屁也是清洁能源吗
རྟུག་དྲི་ཡང་ནུས་ཁུངས་གཙང་མ་ཡིན་ནམ།

发布时间:2018年03月13日

在人堆中不小心放了个大臭屁,是件让人很不好意思的事!在这尴尬的时刻,人们肯定想不到,屁虽然气味难闻,却是一种清洁能源!

其实,有臭味的气体在屁里面的含量很少,屁的主要成分还是很“清洁”的,主要是随我们吃饭、喝水带到肠胃里的空气,还有肠道细菌分解食物所产生的二氧化碳、氢气和甲烷。

烧饭用的天然气,主要成分就是甲烷,氢气也是可燃的 气体。所以只要浓度足够高,屁毫无疑问是能点着的!科学家研究发现,如果把300个人一天的屁收集起来,燃烧后转化的电能可以使电冰箱运行一整天。

如果要找“大屁王”,奶牛可是当之无愧,它们每天通过放屁和打嗝排出的甲烷大约有500升。2014年,德国的一个牛棚发生大爆炸,原因竟然是里面聚集了太多的牛屁,甲烷浓度太高。

所以,科学家让奶牛背上一个大塑料袋(放屁背包),随时随地收集牛屁用来当作燃料。这样,原本对环境有害的牛屁,就变成了取之不尽的能源,真是一举两得!

奶牛放屁的超强本领我们也能想办法模仿。人们把粪便、秙秆、杂草等废物放到密封的水池里发酵,就能得到沼气。沼气的主要成分也是甲烷,用它当能源可比收集牛屁方便多了。

除了牛屁和沼气,人们还找到了多种清洁环保的方式获取能源:在有风的山坡或海岛,利用风力发电;在海边波浪大的地方,利用海浪发电;在日照充足的地方,利用太阳能发电……

有了这些清洁能源,加上平时节约用电,以步代车,就可以既减少环境污染又降低不可再生能源使用量。而我们生活的城市,也就能变得总是天蓝蓝,云白白啦!

མི་ཚོགས་མང་པོའི་དཀྱིལ་ནས་གཟབ་གཟབ་མ་བྱས་པའི་རྐྱེན་གྱིས་རྟུག་དྲི་ཤོར་ན་ངོ་མ་ངོ་ཚ་དགོས་པའི་དོན་དག་ཅིག་རེད།ངོ་ཚ་ཁ་སྐྱེངས་པའི་སྐབས་འདིར་མི་རྣམས་ཀྱིས་རྟུག་དྲི་ནི་དྲི་མ་ངན་ཡང་ནུས་ཁུངས་གཙང་མ་ཞིག་ཡིན་པ་སུས་ཀྱང་ག་ལ་སེམས།དོན་དངོས་ཐོག་རྟུག་དྲིའི་ནང་དྲི་ངན་བྲོ་བའི་རླངས་གཟུགས་དེ་འདུས་ཚད་ཧ་ཅང་ཉུང་ཞིང་དེ་ལས་ལྡོག་སྟེ་རྟུག་དྲིའི་གྲུབ་ཆ་གཙོ་བོ་ནི་ཧ་ཅང་གཙང་མ་ཞིག་ཡིནདེ་ནི་གཙོ་བོ་ང་ཚོས་ཟ་མ་བཟས་པ་དང་ཆུ་བཏུང་བའི་སྐབས་ཕོ་བའི་ནང་དེད་པའི་མཁའ་རླུང་དང་།ད་དུང་རྒྱུ་ལམ་ཕྲ་ཕུང་གིས་བཟའ་བཅའ་དབྱེ་ཕྲལ་ལས་ཐོན་པའི་དབྱང་གཉིས་ཐྰན་འགྱུར་དང་ཆིང་རླུང་།ཝོན་ཀ་པ་བཅས་ཡིན་པ་རེད།ཟ་མ་བཟོ་བྱེད་ཀྱི་རང་བྱུང་སོལ་རླངས་ཀྱི་གྲུབ་ཆ་གཙོ་བོ་ནི་ཝོན་ཀ་པ་དང་ཆིང་རླུང་ཡིན་པ་རེད།དེར་བརྟེན་གར་ཚད་གདང་ངེས་ཡོད་ཚེ་རྟུག་དྲི་དེ་ལ་མེ་སྤར་ཐུབ་པ་ཐེ་ཚོམ་མེད་པ་རེད།ཚན་རིག་མཁས་ཅན་གྱིས་ཞིབ་འཇུག་བྱས་པ་བརྒྱུད་གལ་ཏེ་མི་3000གིས་ཉིན་གཅིག་ལ་བཏང་པའི་རྟུག་དྲི་བསྡུ་ལེན་བྱས་ནས་མེ་ལ་སྤར་རྗེས་གློག་ནུས་ལ་བསྒྱུར་བ་དེས་འཁྱག་སྒམ་ཉིན་གཅིག་ལ་འཁོར་སྐྱོད་བྱེད་ཐུབ་པ་ཤེས་རྟོགས་བྱུང་ཡོདགལ་ཏེ་རྟུག་དྲིའི་རྒྱལ་པོ་འཚོལ་དགོས་ཚེ་བཞོན་མར་ཨང་དང་པོ་རགས་སྲིད།ཁོ་ཚོས་ཉིན་ལྟར་རྟུག་དྲི་དང་འགག་དྲིར་བརྟེན་ནས་ཧའོ་ཧྲེང་ཝོན་ཀ་པ་500ཙམ་ཕྱིར་བཏོན་གྱི་ཡོད་པ་དང་།2014ལོར་འཇར་མན་གྱི་བ་ར་ཞིག་ལ་འབར་གས་ཆེན་པོ་ཞིག་བྱུང་བ་དང་དེའི་རྒྱུ་མཚན་ནི་བཞོན་མའི་རྟུག་དྲི་མང་པོ་ཞིག་འདུས་པའི་ཝོན་ཀ་པའི་འདུས་ཚད་གར་དྲགས་པས་རྐྱེན་གྱིས་ཡིན་པ་རེད། དེར་བརྟེན་ཚན་རིག་མཁས་ཅན་གྱིས་བཞོན་མའི་རྐུབ་ལ་འགྱིག་ཤོག་ཆེན་པོ་ཞིག་གཡོགས་ཏེ་རྟུག་དྲི་གསོག་སྣོདདུས་གང་དང་ས་གནས་གང་ཡིན་རུང་བཞོན་མའི་རྟུག་དྲི་བསྡུ་རུབ་བྱས་ནས་འབར་རྫས་བཟོ་ཡི་ཡོད་པ་རེད། དེ་ལྟར་བྱས་ཚེ་མ་གཞི་ཁོར་ཡུག་ལ་གནོད་འཚེ་ཡོད་པའི་རྟུག་དྲི་དེ་འཛད་མཐའ་མེད་པའི་ནུས་ཁུངས་ཤིག་ཏུ་གྲུབ་ཡོད་པས་དངོས་གནས་གོ་གཉིས་ཆོད་བྱུང་ཡོད།བཞོན་མའི་རྟུག་དྲི་གཏོང་བའི་རྩལ་ནུས་ཆེན་པོ་དེ་ང་ཚོས་ལད་མོ་བྱེད་ཆོག་ཅིང་།མི་རྣམས་ཀྱིས་བཤང་གཅི་དང་སོག་མ།རྩྭ་ངན་སོགས་བེད་མེད་དངོས་པོ་དག་དབུགས་མི་འགྲོ་བའི་ཆུ་རྫིང་ནང་བསྙལ་ཚེ་རྫབ་རླངས་ཆགས་ཀྱི་ཡོད་པ་རེད།རྫབ་རླངས་ཀྱི་གྲུབ་ཆ་གཙོ་བོ་ནི་ཝོན་ཀ་པ་ཡིན་ཞིང་དེས་ནུས་ཁུངས་བྱས་ཚེ་བཞོན་མའི་རྟུག་དྲི་བསྡུ་ལེན་བྱེད་པ་ལས་སྟབས་བདེ་བ་ཡོད་པ་རེད།བཞོན་མའི་རྟུག་དྲི་དང་རྫབ་རླངས་ཕུད་མི་རྣམས་ཀྱིས་ད་དུང་གཙང་ལ་འབྱུང་འཕྲོད་ཀྱི་ཐབས་ལམ་མང་པོར་བརྟེན་ནས་ནུས་ཁུངས་ཐོབ་ཡོད་པ་སྟེ།རླུང་ཤུགས་ཆེ་བའི་རི་ལྡེབས་དང་མཚོ་གླིང་བཅས་སུ་རླུང་ཤུགས་ལ་བརྟེན་ནས་གློག་འདོན་པ་དང་། རྦ་རླབས་ཆེ་བའི་མཚོ་འགྲམ་ཁུལ་དུ་མཚོ་རླབས་ལ་བརྟེན་ནས་གློག་འདོན་པ།དེ་བཞིན་ཉི་འོད་མང་བའི་གནས་ལ་ཉི་ནུས་ལ་བརྟེན་ནས་གློག་འདོན་པ་བཅས་ཡོད།དྭངས་གཙང་གི་ནུས་ཁུངས་འདི་དག་གི་ཐོག་ལ་རྣམ་རྒྱུན་གློག་གྲོན་ཆུང་བྱེད་པ་དང་།གོམ་པ་རྒྱག་པ་ལས་རླངས་འཁོར་མི་གཏོང་བ་བཅས་ཀྱིས་ཁོར་ཡུག་ལ་སྦགས་བཙོག་བཟོ་ཉུང་དུ་དང་སླར་སྐྱེ་མི་ཐུབ་པའི་ནུས་ཁུངས་སྤྱོད་ཚད་ཀྱང་ཇེ་ཉུང་དུ་གཏོང་དགོས། དེ་ལྟར་བྱས་ཚེ་ང་ཚོ་འཚོ་སྡོད་བྱེད་སའི་གྲོང་ཁྱེར་དུ་ཡང་གནམ་སྔོན་པོ་དང་སྤྲིན་དཀར་པོ་མཐོང་རྒྱུ་ཡོད་པ་འགྱུར་སྲིད།