常规透气膜水稻育秧法的弊端
རྒྱུན་མཐོང་གི་རླུང་རྒྱུག་འགྱིག་ཁེབས་ལ་བརྟེན་ནས་ཆུ་འབྲས་ཀྱི་ལྗང་བུ་གསོ་སྟངས་ཀྱི་ཞན་ཆ།

发布时间:2022年09月28日

农户自认为增加平铺或起拱覆盖层数就能提高地温,有利出苗,但实际结果事与愿违。

1.平铺或起拱覆盖层数越多,出苗效果越差。在笔者入户指导育苗过程中,遇到个别农户因地膜或透气膜、或大棚膜长度过长,在水稻苗床一端折返成一小段双层膜后,进行平铺或起拱覆盖。在这样的特例中,单层的平铺或起拱覆盖透光效果明显地比双层覆盖好。平铺单层地膜覆盖比双层地膜平均地温提高1.5℃、早出苗2―3天;平铺单层透气膜比双层透气膜,地温提高2℃、早出苗3―5天;起拱单层塑膜覆盖比起拱双层的透光效果好,增温效果明显,秧苗粗壮。因此,平铺或起拱覆盖膜层数越多,床面土壤获取阳光直接辐射的热能越少,导致种子出苗越不好,秧苗素质越差。

2.调查发现:多的膜层组隔了阳光辐射及热量传递。①晴天中午,二层平铺覆盖育苗的苗床,以二层膜之间的温度最高;内层床面温度次之。而在阴暖天气中,内层床面温度反而比外界气温低。②晴天中午,三层平铺覆盖育苗的苗床,以外数第一层与二层膜之间的温度最高;第二层与第三层之间温度较低;第三层与床面间温度最低。在阴缓天气中,床面温度反而比外界气温低1―3℃。2011年春是低温寡照季节,实行三层平铺覆盖育苗的苗床,普遍出苗不好,一搬晚出苗5―8天,而比较晚揭去上层膜和底层地膜的苗床,因长时间低温高湿,造成坏种、毁种。

3.底层地膜只有保湿效果,没有增温作用。底层地膜与床面土壤长时间贴粘在一起,易引起缺氧坏种。位于平铺透气膜底层的地膜,因本身质软厚度过薄,加之上层透气膜附带的雨水长时间形成的压力,使地膜与湿软的床面土壤紧密地贴粘在一起,如果超过5―7天再不揭去地摸晾床,则可导致土壤中的水稻种子,因缺氧影响发芽出苗,在长时间低温寡照天气中,甚至坏种。

4.全程单层透气膜覆盖育苗效果相对较好,但在播后出苗前阶段,仍存在保温差、保湿效果不好的缺点。


ཞིང་དུད་ཀྱིས་སྙོམས་ཁེབས་སམ་ཡང་ན་འབུར་ཁེབས་ཀྱི་རྩེག་རིམ་མང་དུ་བཏང་ཚེ། ས་དྲོད་ཆེ་རུ་གཏོང་ཐུབ་པ་དང་མྱུ་གུ་འབུས་རྒྱུར་ཕན་པ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། དོན་དངོས་ཀྱི་འབྲས་བུ་དེ་རེ་འདོད་ལས་འགལ་ཡོད།

1.སྙོམས་ཁེབས་སམ་ཡང་ན་འབུར་ཁེབས་ཀྱི་རྩེག་རིམ་ཇི་ཙམ་མང་ན་མྱུ་གུ་འབུས་པའི་ཕན་འབྲས་དེ་ཙམ་གྱིས་ཞན་པ་ཡོད། སྨྱུག་འཛིན་པས་ཞིང་དུད་ནང་བསྡད་ནས་མཛུབ་ཁྲིད་བྱེད་པའི་བརྒྱུད་རིམ་ནང་། ཞིང་དུད་ཁག་གཅིག་གིས་ས་འགྱིག་དང་། རླུང་རྒྱུག་འགྱིག  དྲོད་ཁང་འགྱིག་བཅས་རིང་དྲགས་ནས། ཆུ་འབྲས་ཀྱི་ཞིང་མཐའ་ནས་ལྟེབ་ཚིགས་བརྒྱབ་རྗེས། དུམ་བུ་ཐུང་ཐུང་ཞིག་ཉིས་རྩེག་སྙོམས་ཁེབས་བྱེད་པའམ་ཡང་ན་འབུར་ཁེབས་བྱེད་ཀྱི་ཡོད། དམིགས་བསལ་གྱི་བྱེད་སྟངས་དེའི་ནང་། རིམ་པ་གཅིག་རྩེག་སྙོམས་ཁེབས་དང་འབུར་ཁེབས་བྱས་པ་དེའི་འོད་ཕོག་ཚད་དེ་ཉིས་རྩེག་ལས་ལེགས་པ་ཡོད། སྙོམས་ཁེབས་བྱས་པའི་གཅིག་རྩེག་ས་འགྱིག་གི་དྲོད་ཚད་དེ་ཉིས་རྩེག་ས་འགྱིག་གི་ཆ་སྙོམས་དྲོད་ཚད་ལས་15℃མཐོ་བ་ཡོད་ལ། མྱུ་གུ་འབུས་པའི་ཉིན་གྲངས་ཉིན་2ནས་3བར་སྔ་བ་ཡོད། སྙོམས་ཁེབས་བྱས་པའི་གཅིག་རྩེག་འགྱིག་ཁེབས་དང་ཉིས་རྩེག་རླུང་རྒྱུག་འགྱིག་ཁེབས་བསྡུར་ན། ས་དྲོད་2℃མཐོ་བ་ཡོད་ལ། མྱུ་གུ་འབུས་པའི་ཉིན་གྲངས་ཀྱང་ཉིན་3ནས་5བར་སྔ་བ་ཡོད། འབུར་གཟུགས་གཅིག་རྩེག་འགྱིག་ཁེབས་དང་འབུར་གཟུགས་ཉིས་རྩེག་འགྱིག་ཁེབས་བསྡུར་ན། འོད་འཕྲོ་ནུས་འབུར་གཟུགས་ལས་ལེགས་པ་ཡོད་ལ། དྲོད་འཕེལ་ཚད་མངོན་གསལ་དོད་པ་དང་ལྗང་བུ་སྟོབས་ཆེ་བའང་ཡོད། དེར་བརྟེན་སྙོམས་ཁེབས་དང་འབུར་གཟུགས་འགྱིག་ཁེབས་ཀྱི་རྩེག་རིམ་ཇི་ཙམ་མང་ན། ས་ཞིང་ལ་ཉི་འོད་ཐད་ཀར་ཕོག་ནས་ཚ་དྲོད་འཕེལ་ཚད་དེ་ཙམ་གྱིས་ཆུང་བ་ཡོད་པས། ས་བོན་གྱི་མྱུ་གུ་འབུས་ཚད་དེ་ཙམ་ཡག་པོ་མེད་ལ། ལྗང་བུའི་སྤུས་ཀ་ཡང་དེ་ཙམ་གྱིས་ཞན་པ་ཡོད།

2.བརྟག་དཔྱད་ལས་ཤེས་གསལ། འགྱིག་ཁེབས་རྩེག་རིམ་མང་པོས་ཉི་འོད་ཕོག་ཚད་དང་ཚ་དྲོད་འཕེལ་ཚད་ལ་གནོད་ཀྱི་ཡོད། ①གནམ་དྭངས་པའི་ཉིན་གུང་ཞིག་ལ་སྙོམས་ཁེབས་བྱས་པའི་ཉིས་རྩེག་འགྱིག་ཁེབས་ནང་གི་མྱུ་གུ་གསོ་ཞིང་གི་འགྱིག་ཁེབས་ཉིས་རྩེག་བར་གྱི་དྲོད་ཚད་མཐོ་བ་ཡོད། ནང་ལོག་གི་དྲོད་ཚད་ཅུང་དམའ་བ་ཡོད། གནམ་འཐིབས་པའི་སྐབས་སུ་ནང་ལོག་གི་དྲོད་ཚད་ཕྱི་རོལ་ལས་དམའ་བ་ཡོད། ②གནམ་དྭངས་པའི་ཉིན་གུང་ཞིག་ལ་སྙོམས་ཁེབས་བྱས་པའི་གསུམ་རྩེག་འགྱིག་ཁེབས་ནང་གི་མྱུ་གུ་གསོ་ཞིང་གི་འགྱིག་ཁེབས་རྩེག་རིམ་དང་པོ་དང་གཉིས་པའི་བར་གྱི་དྲོད་ཚད་ཅུང་མཐོ་བ་ཡོད། རྩེག་རིམ་གཉིས་པ་དང་གསུམ་པའི་བར་གྱི་དྲོད་ཚད་ཅུང་དམའ་བ་ཡོད། རྩེག་རིམ་གསུམ་པ་དང་ས་ཞིང་བར་གྱི་དྲོད་ཚད་དམའ་ཤོས་རེད། གནམ་འཐིབས་པའི་སྐབས་སུ་ས་ཞིང་གི་དྲོད་ཚད་ཕྱི་རོལ་ལས་1℃ནས3℃བར་དམའ་བ་ཡོད། 2011ལོའི་དཔྱིད་དུས་ནི་དྲོད་ཚད་དམའ་ཞིང་ཉི་མ་བསྟན་ཉུང་བའི་དུས་ཚིགས་ཡིན་པས་སྙོམས་ཁེབས་བྱས་པའི་གསུམ་རྩེག་འགྱིག་ཁེབས་སྤྱད་པའི་ས་ཞིང་ལ་མྱུ་གུ་འབུས་ཚད་སྤྱིར་ན་ཡག་པོ་བྱུང་མེད། སྤྱིར་ན་མྱུ་གུ་འབུས་ཚད་ཉིན་5ནས་8བར་འགྱངས་ཡོད། ཕྱི་ངོས་འགྱིག་ཁེབས་དང་ནང་ངོས་འགྱིག་ཁེབས་ཕྱེ་འགོར་བའི་ས་ཞིང་ལ་ཡུན་རིང་དྲོད་ཚད་དམའ་ཞིང་བཞའ་ཚན་མང་བའི་གནས་སུ་ལུས་སྟབས་ས་བོན་ཤི་བའི་གནས་ཚུལ་ཐོན་ཡོད།

3.མཐིལ་ངོས་ཀྱི་ས་འགྱིག་ལ་བརླན་སྲུང་ནུས་པ་ལྡན་པ་ལས་དྲོད་སྲུང་ནུས་པ་ལྡན་མེད། མཐིལ་ངོས་ཀྱི་ས་འགྱིག་དང་ས་ཞིང་ཡུན་རིང་སྦྱར་བ་ཡིན་ན། གསོ་རླུང་དཀོན་པོར་གྱུར་ནས་ས་བོན་ཤི་བའི་གནས་ཚུལ་ཐོན་གྱི་ཡོད། སྙོམས་ཁེབས་རླུང་རྒྱུག་འགྱིག་ཁེབས་ཀྱི་ནང་འགྱིག་མཉེན་པོ་ཡོད་ལ་སྲབ་མོ་ཡིན་པ་དང་དེའི་ཐོག་ཕྱི་ངོས་ཀྱི་རླུང་རྒྱུག་འགྱིག་ཁེབས་ཐོག་ཆར་ཆུ་བསགས་ནས་ཡུན་རིང་པོ་གནོན་ཤུགས་ཕོག་སྟབས། ས་འགྱིག་དང་ས་ཞིང་བརླན་པ་དམ་པོར་སྦྱར་གྱི་ཡོད། གལ་སྲིད་ཉིན་5ནས་7བར་སོང་ཡང་ས་འགྱིག་བཀོག་ནས་ས་ཞིང་ཉི་སྐམ་མ་བཏང་ན། ས་ཞིང་ནང་གི་ཆུ་འབྲས་ས་བོན་གསོ་རླུང་མི་འདང་བའི་རྐྱེན་གྱིས་མྱུ་གུ་འབུས་རྒྱུར་གནོད་པ་མ་ཟད། དྲོད་ཚད་དམའ་ཞིང་ཉི་མ་བསྟན་ཉུང་བའི་གནམ་གཤིས་འོག་ཡུན་རིང་པོ་བཞག་ན་ས་བོན་ཤི་འགྲོ་གི་ཡོད།

4.བརྒྱུད་རིམ་ཧྲིལ་པོར་གཅིག་རྩེག་རླུང་རྒྱུག་འགྱིག་ཁེབས་གཡོག་པའི་མྱུ་གུ་གསོ་ཚད་བལྟོས་བཅས་ཀྱིས་ལེགས་པ་ཡོད། འོན་ཀྱང་ས་བོན་བཙུགས་ནས་མྱུ་གུ་མ་འབུས་གོང་དྲོད་སྲུང་ནུས་པ་དང་བརླན་སྲུང་ནུས་པ་ཞན་པའི་སྐྱོན་ཆ་ལྡན་ཡོད།