《关于实现巩固拓展脱贫攻坚成果同乡村振兴有效衔接的意见》如何做好脱贫攻坚与乡村振兴在领导体制和工作机制上的有效衔接?
《དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱ་རྒྱུའི་སྐོར་གྱི་བསམ་འཆར》ནང་ཇི་ལྟར་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་དེ་འགོ་ཁྲིད་གི་སྒྲིག་སྲོལ་དང་ལས་ཀའི་ལམ་སྲོལ་དང་འབྲེལ་མཐུད་ནུས་ལྡན་བྱ་རྒྱུའི་སྐོར་གང་དང་གང་ཡོད་དམ།

发布时间:2021年08月09日

 

答:脱贫攻坚工作中,形成了一整套行之有效的领导体制和工作机制。要总结脱贫攻坚经验,发挥脱贫攻坚体制机制作用,接续推进脱贫地区乡村全面振兴。

在领导体制上,《意见》明确健全中央统筹、省负总责、市县乡抓落实的工作机制,构建责任清晰、各负其责、执行有力的乡村振兴领导体制,层层压实责任。

在工作体系上,《意见》强调持续加强脱贫村党组织建设,选好用好管好乡村振兴带头人。对巩固拓展脱贫攻坚成果和乡村振兴任务重的村,继续选派驻村第一书记和工作队,健全常态化驻村工作机制。

在规划实施和项目建设上,《意见》提出将实现巩固拓展脱贫攻坚成果同乡村振兴有效衔接的重大举措纳入“十四五”规划。

在考核机制上,《意见》明确把巩固拓展脱贫攻坚成果纳入市县党政领导班子和领导干部推进乡村振兴战略实绩考核范围。与高质量发展综合绩效评价做好衔接,科学设置考核指标,切实减轻基层负担。



 དྲིས་ལན། དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཁྲོད་སྤྱོད་གོ་ཆོད་པའི་འགོ་ཁྲིད་ཀྱི་སྒྲིག་སྲོལ་དང་ལས་ཀའི་ལམ་སྲོལ་ཆ་ཚང་པོ་ཞིག་ཆགས་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་ཉམས་མྱོང་ཕྱོགས་སྡོམ་བྱེད་པ་དང་ཆབས་ཅིག དབུལ་སྒྲོལ་འགག་སྒྲོལ་གྱི་སྒྲིག་སྲོལ་དང་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་བྱས་ནས་དབུལ་སྒྲོལ་ས་ཁུལ་གྱི་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་རྒྱུ་རེད། 

 འགོ་ཁྲིད་ཀྱི་སྒྲིག་སྲོལ་ཐད《བསམ་འཆར》ནང་ཀྲུང་དབྱང་གིས་སྤྱི་འདོམས་བྱེད་པ་དང་། ཞིང་ཆེན་གྱིས་ཕྱོགས་ཡོངས་ནས་འགན་འཁུར་བ། གྲོང་ཁྱེར་དང་། རྫོང་། ཤང་གསུམ་གྱིས་དོན་འཁྱོལ་ལ་དམ་འཛིན་བྱེད་པ་བཅས་ཀྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་འགན་འཁྲི་ཁ་གསལ་དང་། རང་འགན་རང་འཁུར། ལག་བསྟར་ནུས་ལྡན་བཅས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་འགོ་ཁྲིད་སྒྲིག་སྲོལ་བཙུགས་ནས་རིམ་པ་བཞིན་འགན་འཁྲི་ནན་དུ་གཏོང་དགོས་ཞེས་ཁ་གསལ་བཏོན་ཡོད། 

ལས་ཀའི་མ་ལག་ཐད《བསམ་འཆར》ནང་དབུལ་སྒྲོལ་གྲོང་ཚོའི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ། གྲོང་གསེབ་དར་རྒྱས་ཀྱི་སྣེ་ཁྲིད་པ་འདེམས་སྤྱོད་ཡག་པོ་དང་དོ་དམ་ཡག་པོ་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་ཀྱི་ལས་འགན་ལྕི་བའི་གྲོང་ཚོར་གྲོང་སྡོད་ཧྲུའུ་ཅི་དང་པོ་དང་ལས་དོན་རུ་ཁག་མུ་མཐུད་འདེམས་གཏོང་བྱས་ནས་རྒྱུན་རྣམ་ཅན་གྱི་གྲོང་སྡོད་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་ནན་བཤད་བྱས་ཡོད། 

 འཆར་འགོད་ལག་བསྟར་དང་རྣམ་གྲངས་འཛུགས་སྐྲུན་ཐད《བསམ་འཆར》ནང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་བྱེད་ཐབས་གལ་ཆེན་དེ“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ནང་འཇུག་དགོས་ཞེས་བཏོན་ཡོད། 

 དཔྱད་ཞིབ་ལམ་སྲོལ་ཐད《བསམ་འཆར》ནང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་དེ་གྲོང་ཁྱེར་དང་རྫོང་གི་ཏང་སྲིད་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་གྲུབ་འབྲས་དངོས་ལ་དཔྱད་ཞིབ་བྱེད་པའི་ཁྱབ་ཁོངས་ནང་འཇུག་དགོས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་ལས་རྗེས་གདེང་འཇོག་དང་འབྲེལ་མཐུད་ཡག་པོ་བྱས་ཏེ། ཚན་རིག་དང་མཐུན་པའི་ངང་དཔྱད་ཞིབ་དམིགས་ཚད་བཟོས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་ཏན་ཏིག་གཏོང་དགོས་ཞེས་ཁ་གསལ་བཏོན་ཡོད།