稻田施锌肥要掌握以下技术要求
འབྲས་ཞིང་དུ་ཏི་ཚའི་ལུད་རྒྱག་སྐབས་དོ་སྣང་བྱེད་དགོས་པ་འགའ་ཤས་ཡོད་པ་གཤམ་གསལ་ཏེ།

发布时间:2022年09月28日

 1.只能在缺锌稻田施用。适宜水稻生长的土壤中有效锌的临界指标为0.5mg/kg,低于这一指标时,施用锌肥效果好。一般石灰性土壤富含钙质,PH值较高,有效锌易与碳酸盐或氢氧根结合生成碳酸锌或氢氧化锌沉淀而变为无效,故往往缺锌;还原作用强的稻田容易缺锌;长期大量施用氮、磷化肥的稻田,有效锌也会降低。以上类型稻田应增施锌肥。

2.要适量施用。稻田施用锌肥大多选用硫酸锌,一般每亩施1~1.5kg。由于锌肥有明显的后效作用,头季施用的锌肥对下季水稻仍有增产效果,所以锌肥不必年年施用,一般2~3年施用l次。

3.锌肥要早施。秧田施锌肥,利用率高,效果好。既可基施,也可喷施。大田施用锌肥最好在耙田时施下。

4.施用要均匀。为使锌肥撒施均匀,可将锌肥与生理酸性肥料混合施用。但是锌肥不宜与磷肥混施,以免生成水稻难以吸收利用的磷酸锌而降低肥效。

5.叶面喷施浓度要适宜。把锌肥作叶面肥喷施是追肥的主要方法,适宜的浓度为0.1%~0.2%的硫酸锌溶液。秧田宜在秧苗3叶期和移栽前3~5天喷用。大田宜在秧苗移栽缓苗后或移栽后10-15天喷用,以连续喷施2~3次为好。

1.ཏི་ཚ་མ་འདང་བའི་འབྲས་ཞིང་ཁོ་ནར་རྒྱག་དགོས། ཆུ་འབྲས་སྐྱེ་འཚར་ལ་འཚམ་པའི་ས་རྒྱུའི་ཁྲོད་ནུས་ལྡན་ཏི་ཚ་འདུས་ཚད་དེ་1.5mg/kgཡིན། གལ་སྲིད་སྟོན་གྲངས་དེ་ལས་དམའ་བ་ཡོད་ཚེ་ཏི་ཚའི་ལུད་བརྒྱབ་ན་ཡག་པོ་ཡོད། སྤྱིར་ན་ས་རྒྱུ་རྡོ་ཐལ་ཅན་ནང་ཀལ་རྒྱུ་འདུས་པས་PHགྲངས་ཐང་ཅུང་མཐོ་པོ་ཡོད། གོ་ཆོད་ཀྱི་ཏི་ཚ་ཐཱན་དེ་ཉིད་སྐྱུར་ཚྭའམ་ཡང་ན་ཆིང་དབྱང་ཀེན་དང་འདྲེས་རྗེས་ཐཱན་སྐྱུར་ཏི་ཚའམ་ཡང་ན་ཆིང་དབྱང་ཏི་ཚ་ཆགས་ཏེ་ཕན་མེད་དུ་འགྱུར་གྱི་ཡོད་པས། ཏི་ཚ་མ་འདང་བ་བྱེད་ཀྱི་ཡོད། ལོ་ཏོག་སྐྱེ་འཚར་ལེགས་པའི་འབྲས་ཞིང་དུ་ཏི་ཚ་མི་འདང་བར་འགྱུར་སླ་པོ་ཡོད། དུས་ཡུན་རིང་པོ་ཏན་འགྱུར་དང་ལིན་འགྱུར་རྫས་ལུད་འབོར་ཆེན་བརྒྱབ་པའི་འབྲས་ཞིང་དུ་གོ་ཆོད་ཀྱི་ཏི་ཚའི་ནུས་པ་ཆུང་དུ་འགྲོ་ཡི་ཡོད། གོང་གསལ་འབྲས་ཞིང་དེ་རིགས་ལ་ཏི་ཚའི་ལུད་རྒྱག་ཚད་མང་དུ་གཏོང་དགོས།

2.ཏི་ཚའི་ལུད་འཚམ་པོ་རྒྱག་དགོས། འབྲས་ཞིང་ལ་སྤྱོད་པའི་ཏི་ཚའི་ལུད་མང་ཆེ་བ་ནི་མུ་ཟི་སྐྱུར་ཏི་ཚ་ཡིན་པས་སྤྱིར་ན་མུའུ་རེར་1kgནས་1.5kgབར་བརྒྱབ་ན་འགྲིག ཏི་ཚའི་ལུད་ཀྱི་རྗེས་ཐོན་ནུས་པ་ཤུགས་ཆེ་བས་ལོ་དང་པོར་ཏི་ཚའི་ལུད་བརྒྱབ་ཀྱང་ལོ་གཉིས་པར་ཆུ་འབྲས་ཐོན་འབབ་མང་དུ་འགྲོ་བར་སྔར་བཞིན་ནུས་པ་ཐོན་གྱི་ཡོད་པས། ཏི་ཚ་ལོ་ལྟར་རྒྱག་མི་དགོས་པར་སྤྱིར་ན་ལོ་2ནས་3བར་ཐེངས་རེ་བརྒྱབ་ན་འགྲིག

3.ཏི་ཚའི་ལུད་སྔ་ཙམ་རྒྱག་དགོས། ལྗང་པར་ཏི་ཚའི་ལུད་བརྒྱབ་ཚེ་ཕན་འབྲས་ཆེན་པོ་ཐོན་གྱི་ཡོད། དེ་གཏིང་ལུད་དུ་བརྒྱབ་ན་འགྲིག་ལ་སྟོར་ནའང་འགྲིག ཞིང་ཁ་ཆེན་པོར་ཏི་ཚའི་ལུད་ཡག་ཤོས་བྱུང་ན་ཞིང་ཁ་རྨོ་སྐབས་རྒྱག་དགོས།

4.ཏི་ཚའི་ལུད་སྙོམས་པོ་རྒྱག་དགོས། ཏི་ཚའི་ལུད་རྒྱག་སྐབས་སྙོམས་པོ་ཡོང་ཆེད། ཏི་ཚའི་ལུད་དང་སྐྱུར་ཤས་ཆེ་བའི་རྫས་ལུད་བསྲེས་ནས་རྒྱག་དགོས། འོན་ཀྱང་ཏི་ཚའི་ལུད་ལིན་ལུད་དང་བསྲེས་ནས་རྒྱག་མི་རུང་། གལ་སྲིད་བསྲེས་ཚེ་ཆུ་འབྲས་ཀྱིས་ལིན་སྐྱུར་ཏི་ཚ་བསྡུ་ལེན་མ་ཐུབ་པར་ལུད་ཀྱི་ཕན་ནུས་ཇེ་ཆུང་དུ་འགྲོ་ཡི་ཡོད།

5.ལོ་མར་ལུད་སྟོར་སྐབས་གར་སླ་སྙོམས་པོ་དགོས། ཏི་ཚའི་ལུད་ལོ་མར་སྟོར་བ་ནི་ཁ་ལུད་རྒྱག་སྟངས་གཙོ་བོ་ཞིག་ཡིན་པས། ལིན་སྐྱུར་ཏི་ཚའི་གཤེར་ཁུ་གར་སླ་0.1%ནས་0.2%བར་སྤྱད་ན་འཚམ། ལྗང་པར་ལོ་མ་གཏོང་སྐབས་དང་མ་བཙུགས་གོང་སྤྱད་ན་ཡག་པོ་ཡོད། ཞིང་ཁ་ཆེན་པོར་ལྗང་པ་སྤོ་འཛུགས་མ་བྱས་གོང་ངམ་ཡང་ན་བྱས་རྗེས་ཀྱི་ཉིན་10ནས་15བར་གྱི་རིང་སྟོར་ན་འཚམ་པོ་ཡོད་པ་དང་བསྟུད་མར་ཐེངས་2ནས་3བར་སྟོར་ན་ཡག་པོ་ཡོད།