如何正确储存鸡蛋?
སྒོ་ང་ཇི་ལྟར་ཉར་ན་བཟང་།

发布时间:2021年07月20日

 消费者在购买鸡蛋后,应当先挑选出有裂纹或者破损的鸡蛋,对完好无损的鸡蛋用干净的布或者纸,轻轻将蛋壳表面的污物擦拭干净。然后,以鸡蛋小头朝下、大头朝上的方式,放入冰箱冷藏。在春秋季,可在存放鸡蛋的容器内铺些木屑、锯末、细砂、米糠、稻谷,将鸡蛋小头朝下竖放,存放于温凉处。鸡蛋在冰箱内最多可存放40天,常温条件下一般为10~15天。如果存放时间过长,不但鸡蛋的新鲜度和营养成分会受到影响,还会因细菌的侵入发生变质,出现粘壳、散黄等现象。

不要以为鸡蛋生吃比熟吃有营养,生吃鸡蛋有害无益。第一,由于鸡蛋从鸡的泄殖腔产出,带菌率很高,生吃容易引起感染。第二,通过检测发现,不同状态的鸡蛋中都有一定的携带致病菌几率,对免疫力低下的人来说,食用加热不彻底的鸡蛋,存在被细菌感染的风险。第三,生鸡蛋有腥味,让人有不适感,使人食欲减退,有时还可能使人呕吐。所以,鸡蛋一定要熟吃。


འཛད་སྤྱོད་པས་སྒོ་ང་ཉོས་རྗེས་སྔོན་ལ་སེར་ཁ་གས་པའམ་ཆག་པའི་སྒོ་ང་སྒྲུགས་ཏེ་སྐྱོན་མེད་པའི་སྒོ་ངར་རས་སམ་ཤོག་བུ་གཙང་མས་སྒོ་ངའི་ཕྱི་ངོས་ཀྱི་བཙོག་པ་ག་ལེར་ཕྱིས་དགོས། དེ་རྗེས་སྒོ་ངའི་རྩེ་མོ་འོག་ལ་གཏད་དེ་འཁྱག་སྒམ་ནང་བླུག་དགོས། དཔྱིད་ཀ་དང་སྟོན་ཁར་སྒོ་ང་འཇོག་པའི་སྣོད་ཆས་ནང་ཤིང་ཞོགས་དང་། སོག་ཕྱེ། བྱེ་ཞིབ། འབྲས་ཤུན། འབྲས་སོབ་སོགས་བླུགས་ཏེ་སྒོ་ངའི་སྣེ་མོ་བཙུགས་ནས་ཚ་གྲང་སྙོམས་སར་འཇོག་དགོས། སྒོ་ང་འཁྱག་སྒམ་ནང་མང་ཤོས་ལ་ཉིན་40ལས་འཇོག་མི་ཉན་པ་དང་། དྲོད་ཚད་སྙོམས་པའི་ཁོར་ཡུག་ཏུ་ཉིན་10ནས་15བར་ལས་འཇོག་མི་ཉན། གལ་ཏེ་འཇོག་ཡུན་རིང་དྲགས་ན་སྒོ་ང་རྙིང་པ་ཆགས་ནས་འཚོ་བཅུད་ཤོར་འགྲོ་ལ་ད་དུང་སྲིན་འབུ་འགོས་ནས་རུལ་སླ་བ་དང་། པགས་པ་འབྱར་བ། སེར་རིལ་རྡོག་མ་སྒྲིལ་བ་སོགས་ཀྱི་སྣང་ཚུལ་ཐོན་གྱི་ཡོད། 

སྒོ་ང་རྗེན་པར་བཟས་ན་བཙོས་པ་ལས་འཚོ་བཅུད་ཡག་པ་དང་སྒོ་ང་རྗེན་པ་བཟས་ན་གནོད་པ་མེད་པའི་ངོས་འཛིན་བྱེད་མི་རུང་། གཅིག་ནས་བྱ་དེའི་སྐྱེ་འཕེལ་དབང་པོ་ནས་སྒོ་ང་གཏོང་སྐབས་འབུ་སྲིན་མང་པོ་ཡོད་པས་རྗེན་པ་བཟས་ན་འགོས་ཚད་ཆེ་བ་དང་། གཉིས་ནས་ཞིབ་དཔྱད་བྱས་རྗེས་རྣམ་པ་མི་འདྲ་བའི་སྒོ་ངར་ནད་འབུ་འགོས་ཚད་ངེས་ཅན་ཡོད་པས་ནད་འགོག་ནུས་པ་ཞན་པའི་མིས་སྒོ་ང་མ་འཚོས་པ་བཟས་ན་འབུ་སྲིན་འགོས་པའི་ཉེན་ཁ་ཡོད་པ། གསུམ་ནས་སྒོ་ང་རྗེན་པར་རྗེན་དྲི་ཡོད་པས་མི་ཁག་གཅིག་དང་ག་ཉམས་པ་དང་སྐབས་རེ་སྐྱུག་གི་ཡོད། དེས་ན་སྒོ་ང་ཡིན་གཅིག་འཚོས་པོ་ཟ་དགོས།