《国家乡村振兴战略规划(2018-2022年)》的具体要求是什么?
《རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་འཐབ་ཇུས་འཆར་འགོད(2018ལོ་ནས་2022ལོ་བར)》གྱི་ཞིབ་ཕྲའི་བླང་བྱ་གང་ཡིན་ནམ།

发布时间:2021年08月09日


《规划》围绕落实中央统筹、省负总责、市县抓落实的乡村振兴工作机制,从五方面提出要求。

一是坚持党的领导。落实党政一把手是第一责任人、五级书记抓乡村振兴的工作要求,让乡村振兴成为全党全社会的共同行动。

二是尊重农民意愿。切实发挥农民主体作用,避免代替农民选择,形成全体人民群策群力、共建共享的乡村振兴局面。

三是强化规划引领。抓紧编制地方规划和专项规划或方案,推动形成城乡融合、区域一体、多规合一的乡村振兴战略规划体系。

四是注重分类施策。顺应村庄发展规律和演变趋势,按照集聚提升、融入城镇、特色保护、搬迁撤并的思路,分类推进,打造各具特色的现代版"富春山居图"。

五是把握节奏力度。坚持稳中求进工作总基调,谋定而后动,避免一哄而上、急于求成、层层加码,避免过度举债搞建设,避免搞强迫命令一刀切、搞形象工程堆盆景。

 

 



《འཆར་འགོད》ནང་ཀྲུང་དབྱང་གིས་སྤྱི་འདོམས་བྱེད་པ་དང་། ཞིང་ཆེན་གྱིས་སྤྱི་འགན་འཁུར་བ། གྲོང་ཁྱེར་དང་རྫོང་གིས་དོན་འཁྱོལ་དམ་འཛིན་བཅས་ཀྱི་གྲོང་གསེབ་དར་རྒྱས་ལས་དོན་ལམ་སྲོལ་དོན་འཁྱོལ་ལ་དམིགས་ཏེ་ཕྱོགས་ལྔའི་ཐད་ནས་བླང་བྱ་བཏོན་པ་སྟེ།

གཅིག་ནི་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ། ཏང་སྲིད་འགོ་ཁྲིད་པ་དང་པོ་འགན་འཁུར་བ་ཨང་དང་པོ་ཡིན་པ་དང་རིམ་ལྔའི་ཧྲུའུ་ཅིས་གྲོང་གསེབ་དར་རྒྱས་ལ་དམ་འཛིན་བྱེད་པའི་ལས་ཀའི་བླང་བྱ་དོན་འཁྱོལ་བྱས་ནས་གྲོང་གསེབ་དར་རྒྱས་དེ་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་བྱ་སྤྱོད་དུ་འགྱུར་བ་བྱེད་དགོས་པ།

གཉིས་ནི་ཞིང་པའི་འདོད་པར་བརྩི་འཇོག་བྱས་པ། ཞིང་པའི་བྱེད་པོའི་ནུས་པ་འདོན་སྤེལ་བྱེད་པ་དང་། ཞིང་པའི་ཚབ་བྱས་ནས་གདམ་ག་བྱ་རྒྱུ་འགོག་ནས་མི་དམངས་ཡོངས་ཀྱིས་ཇུས་ཤུགས་མཉམ་འདོན་དང་མཉམ་སྐྲུན་མཉམ་སྤྱོད་ཀྱི་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་ཞིག་ཆགས་པ་བྱེད་དགོས་པ།

གསུམ་ནི་འཆར་འགོད་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ས་གནས་ཀྱི་འཆར་འགོད་དང་ཆེད་དོན་འཆར་འགོད་དམ་ཡང་ན་ཇུས་གཞི་བཟོ་རྒྱུར་དམ་འཛིན་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་དང་། ས་ཁོངས་གཞི་གཅིག འཆར་མང་གཅིག་སྒྲིལ་བཅས་ཀྱི་གྲོང་གསེབ་དར་རྒྱས་འཆར་འགོད་མ་ལག་ཆགས་རྒྱུར་སྐུལ་འདེད་གཏོང་དགོས་པ།

བཞི་ནས་རིགས་དབྱེ་ཇུས་བསྟར་ལ་གཙིགས་ཆེན་བྱས་པ། གྲོང་ཚོའི་འཕེལ་རྒྱས་ཀྱི་ཆོས་ཉིད་དང་འགྱུར་ལྡོག་ལ་བསྟུན་ནས་གཅིག་སྡུད་མཐོར་འདེགས་དང་། གྲོང་ཁྱེར་དང་གྲོང་རྡལ་མཉམ་འདྲེས། ཁྱད་ལྡན་སྲུང་སྐྱོང་། གནས་སྤོ་འཐེན་སྒྲིལ་བཅས་ཀྱི་བསམ་ཕྱོགས་ལ་གཞིགས་ནས་རིགས་དབྱེ་སྐུལ་འདེད་བཏང་སྟེ་ཁྱད་ཆོས་ལྡན་པའི་དེང་རབས་ཀྱི་རྣམ་པ་གཏོད་དགོས་པ།

ལྔ་ནས་གོ་རིམ་དང་ཤུགས་ཚད་སྟངས་འཛིན་བྱས་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ཏེ་ཇུས་གཞི་གཏན་འཁེལ་གྱིས་འུར་ཐེངས་གཅིག་ལ་བསྒྲུབ་རྒྱུ་དང་། འཕྲལ་ཏུ་ལེགས་འགྲུབ་ཡོང་རེ་བྱེད་པ། རིམ་གྱིས་གནོན་ཤུགས་སྤྲོད་པ་བཅས་སྔོན་འགོག་དང་བུ་ལོན་བཟོས་ནས་འཛུགས་སྐྲུན་བྱ་རྒྱུ་འགོག་པ། བཀའ་བཏང་ནས་གཅིག་དཔེ་བརྒྱ་འགེབས་དང་གཟུགས་བརྙན་ལས་གྲྭ་བསྐྲུན་རྒྱུ་འགོག་པ་བཅས་བྱེད་དགོས་པ་བཅས་རེད།