如何防范电信网络诈骗(一)
ཇི་ལྟར་བྱས་ཏེ་གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་འགོག་དགོས་སམ།

发布时间:2022年09月27日

▲ 什么是电信网络诈骗?

电信网络诈骗指的是犯罪分子通过电话、短信以及网络等方式,假冒身份,诱骗受害者转账汇款的犯罪行为。

·电信网络诈骗犯罪分子常常利用受害人趋利避害、贪图小利等心理来达到目的。

·电信网络诈骗通常为团队作案,采用远程的、非接触式的方式,且诈骗方式不断更新。

▲ 电信诈骗的一些常见手法

·冒充公检法人员,以“名下账号涉嫌诈案” “有不明贷款影响征信”等借口,通过“配合案情”“私下协商”等手段,要求受害人转账汇款。

·冒充10086或电商客服等,发送虚假网址链接,诱骗受害者点击填写,以盗取受害者的账号密码信息。

·通过短信冒充受害者家人朋友的身份,以救急为由要求受害者给提供的账号打款。

·盗用他人qq、微信等网络账号,冒充受害者好友向受害者借钱。

 


▲གང་ཞིག་ལ་གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་ཟེར་རམ།

གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་ནི་ཉེས་ཅན་པས་ཁ་པར་དང་། འཕྲིན་ཐུང་། དྲ་རྒྱ་སོགས་ལ་བརྟེན་ནས་ཐོབ་ཐང་རྫུན་མ་བཟོས་ཏེ་གནོད་འཚེ་ཕོག་མཁན་ལ་དངུལ་བསྐུར་དུ་འཇུག་པའི་ཉེས་གསོག་བྱེད་སྤྱོད་ཅིག་རེད།

གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་རྒྱག་མཁན་ཉེས་ཅན་པས་རྟག་ཏུ་གནོད་འཚེ་ཕོག་མཁན་གྱི་ཕན་གཉེར་གནོད་གཡོལ་དང་ཁེ་བཟང་ཆུང་རྩག་རག་ཐབས་བྱེད་པའི་བསམ་བློར་བརྟེན་ནས་མགོ་སྐོར་གཏོང་གི་ཡོད།

གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་ནི་རྟག་ཏུ་ཚོགས་པའི་ཉེས་གསོག་ཡིན་ཞིང་། རྒྱང་རིང་དང་འབྲེལ་ཐུག་བྱེད་མི་དགོས་པའི་ཐབས་ལ་བརྟེན་པ་མ་ཟད། ཁ་བསླུས་རྒྱག་སྟངས་ཡང་སེ་བརྗེ་ཡི་ཡོད།

▲རྒྱུན་མཐོང་གི་གློག་འཕྲིན་ཁ་བསླུས་རྒྱག་སྟངས།

སྤྱི་བདེ་དང་། ཞིབ་དཔྱོད། ཁྲིམས་ཁང་བཅས་ཀྱི་མི་སྣར་རྫུས་ཏེ“ཁྱེད་ཀྱི་རྩིས་ཁྲར་ཁ་བསླུས་ཀྱི་དོགས་པ་འདུག”ཅེས་དང“ཡོང་ཁུངས་གསལ་པོ་མེད་པའི་དངུལ་བུན་ལས་ཡིད་རྟོན་ལ་གནོད”ཟེར་བ་སོགས་ལ་ཁ་གཡར་ནས“གྱོད་གཞིར་གཞོགས་འདེགས”དང“ལྐོག་ཏུ་གྲོས་མོལ”སོགས་ཀྱི་བྱ་ཐབས་བརྒྱུད་གནོད་འཚེ་ཕོག་མཁན་ལ་དངུལ་བསྐུར་དགོས་པའི་རེ་བ་འདོན་གྱི་ཡོད།

10086གམ་ཡང་ན་དྲ་ཐོག་ཚོང་ཁང་གི་ཞབས་ཞུ་བ་སོགས་ལ་རྫུས་ནས་དྲ་ཚིགས་རྫུན་མ་བསྐུར་ཏེ་གནོད་འཚེ་ཕོག་མཁན་ལ་ཆ་འཕྲིན་སྐོང་དགོས་པའི་མགོ་སྐོར་བཏང་རྗེས་གནོད་འཚེ་ཕོག་མཁན་གྱི་རྩིས་ཁྲའི་གསང་ཨང་རྐུ་ཡི་ཡོད།

གནོད་འཚེ་ཕོག་མཁན་གྱི་ནང་མིར་རྫུས་ནས་ཁ་ཚ་དགོས་གཏུག་གི་དགོས་མཁོ་ཡོད་པའི་འཕྲིན་ཐུང་བསྐུར་ཏེ་གནོད་འཚེ་ཕོག་མཁན་ལ་རྩིས་ཁྲ་ནས་དངུལ་བསྐུར་དགོས་པའི་རེ་བ་འདོན་གྱི་ཡོད།

མི་གཞན་གྱི་QQདང་སྐད་འཕྲིན་སོགས་དྲ་རྒྱའི་ཨང་རྟགས་བརྐུས་ཏེ་གནོད་འཚེ་ཕོག་མཁན་གྱི་གྲོགས་པོ་ཡིན་ཁལ་གྱིས་གནོད་འཚེ་ཕོག་མཁན་ས་ནས་དངུལ་གཡར་གྱི་ཡོད།