进城务工指南
གྲོང་ཁྱེར་དུ་གླ་པ་རྒྱུག་པར་སྐྱོད་སྐབས་ཀྱི་ཕྱོགས་སྟོན།

发布时间:2021年05月18日

1.什么是劳动合同?

劳动合同是指劳动者同企业、国家机关、事业单位、社会团体、个体经济组织等用人

单位之间订立的明确双方权利和义务的协议。

2.劳动合同应具备哪些必备条款?

(1)用人单位的名称、地址和法定代表人或者主要负责人:

(2)劳动者的姓名、住址和居民身份证或者其他有效身份证件号码: 

(3)劳动合同期限:

(4) 工作内容和工作地点:

(5)工作时间和休息休假;

(6)劳动报酬;

(7)社会保险:

(8)劳动保护、劳动条件和职业危害防护;

(9)法律、法规规定应当纳入劳动合同的其他事项。

3.用人单位可以扣押劳动者的身份证等证件吗? 

不可以。用人单位招用劳动者,不得扣押劳动者的居民身份证和其他证件。其他证件包括学历证书、毕业证书、职业资格证书等。

4.患职业病或者因公负伤,用人单位可以单方解除劳动合同吗?

不可以。《中华人民共和国劳动法》规定:“(一)患职业病或者因工负伤并被确认丧失或者部分丧失劳动能力的;(二)患病或者负伤,在规定的医疗期内的",用人单位不得单方解除劳动合同。

5.哪些情况下,劳动者可以随时通知用人单位解除劳动合同?

(1)在试用期内的:(2)用人单位以暴力、威胁或者非法限制人身自由的手段强迫劳动的: (3)用人单位未按照劳动合同约定支付劳动报酬或者提供劳动条件的。

 


1.གང་འདྲ་ཞིག་ལ་ངལ་རྩོལ་གན་རྒྱ་ཟེར་རམ།  

ངལ་རྩོལ་གན་རྒྱ་ནི་ངལ་རྩོལ་པ་དང་ཁེ་ལས་དང་། རྒྱལ་ཁབ་ལས་ཁུངས། བྱ་གཞག་ཚན་པ། སྤྱི་ཚོགས་ཚོགས་པ། མི་སྒེར་གྱི་དཔལ་འབྱོར་རྩ་འཛུགས་སོགས་དབར་བཞག་པའི་ཕྱོགས་གཉིས་པོའི་ཁེ་དབང་དང་འོས་འགན་ཁ་གསལ་བཟོས་པའི་གྲོས་མཐུན་ཡི་གེ་ལ་ཟེར། 

2.ངལ་རྩོལ་གན་རྒྱ་ལ་ངེས་པར་དུ་ཚང་དགོས་པའི་དོན་ཚན་གང་དག་ཡོད་དམ།  

(1)མི་སྤྱོད་ཚན་པའི་མིང་། ས་གནས། དེ་བཞིན་ཁྲིམས་གཏན་འཁེལ་བའི་འཐུས་མི་དང་ཡང་ན་འགན་གཙོ་བོ་འཁུར་མཁན།  

(2)ངལ་རྩོལ་པའི་མིང་དང་། ས་གནས། གྲོང་མིའི་ཐོབ་ཐང་ལག་ཁྱེར་རམ་དེ་མིན་གྱི་ཐོབ་ཐང་མཚོན་པའི་ལག་ཁྱེར་གྱི་ཨང་གྲངས། 

(3)ངལ་རྩོལ་གན་རྒྱའི་དུས་བཀག

(4)ལས་ཀའི་ནང་དོན་དང་ལས་ཀ་བྱ་ཡུལ། 

(5)ལས་ཀའི་དུས་ཚོད་དང་ངལ་གསོ་འཁོར་ཞག 

(6)ངལ་རྩོལ་ཐོབ་ཆ། 

(7)སྤྱི་ཚོགས་འགན་བཅོལ།

(8)ངལ་རྩོལ་སྲུང་སྐྱོབ་དང་། ངལ་རྩོལ་ཆ་རྐྱེན། ལས་རིགས་ཀྱི་གནོད་འཚེ་འགོག་སྲུང་། 

(9)ངལ་རྩོལ་གན་རྒྱའི་ནང་འཇུག་དགོས་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འཁེལ་བའི་དེ་མིན་གྱི་དོན་ཚན།

3.མི་སྤྱོད་ཚན་པས་ངལ་རྩོལ་པའི་ཐོབ་ཐང་ལག་ཁྱེར་དང་དེ་མིན་གྱི་ལག་ཁྱེར་བཀག་ཉར་བྱེད་ཆོག་གམ། 

མི་ཆོག་སྟེ། མི་སྤྱོད་ཚན་པས་ངལ་རྩོལ་པ་བསྡུ་སྤྱོད་བྱེད་སྐབས། ངལ་རྩོལ་པའི་གྲོང་མིའི་ཐོབ་ཐང་ལག་ཁྱེར་དང་དེ་མིན་གྱི་ལག་ཁྱེར་བཀག་ཉར་བྱེད་མི་ཆོག དེ་མིན་གྱི་ལག་ཁྱེར་གྲས་སུ་སློབ་རྒྱུས་ལག་ཁྱེར་དང་། སློབ་ཐོན་ལག་ཁྱེར། ལས་རིགས་ཐོབ་ཐང་ལག་ཁྱེར་སོགས་ཚུད་ཡོད།  

4.ལས་རིགས་ཀྱི་ན་ཚ་ཕོག་པའམ་ལས་ཀས་རྐྱེན་པས་རྨས་སྐྱོན་ཕོག་ཚེ། མི་སྤྱོད་ཚན་པ་ཕྱོགས་རྐྱང་པས་ངལ་རྩོལ་གན་རྒྱ་མེད་པ་བཟོ་ཆོག་གམ།

མི་ཆོག་སྟེ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངལ་རྩོལ་གན་རྒྱའི》ནང་། “(གཅིག)ལས་རིགས་ཀྱི་ན་ཚ་ཕོག་པ་དང་ལས་ཀས་རྐྱེན་པས་རྨས་སྐྱོན་ཕོག་པ་དང་སྦྲགས་ངལ་རྩོལ་ནུས་པ་ཤོར་བའམ་ཡང་ན་ཅུང་ཤོར་བ་གཏན་འཁེལ་བ”

“(གཉིས)ན་ཚ་ཕོག་པ་དང་རྨས་སྐྱོན་ཕོག་ཚེ་གཏན་འཁེལ་བའི་སྨན་བཅོས་དུས་ཚོད་ནང”མི་སྤྱོད་ཚན་པ་ཕྱོགས་རྐྱང་པས་ངལ་རྩོལ་གན་རྒྱ་མེད་པ་བཟོ་མི་ཆོག 

5.གནས་ཚུལ་གང་དག་འོག་ངལ་རྩོལ་པས་མི་སྤྱོད་ཚན་པར་ངལ་རྩོལ་གན་རྒྱ་མེད་པ་བཟོ་རྒྱུའི་བརྡ་ཐོ་གཏོང་ཆོག་གམ།  

(1)ཚོད་ལྟའི་དུས་ཚོད་ནང་། (2)མི་སྤྱོད་ཚན་པས་གཏུམ་སྤྱོད་དང་འཇིགས་སྐུལ་ལམ་ཁྲིམས་དང་མ་མཐུན་པར་མི་ལུས་རང་དབང་ཚོད་འཛིན་བྱེད་པ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་བཙན་ཤེད་ཀྱིས་ངལ་རྩོལ་བྱེད་འཇུག་པ། (3)མི་སྤྱོད་ཚན་པས་ངལ་རྩོལ་གན་རྒྱའི་ཁ་ཆད་བཞིན་ངལ་རྩོལ་གྱི་ཐོབ་ཆ་མ་སྤྲད་པ་དང་ངལ་རྩོལ་ཆ་རྐྱེན་མཁོ་འདོན་མ་བྱས་པ་བཅས་ཡིན།