常规透气膜水稻育秧法的实际应用形式
རྒྱུན་མཐོང་གི་རླུང་རྒྱུག་འགྱིག་ཁེབས་ལ་བརྟེན་ནས་ཆུ་འབྲས་ཀྱི་ལྗང་བུ་གསོ་སྟངས།

发布时间:2022年09月28日

常规透气膜水稻育秧法,就是指在水稻播种后,以蓝色无纺布透气膜为主,平铺覆盖于床面的育秧方式。这种育秧方式的在2005年在梅河口市牛心顶等乡镇开始推广,因其低成本(省除棚拱支架费用)、省工时(可在膜外浇水、追肥、施药,不需揭膜练苗)、易操作(使水稻育秧做到了“傻瓜化”―――象使用傻瓜相机那样操作简单)、少病害(发生水稻苗立枯病、烤苗现象明显减少)及秧苗素质较高等特点,受到了一分部农民欢迎,至今用户使用率已达35%左右。

常规透气膜水稻育秧法,在生产实际中,经常以下三种形式出现:

第一种形式是全程单层透气膜覆盖育苗。即播后一直是单层透气膜覆盖育苗。

第二种形式是播后初期采用二层平铺覆盖育苗。底层平铺地膜,上层平铺透气膜;或底层平铺透气膜,上层平铺塑料膜;还有的是底层平铺透气膜,上层外加起拱塑料膜。出苗后换作单层蓝色无纺布透气膜平铺覆盖。

第三种形式是播后初期采用三层平铺覆盖育苗。底层平铺地膜,中层平铺透气膜,上层平铺塑料膜。出苗后换作单层蓝色无纺布透气膜平铺覆盖。


རྒྱུན་མཐོང་གི་རླུང་རྒྱུག་འགྱིག་ཁེབས་ལ་བརྟེན་ནས་ཆུ་འབྲས་ཀྱི་ལྗང་བུ་གསོ་སྟངས་ནི་ཆུ་འབྲས་བཙུགས་རྗེས། འཐག་མེད་པའི་རས་ཀྱི་རླུང་རྒྱུག་འགྱིག་ཁེབས་སྔོན་པོས་གཙོ་བོ་བྱས་པ་དང་། ཁོད་སྙོམས་པོས་འབྲས་ལྗང་གསོ་སའི་ཐོག་ཁེབས་ནས་གསོ་བའི་ལྗང་བུ་གསོ་སྟངས་ཤིག་རེད། ལྗང་བུ་གསོ་སྟངས་དེ་2005ལོར་མེ་ཧོ་ཁོ་གྲོང་ཁྱེར་གྱི་ཉེའུ་ཤིན་ཏིང་སོགས་ཤང་གྲོང་ནས་ཁྱབ་གདལ་བྱུང་བ་ཞིག་རེད། དེའི་མ་གནས་དམའ་བ(དྲོད་ཁང་གི་འདེགས་སྒྲོམ་འཛུགས་པའི་རིན་པ་གྲོན་ཆུང་ཐུབ་པ)དང་། ལས་ཡུན་ཐུང་བ(འགྱིག་ཁེབས་ཕྱི་རོལ་ནས་ཆུ་རྒྱག་པ་དང་། ཁ་ལུད་རྒྱག་པ། ཞིང་སྨན་གཏོར་བ་བཅས་བྱེད་ཆོག་པས་འགྱིག་ཁེབས་ཁ་ཕྱེ་དགོས་མེད) བཀོལ་སྤྱོད་བྱེད་བདེ་བ(ཆུ་འབྲས་ཀྱི་ལྗང་བུ་གསོ་སྐབས་ཧ་ཅང་སྟབས་བདེ་བ) ནད་ཀྱི་གནོད་འཚེ་ཉུང་བ(ཆུ་འབྲས་ཀྱི་ལྗང་བུ་སྐམ་པ་དང་འཚིག་པའི་སྣང་ཚུལ་ཉུང་དུ་འགྲོ་བ) ལྗང་བུའི་སྤུས་ཀ་མཐོ་བ་སོགས་ཀྱི་ཁྱད་ཆོས་ལྡན་པས། ཞིང་པ་མི་ཉུང་བ་ཞིག་གི་དགའ་བསུ་ཐོབ་ནས་ད་བར་ཐབས་ཤེས་དེ་སྤྱོད་ཚད་35%ཙམ་ཟིན་གྱི་ཡོད།

རྒྱུན་མཐོང་གི་རླུང་རྒྱུག་འགྱིག་ཁེབས་ལ་བརྟེན་ནས་ཆུ་འབྲས་ཀྱི་ལྗང་བུ་གསོ་སྟངས་སྤྱད་དེ་ཐོན་སྐྱེད་དངོས་ཀྱི་ནང་རྟག་ཏུ་བྱེད་ཐབས་རིགས་གསུམ་ཐོན་པ་སྟེ།

རིགས་དང་པོ་ནི་བརྒྱུད་རིམ་ཧྲིལ་པོར་རླུང་རྒྱུག་འགྱིག་ཁེབས་གཅིག་རྩེག་གཡོགས་ནས་ལྗང་བུ་གསོ་བ། ཆུ་འབྲས་བཙུགས་པ་ནས་བཟུང་རླུང་རྒྱུག་འགྱིག་ཁེབས་གཅིག་རྩེག་གཡོགས་ནས་ལྗང་བུ་གསོ་གི་ཡོད།

རིགས་གཉིས་པ་ནི་ཆུ་འབྲས་བཙུགས་རྗེས་ཀྱི་ཐོག་མའི་དུས་སུ་འགྱིག་ཁེབས་ཉིས་རྩེག་གཡོགས་ནས་ལྗང་བུ་གསོ་བ། མཐིལ་དུ་འགྱིག་ཤོག་བཏིང་བ་དང་སྟེང་དུ་རླུང་རྒྱུག་འགྱིག་ཁེབས་གཡོག་དགོས་ཀྱི་ཡོད། གཞན་ཡང་། མཐིལ་དུ་རླུང་རྒྱུག་འགྱིག་ཁེབས་བཏིང་བ་དང་སྟེང་དུ་འགྱིག་ཁེབས་དཀྱུས་མ་བཏིང་གི་ཡོད། འགའ་རེས་མཐིལ་དུ་རླུང་རྒྱུག་འགྱིག་ཁེབས་བཏིང་བ་དང་སྟེང་གི་ཕྱི་རུ་འགྱིག་ཁེབས་སྣོན་གྱི་ཡོད། མྱུ་གུ་འབུས་རྗེས་འཐག་མེད་པའི་རས་ཀྱི་རླུང་རྒྱུག་འགྱིག་ཁེབས་སྔོན་པོ་གཅིག་རྩེག་སྙོམས་ཁེབས་བྱེད་ཀྱི་ཡོད།

རིགས་གསུམ་པ་ནི་ཆུ་འབྲས་བཙུགས་རྗེས་ཀྱི་ཐོག་མའི་དུས་སུ་འགྱིག་ཁེབས་གསུམ་རྩེག་གཡོགས་ནས་ལྗང་བུ་གསོ་བ། མཐིལ་དུ་ས་འགྱིག་བཏིང་བ་དང་། དཀྱིལ་ལ་རླུང་རྒྱུག་འགྱིག་ཁེབས་བཏིང་བ། སྟེང་དུ་འགྱིག་ཁེབས་དཀྱུས་མ་བཏིང་གི་ཡོད། མྱུ་གུ་འབུས་རྗེས་འཐག་མེད་པའི་རས་ཀྱི་རླུང་རྒྱུག་འགྱིག་ཁེབས་སྔོན་པོ་གཅིག་རྩེག་སྙོམས་ཁེབས་བྱེད་ཀྱི་ཡོད།