水稻大田栽培管理技术要点
ཆུ་འབྲས་འདེབས་གསོ་དང་གཡོག་བྱེད་བྱེད་སྟངས་ཀྱི་འགག་གནད།

发布时间:2022年09月28日

在水稻栽培管理上应抓好以下几点。

1、适时移栽:大田移栽期为5月20-6月10日为最佳节令。

2、规范条栽,合理密植:要求规范拉线单行条栽,南北行向,株行距为2×3寸,单行栽插,做到匀植,浅插,保证每亩基本苗在8-10万苗以内。

3、科学施足底肥:结合整地,亩施腐熟农家肥1500-2000公斤作全层深施,尿素15公斤加30%三元复合肥20公斤作中层肥施。移栽苗活棵后大约6-10天结合除草亩施尿素3-5公斤作追施分蘖肥。

4、适时化学除草:合理选用除草剂,结合追施分蘖肥,可选用60%丁草胺75毫升加草克星可湿性粉剂10克,拌细土20公斤撒施或用50%拜田净可湿性粉剂拌土撒施,对防除稻田稗草和千金子有较好的效果。施药前1天排干稻田水,施药后1-2天复水,保持浅水层5-7天。

5、加强三病防治:重点抓好恶苗病、稻曲病和白叶枯病的防治工作。具体方法是:在整个生长管理中,发现恶苗病株应及时拔除,作烧毁处理:稻曲病每次每亩用井冈霉素3包兑水30公斤,分别在孕穗期和齐穗期各喷施一次防治:白叶枯病在大田发病初期和齐穗期用25%叶枯宁或龙克菌兑水喷雾防治。

6、适时收获。

 


ཆུ་འབྲས་འདེབས་གསོ་དང་གཡོག་བྱེད་ཐད་དམ་འཛིན་ཡག་པོ་བྱེད་དགོས་པ་གཤམ་གསལ་ཏེ།

1.དུས་ཚོད་འོས་འཚམ་ལ་སྤོ་འཛུགས་བྱེད་དགོས། སྤོ་འཛུགས་བྱེད་པའི་དུས་ཚོད་ནི་ཟླ་5པའི་ཚེས་20ནས་ཟླ་6ཚེས་10བར་འཚམ་ཤོས་རེད།

2.ཚད་ལྡན་ཐད་འདེབས་དང་ཚགས་སྲབ་མཐུག་རན་པོ་དགོས། ཚད་ལྡན་ངང་རྣང་མའི་ཐོག་ཐད་འདེབས་བྱས་ཏེ་ལྷོ་ནས་བྱང་དུ་རིམ་གྱིས་འདེབས་པ་དང་། འབྲས་ལྗང་རེའི་དབར་བར་ཐག་ཚུན་2×3འཇོག་པ། རྣང་མའི་ཐོག་འདེབས་པ་བཅས་བྱས་ཏེ་སྙོམས་པོའི་ངང་གཏིང་རིང་པོ་མེད་པར་མུའུ་རེའི་ཐོག་སྤྱིའི་ཆ་ནས་ལྗང་པ་ཁྲི་8་ནས་10བར་ཡོད་པ་བྱེད་དགོས།

3.ཚན་རིག་དང་མཐུན་པའི་ངང་གཏིང་ལུད་འདང་ངེས་རྒྱག་དགོས། ས་ཁོད་སྙོམས་དུས་མུའུ་རེར་རྦད་དེ་རུལ་བའི་ཁྱིམ་ལུད་སྤྱི་རྒྱ་1500ནས་2000བར་ཁྱོན་ཡོངས་ལ་རྒྱག་དགོས་པ་དང་། རྫས་ལུད་དཀར་པོ་སྤྱི་རྒྱ་15ཡི་ཁར་རྒྱུ་གསུམ་འདྲེས་སྦྱོར་རྫས་ལུད་སྤྱི་རྒྱ་20བར་དུ་རྒྱག་དགོས། སྤོ་འཛུགས་བྱས་ནས་ཉིན་6ནས་10བར་སོང་རྗེས་ཡུར་མ་རྒྱག་དུས་རྫས་ལུད་དཀར་པོ་སྤྱི་རྒྱ་3ནས་5བར་སྟོར་དགོས།

4.དུས་ཐོག་ལ་རྫས་འགྱུར་གྱི་ཐབས་ལ་བརྟེན་ནས་ཡུར་མ་རྒྱག་དགོས། ཡུར་མ་རྒྱག་སྨན་ལུགས་མཐུན་ངང་བདམས་ཏེ་སྡོང་ལག་རྒྱས་དུས་ལུད་རྒྱག་དགོས། སྐབས་དེ་དུས་ཏིང་ཚའོ་ཨན་ཧའེ་ཧྲེང་75ཡི་ཁར་ཡུར་སྨན་གྱི་བཞུ་རུང་སྨན་ཕྱེ་ཁེ་10བསྣན་ཏེ་ས་ཞིབ་མོ་སྤྱི་རྒྱ་20བསྲེས་ནས་རྒྱག་པའམ་ཡང་ན་པའེ་ཐེན་ཅིང་བཞུ་རུང་སྨན་ཕྱེ་50%ས་དང་བསྲེས་ནས་བརྒྱབ་ཚེ་འབྲས་ཞིང་དུ་རྩྭ་ངན་མ་སྐྱེ་བར་ཕན་ཐོགས་ཆེན་པོ་ཡོད། སྨན་མ་སྟོར་གོང་གི་ཉིན་གཅིག་ནང་འབྲས་ཞིང་གི་ཆུ་སྐམ་དུ་འཇུག་དགོས་པ་དང་། སྨན་སྟོར་ནས་ཉིན་1ནས་2བར་སོང་རྗེས་ཆུ་བཏང་སྟེ་ཆུ་ཁ་དམའ་པོར་ཉིན་5ནས་7བར་བཞག་ན་འགྲིག

5.ནད་གསུམ་འགོག་བཅོས་ལ་ཤུགས་སྣོན་རྒྱག་དགོས། གཙོ་གནད་ཐོག་ལྗང་ཞན་ནད་དང་། ལྗང་ཀྱོག་ནད། ལོ་མ་སྐམ་པའི་ནད་བཅས་འགོག་བཅོས་ལ་དམ་འཛིན་ལྷོད་མེད་བྱེད་དགོས། ཞིབ་ཕྲའི་བྱ་ཐབས་ནི། སྐྱེ་འཚར་གཡོག་བྱེད་བྱེད་རིང་ལྗང་ཞན་ནད་ཡོད་པའི་འབྲས་ཀྱི་ལྗང་པ་མཐོང་ཚེ་ལམ་སེང་འཐེན་སྟེ་སྲེག་དགོས། ལྗང་ཀྱོག་ནད་ལ་ཐེངས་མ་རེར་མུའུ་རེར་ཅིང་ཀང་མེ་སུའུ་ཤོག་ཆག་3ཆུ་སྤྱི་རྒྱ་30དང་བསྲེས་ཏེ་སྙེ་མ་གཏོང་གྲབས་ཡོད་དུས་དང་སྙེ་ཁ་འགྲིག་སྐབས་ཐེངས་རེ་སྟོར་ནས་འགོག་བཅོས་བྱེད་དགོས། ལོ་མ་སྐམ་པའི་ནད་འབྲས་ཞིང་དུ་ཐོན་མ་ཐག་པའི་སྐབས་དང་སྙེ་ཁ་འགྲིག་སྐབས་ཡེ་ཁུའུ་ཉིང་ངམ་ལུང་ཁེ་ཅུན་25%ཆུ་དང་བསྲེས་ནས་སྟོར་ཏེ་འགོག་བཅོས་བྱེད་དགོས།

6.དུས་ཐོག་ཏུ་བསྡུ་དགོས།