世界地球日
འཛམ་གླིང་སའི་གོ་ལའི་ཉིན་མོ།

发布时间:2022年09月07日

●每年的4月22日

时间4月17日4月23日为主题宣传活动。

●世界地球日的发展

世界地球日活动起源于美国

1970年4月22日,人类历史上的第一个“地球日”。

美国哈佛大学学生“地球日之父”丹尼斯·海斯首次发起了声势浩大的2000多万美国人参与的地球日活动,从而开创了世界上第一个“地球日”纪念活动。

1990年4月22日,全世界140多个国家和地区2亿多人同时举行了多种多样的宣传活动。

2009年4月22日,第63届联合国大会通过决议将每年的4月22日定为“世界地球日

●世界地球日宗旨是什么?

世界地球日的宗旨是唤起人类爱护地球、保护家园的意识,促进资源开发与环境保护的协调发展,进而改善地球的整体环境。

●十大地球环境问题

全球气候变暖、臭氧层的耗损与破坏、生物多样性减少、酸雨蔓延、森林锐减、土地荒漠化、大气污染、水污染、海洋污染、危险性废物越境转移。

●我们应该怎么做

·食

购买应季蔬果、吃粗加工的食物、食不过量、就餐时不使用或少用一次性碗筷等消费品

·衣

洗衣的次数、家中的容量、生活方式经济状况等四要素来决定购衣频率,尽量控制好,不要超量(重质不重量)。

选购天然棉、麻等自然材质(有机性的),才可回收再生。

·住

用器皿盛水,节约用水,装修多用绿色环保型材料,随手关水,出门关灯。

无纸化办公,不浪费纸张

尽量使用可再生材料制成的工作生活用品,选购含有环保冷媒的冰箱空调,减少氟利昂排放。

·行

多选择绿色出行、多选择公共交通出行。


●ལོ་རེའི་ཟླ་4ཚེས་22ཉིན།

 ཟླ་4ཚེས་17ཉིན་ནས་ཟླ་4ཚེས་23ཉིན་ནི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་རེད།

●འཛམ་གླིང་གི་སའི་གོ་ལའི་ཉིན་མོའི་འཕེལ་རྒྱས།

འཛམ་གླིང་གི་སའི་གོ་ལའི་ཉིན་མོའི་བྱེད་སྒོ་དེ་ཨ་རི་ནས་དར་བ་ཞིག་རེད།

1970ལོའི་ཟླ་4ཚེས་22ཉིན་ནི་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི“སའི་གོ་ལའི་ཉིན་མོ”དང་པོ་དེ་རེད།

ཨ་རིའི་ཧ་ཕུའུ་སློབ་ཆེན་གྱི་སློབ་མ“སའི་གོ་ལའི་ཉིན་མོའི་ཕ”ཞེས་འབོད་པའི་ཏན་ཉི་སི.ཧའེ་སིས་རྔམས་བརྗིད་ཆེན་པོས་ཨ་རི་བ་ཁྲི་2000ལྷག་ཙམ་ཞུགས་པའི་སའི་གོ་ལའི་ཉིན་མོའི་བྱེད་སྒོ་ཐོག་མར་སྤེལ་ནས་འཛམ་གླིང་ཐོག“སའི་གོ་ལའི་ཉིན་མོ”ཞེས་པའི་དྲན་གསོའི་བྱེད་སྒོ་ཐོག་མ་དེ་བཏོད་པ་རེད།

1990ལོའི་ཟླ་4ཚེས་22ཉིན།འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་དང་ས་ཁུལ་140ལྷག་ཙམ་གྱི་མི་དུང་ཕྱུར་2ལྷག་ཙམ་གྱིས་དུས་གཅིག་ཏུ་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་ཡོད།

2009ལོའི་ཟླ་4ཚེས་22ཉིན་སྐབས་63པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ཐོག་གྲོས་ཆོད་ལ་གྲོས་འཆམ་བྱུང་ནས་ལོ་ལྟར་གྱི་ཟླ་4ཚེས་22ཉིན་དེ“འཛམ་གླིང་སའི་གོ་ལའི་ཉིན་མོར”གཏན་འཁེལ་བྱས་པ་རེད།

●འཛམ་གླིང་གི་སའི་གོ་ལའི་ཉིན་མོའི་དམིགས་ཡུལ་གང་ཡིན་ནམ།

འཛམ་གླིང་གི་སའི་གོ་ལའི་ཉིན་མོའི་དམིགས་ཡུལ་ནི། མིའི་རིགས་ཀྱིས་སའི་གོ་ལར་གཅེས་སྐྱོང་དང་ཁྱིམ་གཞིས་སྲུང་སྐྱོང་བྱེད་པའི་འདུ་ཤེས་སྐུལ་སློང་བྱས་ཏེ།ཐོན་ཁུངས་གསར་སྤེལ་དང་ཁོར་ཡུག་སྲུང་སྐྱོང་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས་སའི་གོ་ལའི་ཁྱོན་ཡོངས་ཀྱི་ཁོར་ཡུག་ལེགས་བཅོས་བྱ་རྒྱུ་དེ་རེད།

●སའི་གོ་ལའི་ཁོར་ཡུག་གི་གནད་དོན་ཆེན་པོ་བཅུ།

གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་ཕྱིན་པ་དང་།དྲི་ངན་དབྱང་རླུང་ཟད་གྲོན་དང་གཏོར་བཤིག  སྐྱེ་དངོས་སྣ་མང་རང་བཞིན་ཉུང་དུ་ཕྱིན་པ། སྐྱུར་ཆར་འབབ་ཚད་མང་དུ་ཕྱིན་པ།ནགས་ཚལ་ཉུང་དུ་ཕྱིན་པ།ས་ཞིང་བྱེ་སར་གྱུར་པ།རླུང་ཁམས་ཆེ་མོའི་སྦགས་བཙོག  ཆུ་སྦགས་བཙོག  རྒྱ་མཚོ་སྦགས་བཙོག  ཉེན་ཁའི་རང་བཞིན་གྱི་ཟོག་རོ་རྒྱལ་མཚམས་སྒྲོལ་ནས་དབོར་བ་བཅས་ཡིན།

●ང་ཚོས་ཇི་ལྟར་བྱེད་དགོས་སམ།

 .ཟ་མ།

 དུས་ཚིགས་ཀྱི་སྔོ་ཚལ་ཤིང་འབྲས་དང་།  ལས་སྣོན་རགས་ལས་བཟའ་བཅའ།  བཟའ་བཏུང་ཚད་རན་པོ། ལྟོ་ཟ་སྐབས་ཐེངས་གཅིག་རང་བཞིན་གྱི་ཕོར་པ་དང་ཁའོ་ཙེ་སོགས་འཛད་སྤྱོད་ཉུང་ཙམ་སྤྱོད་དགོས།

 . གྱོན་ཆས།

གོས་འཁྲུ་བའི་ཐེངས་གྲངས་དང་།   ཁྱིམ་དུ་ཤོང་ཚད།  འཚོ་བ་སྐྱེལ་སྟངས། དཔལ་འབྱོར་གྱི་གནས་ཚུལ་སོགས་རྒྱུ་རྐྱེན་བཞི་ལ་བརྟེན་ནས་གྱོན་ཆས་ཉོ་ཚད་གཏན་འཁེལ་དང་ཆབས་ཅིག་གྲངས་ཚད་ཚོད་འཛིན་ཡག་པོ་བྱེད་པ་ལས། མང་པོ་ཉོ་རྒྱུ་མེད(སྤུས་ཚད་ལ་ལྟ་བ་ལས་མང་ཉུང་ལ་ལྟ་མི་རུང)

སྲིང་བལ་དང་སོ་མ་སོགས་རང་བྱུང་གི་རྒྱུ་ཆའི་གྱོན་ཆས(སྐྱེ་ལྡན་རང་བཞིན)ཉོས་ན་སླར་བསྡུ་བེད་སྤྱོད་བྱེད་ཐུབ། 

.སྡོད་ཁང་།

སྣོད་ཆས་ནང་ཆུ་གསོག་པ་དང་།ཆུ་གྲོན་ཆུང་བྱེད་པ།མཛེས་བཟོ་བྱེད་སྐབས་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་གི་རྒྱུ་ཆ་མང་ཙམ་སྤྱོད་པ།  ཕྱིར་ཐོན་སྐབས་ཆུ་བཀག་པ་དང་གློག་གསོད་དགོས།

གཞུང་ལས་ཁང་དུ་ཤོག་བུར་གྲོན་ཆུང་བྱེད་དགོས།

བསྐྱར་སྐྱེས་ཐུབ་པའི་རྒྱུ་ཆ་ལས་བཟོས་པའི་ལས་ཀ་དང་འཚོ་བའི་མཁོ་ཆས་མང་ཙམ་སྤྱོད་པ་དང་ཁོར་ཡུག་སྲུང་སྐྱོང་གི་འཁྱག་སྒམ་དང་རླུང་འཁོར་ཉོས་ནས་ཧྥེ་ལི་འབུད་ཚད་ཉུང་དུ་གཏོང་དགོས།

.འགྲོ་སྐྱོད།

ལྗང་མདོག་འགྲོ་སྐྱོད་དང་སྤྱི་སྤྱོད་རླངས་འཁོར་ནང་སྡོད་ཚད་མང་དུ་གཏོང་དགོས།