乡村振兴战略的基本原则是什么?
གྲོང་གསེབ་དར་རྒྱས་འཐབ་ཇུས་ཀྱི་གཞི་རྩའི་རྩ་དོན་གང་ཡིན་ནམ།

发布时间:2021年08月09日


坚持党管农村工作。毫不动摇地坚持和加强党对农村工作的领导,健全党管农村工作方面的领导体制机制和党内法规,确保党在农村工作中始终总揽全局、协调各方,为乡村振兴提供坚强有力的政治保障。

坚持农业农村优先发展。把实现乡村振兴作为全党的共同意志、共同行动,做到认识统一、步调一致,在干部配备上优先考虑,在要素配置上优先满足,在资金投入上优先保障,在公共服务上优先安排,加快补齐农业农村短板。

坚持农民主体地位。充分尊重农民意愿,切实发挥农民在乡村振兴中的主体作用,调动亿万农民的积极性、主动性、创造性,把维护农民群众根本利益、促进农民共同富裕作为出发点和落脚点,促进农民持续增收,不断提升农民的获得感、幸福感、安全感。

 

 



ཏང་གིས་གྲོང་གསེབ་ཀྱི་ལས་དོན་ལ་དོ་དམ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཏང་གིས་གྲོང་གསེབ་ཀྱི་ལས་དོན་ལ་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་བརྒྱབ་ཅིང་། ཏང་གིས་གྲོང་གསེབ་ཀྱི་ལས་དོན་ལ་དོ་དམ་བྱེད་པའི་འགོ་ཁྲིད་ཀྱི་སྒྲིག་སྲོལ་ལམ་སྲོལ་དང་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། གྲོང་གསེབ་ལས་དོན་ཁྲོད་ཏང་གིས་ཐོག་མཐའ་བར་གསུམ་དུ་སྤྱི་ཡོངས་སྟངས་འཛིན་དང་ཕྱོགས་ཁག་མཐུན་སྦྱོར་བྱས་ཏེ་གྲོང་གསེབ་དར་རྒྱས་ཆེད་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་འགན་ལེན་བྱེད་དགོས།

ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས། གྲོང་གསེབ་དར་རྒྱས་མངོན་འགྱུར་བྱ་རྒྱུ་དེ་ཏང་ཡོངས་ཀྱི་ཐུན་མོང་གི་འདུན་པ་དང་བྱ་སྤྱོད་ལ་བརྩིས་ཏེ། ངོས་འཛིན་གཅིག་གྱུར་དང་གོམ་སྟབས་གཅིག་གྱུར་ཡོང་བ་བྱེད་པ་དང་། ལས་བྱེད་པ་བཀོད་སྒྲིག་བྱེད་སྐབས་སྔོན་ལ་བསམ་གཞིག་བྱེད་པ། རྒྱུ་རྐྱེན་གཙོ་བོ་བཀོད་སྒྲིག་ཐད་སྔོན་ལ་བསམ་གཞིག་བྱེད་པ། མ་དངུལ་གཏོང་བའི་ཐད་སྔོན་ལ་འགན་ལེན་བྱེད་པ། སྤྱི་པའི་ཞབས་ཞུའི་ཐད་སྔོན་ལ་བཀོད་སྒྲིག་བཅས་བྱས་ནས་ཞིང་ལས་དང་གྲོང་གསེབ་ཀྱི་ཞན་ཆ་གང་མགྱོགས་གསབ་དགོས།

ཞིང་པའི་བྱེད་པོའི་གནས་བབ་མཐའ་འཁྱོངས་བྱེད་དགོས། ཞིང་པའི་འདོད་འདུན་ལ་བརྩི་འཇོག་གང་ལེགས་བྱེད་པ་དང་། གྲོང་གསེབ་དར་རྒྱས་གཏོང་བའི་ཁྲོད་ཀྱི་ཞིང་པའི་བྱེད་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཞིང་པ་དུང་ཕྱུར་མང་པོའི་ཧུར་སེམས་དང་། རང་འགུལ་གྱི་བསམ་པ། གསར་གཏོད་བྱེད་སེམས་བཅས་སྐོང་འཐེན་བྱེད་པ། ཞིང་པ་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་དང་ཞིང་པ་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་བ། ཞིང་པར་རྒྱུན་མཐུད་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཞིང་པའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཧ་ཅང་ཆེ་རུ་གཏོང་དགོས།