད་ཇུས་མི་འདྲ་ཞིང་། སྒོ་བསྟེན་སྨན་ཁང་དཀྱུས་མར་སྨན་པ་བསྟེན་དགོས་པའི་མི་སྣ་གཞན་གྱིས་འགན་བཅོལ་ལ་ཞུགས་སའི་ས་ཆའི་ཡུལ་གཞན་དུ་སྨན་པ་བསྟེན་པའི་དོ་དམ་བླང་བྱ་གཞིར་བཟུང་ཡུལ་གཞན་དུ་སྨན་པ་བསྟེན་པའི་སྙན་ཐོ་འགོད་དགོས།

རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱི་སྤྱི་སྟེགས་བརྒྱུད། འགན་བཅོལ་ལ་ཞུགས་མཁན་གྱིས་འགན་བཅོལ་ལ་ཞུགས་སའི་ས་ཆར་སྙན་ཐོ་འགོད་དགོས་མིན་འདྲི་རྩད་བྱ་ཆོག་ལ། འགན་བཅོལ་ལ་ཞུགས་སའི་སྨན་བཅོས་འགན་བཅོལ་སྒྲུབ་གཉེར་སྒྲིག་གཞིར་བླང་བྱ་ཞིབ་ཕྲ་བློ་འདྲི་བྱ་ཆོག

སྙན་ཐོ་འགོད་དགོས་མིན་འདྲི་རྩད་བྱེད་པའི་སྐོར་གྱི་བཀོད་སྤྱོད་བྱེད་སྟངས་ཞིབ་ཕྲའི་ཐད། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱི་སྤྱི་སྟེགས་ལ་དོ་ཁུར་བྱས་ནས། དྲ་ངོས་གཤམ་འོག་གྱི་ཕྱོགས་སྟོན་ཚན་བྱང་གི“ངའི་སྨན་བཅོས་འགན་བཅོལ”—“སྤྱི་དམངས་འདྲི་རྩད”—“སྒོ་བསྟེན་སྨན་ཁང་དཀྱུས་མའི་སྨན་རིན་ཞིང་ཆེན་ལས་བརྒལ་ནས་ཐད་ཀར་མཇུག་རྩིས་རྒྱག་ཆོག་པའི་སྤྱི་འདོམས་ས་ཁུལ”མནན་རྗེས་རང་ཉིད་ཀྱིས་འཚོལ་དགོས་པའི་ཞིང་ཆེན་བདམས་ཚེ་ཤེས་ཐུབ།