呵护孩子视力健康国家强制性标准专家解读来了
བྱིས་པའི་མིག་ཤེད་བདེ་ཐང་ལ་གཅེས་སྤྲས་བྱེད་དགོས། རྒྱལ་ཁབ་ཀྱི་བཙན་ཐབས་རང་བཞིན་གྱི་ཚད་གཞིར་རིགས་གཅིག་མཁས་ཅན་གྱིས་གསལ་འགྲེལ་བྱས་པ།

发布时间:2021年05月18日

为切实加强儿童青少年近视防控工作,我国发布强制性国家标准《儿童青少年学习用品近视防控卫生要求》,该标准将于2022年3月1日起正式实施,留有过渡期,鼓励相关企业提前应用新标准。

这项标准,规定了儿童青少年学习用的相关印刷品、出版物的纸张质量、印刷质量、文字大小和间距等,对教室照明灯具、读写作业台灯、教学多媒体产品的技术性能进行了规范。

教室照明灯具必须满足中国强制性产品认证(CCC)要求,按照国际标准IEC 62471的最高要求即蓝光豁免级RG0的要求对蓝光作了要求。标准中参照了IEEE等相关国际标准,采取最严要求,最大限度减少频闪对青少年视觉系统的影响。

教室照明灯具的显色指数、色温,多媒体产品的最大屏幕亮度、亮度对比度、闪烁、蓝光、亮度可视角以及读写台灯的相关指标做了严格规定。


གཞོན་ནུ་དང་ལོ་ཆུང་བྱིས་པའི་རྒྱང་སྒྲིབ་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཤུགས་སྣོན་ཏན་ཏིག་རྒྱག་ཆེད། རང་རྒྱལ་གྱིས་བཙན་ཐབས་རང་བཞིན་གྱི་རྒྱལ་ཁབ་ཚད་གཞི་སྟེ《གཞོན་ནུ་དང་ལོ་ཆུང་བྱིས་པའི་སློབ་སྦྱོང་ཡོ་ཆས་ཀྱི་རྒྱང་སྒྲིབ་སྔོན་འགོག་ཚོད་འཛིན་དང་འཕྲོད་བསྟེན་གྱི་བླང་བྱ》ཁྱབ་བསྒྲགས་བྱས་པ། ཚད་གཞི་དེ་2022ལོའི་ཟླ་3ཚེས་1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ་དང་། བར་བརྒལ་གྱི་དུས་སྐབས་བཞག་ཡོད་པས་འབྲེལ་ཡོད་ཁེ་ལས་ཀྱིས་སྔ་སྣུར་ནས་ཚད་གཞི་གསར་པ་ལག་ལེན་བསྟར་བར་སྐུལ་ལྕག་བྱེད་དགོས།

ཚད་གཞི་དེ་ཡིས་གཞོན་ནུ་དང་ལོ་ཆུང་བྱིས་པའི་སློབ་སྦྱོང་དང་འབྲེལ་བའི་པར་མ་དང་པར་སྐྲུན་དངོས་པོའི་ཤོག་བུའི་སྤུས་ཚད་དང་། པར་མའི་སྤུས་ཚད། ཡི་གེའི་ཆེ་ཆུང་དང་བར་ཐག་སོགས་གཏན་འབེབས་བྱས་ནས། སློབ་ཁང་གི་གློག་སྒྲོན་དང་། འབྲི་ཀློག་བྱེད་སའི་སྟེགས་སྒྲོན། སྨྱན་མང་སློབ་ཁྲིད་ཐོན་རྫས་ཀྱི་ལག་རྩལ་དང་ནུས་པ་བཅས་ཚད་ལྡན་དུ་བཏང་ཡོད།

སློབ་ཁང་གི་གློག་སྒྲོན། ཀྲུང་གོའི་བཙན་ཤེད་རང་བཞིན་གྱི་ཐོན་རྫས་ཀྱི་ཁས་ལེན་དཔང་འདོན(CCC)གྱི་བླང་བྱ་དང་ངེས་པར་དུ་མཐུན་དགོས་པ་དང་རྒྱལ་སྤྱིའི་ཚད་གཞི་IEC62471གི་བླང་བྱ་ནན་ཤོས་ཏེ་འོད་སྔོན་པོའི་གནོད་ཚད་ཆུང་དུ་གཏོང་བའི་རིམ་པ་RG0ཡི་བླང་བྱ་ལྟར་འོད་སྔོན་པོར་བླང་བྱ་བཏོན་པ་དང་། ཚད་གཞིའི་ནང་IEEEསོགས་འབྲེལ་ཡོད་རྒྱལ་སྤྱིའི་ཚད་གཞི་གཞིར་བཟུང་བླང་བྱ་ནན་ཤོས་དང་ཚད་གཞི་མཐོ་ཤོས་ཀྱིས་གཞོན་ནུ་ལོ་ཆུང་གི་མིག་ཤེད་དབང་པོར་ཤུགས་རྐྱེན་ཐེབས་ཚད་ཆུང་དུ་བཏང་བ།

སློབ་ཁང་གི་གློག་སྒྲོན་གསལ་ཚད་དང་། མདོག་སྙོམས་སྒྲིག སྨྱན་མང་ཅན་གྱི་ཐོན་རྫས་ཀྱི་བརྙན་ཤེལ་ཆེ་ཤོས་ཀྱི་གསལ་ཚད། གསལ་ཚད་ཀྱི་བསྡུར་ཚད། འོད་འཕྲོ་ཚད། འོད་སྔོན་པོ། གསལ་ཚད་ཀྱི་མཐོང་ཟུར། དེ་བཞིན་འབྲི་ཀློག་བྱེད་སའི་སྟེགས་སྒྲོན་གྱི་འབྲེལ་ཡོད་སྟོན་གྲངས་བཅས་ལ་གཏན་འབེབས་ནན་པོ་བྱས་ཡོད།