水下的潜艇如何进行敌我识别
ཆུ་འོག་གི་གབ་གྲུ་དེ་དག་གིས་ཇི་ལྟར་བྱས་ནས་དགྲ་གཉེན་འབྱེད་ཐུབ།

发布时间:2018年03月14日 作者:科普中国

几百米水下,伸手不见五指,战时,潜藏于海的潜艇如何识别出几十公里外的目标是敌人还是自己人?  

          h.JPEG

难点所在

难就难在,你不能主动发信号。比如,你用声呐向对方喊话:我是土豆,请问你是不是黄瓜? 假如对方不是黄瓜,3枚鱼雷就会向你射来…… 潜艇的最大优势就是隐蔽,它们最擅长也最喜欢干的事就是打黑枪。若失去隐蔽,也就同时失去了自身最大的优势。 因此,主动发信号的另一个弊端是,你的潜艇本来非常先进,静音性能超棒,你发现了20多公里远处,有一艘潜艇在活动。但那艘未知潜艇本来还没有发现你,但你却主动打开声呐发信号,于是,你变透明了。 你说亏不亏? 既然不能主动发信号,那怎么办?难道就这么僵持着?

潜艇声纹识别

未见其人,先闻其声。每个人的声音都是不同的,即使刻意去模仿,常人似乎听不出其差别,但使用声谱仪分析后,马上就能分辨出其细微差别。 举个例子,一直在同一个环境下长大的双胞胎,其声音连他们的亲身父母都无法分辨,但用声谱仪却能看出其细微的差别,这就是现代的声纹识别技术。 潜艇也如此,每艘潜艇的外形不同,发动机和内部各种机械活动部件的大不同,导致潜艇向外发出的声音也必然不同。 因此,潜艇的声纹是水下潜艇进行敌我识别的最佳方式。几十公里外,我看不见你的身影,不知你是谁,但只要能听见你的声音,就能判断敌我了。

རྨིད་བརྒྱའི་འོག་གི་ཆུ་འོག་ཏུ།  ལག་པ་བརྐྱངས་ཚེ་མཛུབ་མོ་མི་རེག   དམག་འཁྲུག་སྐབས། ཆུ་འོག་གི་གབ་གྲུ་དེ་དག་གིས་སྤྱི་ལེ་བཅུ་ཡན་གྱི་ཕ་རོལ་ཏུ་གནས་པའི་དམིགས་འབེན་དེ་དགྲ་གཉེན་གང་ཡིན་ཇི་ལྟར་ངོས་འཛིན། 

QQ图片20180807162800.png

དཀའ་བའི་གནད་དེ་ཡང་།  ཁྱེད་ཀྱིས་རང་འགུལ་ངང་བརྡ་རྟགས་གཏོང་མི་ཐུབ་པ་དེ་ཡིན། 

དཔེར་ན།   ཁྱེད་ཀྱི་སྒྲ་བརྟེན་ཚད་ལེན་སྤྱོད་ནས་ཕ་རོལ་པོ་འབོད་སྐབས།   ང་ནི་ཞོག་ཁོག་ཡིན།  ཁྱེད་རང་ཧོང་ཀྭ་ཡིན་ནམ།  གལ་ཏེ་ཕ་རོལ་པོ་ནི་ཧོང་ཀྭ་མ་ཡིན་ཚེ་ཆུ་མདེལ་གསུམ་ཁྱེད་ཀྱི་ཕྱོགས་ལ་རྒྱབ་ངེས་ཡིན།   ཆུ་འོག་གབ་གྲུའི་དགེ་མཚན་ཆེ་ཤོས་ནི་གབ་ཡིབ་ཡིན་ཞིང་།  ཆེས་དགའ་ཤོས་དང་ཆེས་མཁས་ཤོས་ཀྱི་ལས་ཀ་ནི་ལྐོག་མདའ་རྒྱབ་རྒྱུ་དེ་ཡིན།   

གལ་ཏེ་གབ་ཡིབ་མེད་པར་གྱུར་ཚེ།  དེ་གའི་དགེ་མཚན་ཆེ་ཤོས་ཀྱང་ཆབས་ཅིག་ཏུ་མེད་པར་གྱུར། དེས་ན།  རང་འགུལ་ངང་བརྡ་རྟགས་སྐུར་ཚེ་སྐྱོན་ཆ་གཞན་ཞིག་ཡོད་པ་ནི།  ཁྱེད་ཀྱི་ཆུ་འོག་གབ་གྲུ་དེ་སྔོན་ཐོན་ཅན་ཞིག་ཡིན་ལ་སྒྲ་མེད་རང་བཞིན་ཤིན་ཏུ་གསལ།  ཁྱེད་ཀྱི་སྤྱི་ལེ་20ཡན་གྱི་མཚམས་ནས་ཆུ་འོག་གབ་གྲུ་ཞིག་གི་འགུལ་སྐྱོད་ཚོར་ནའང་།  ཆུ་འོག་གབ་གྲུ་དེས་ཁྱེད་ཉིད་གསར་རྙེད་ཐུབ་མེད་འོན་ཀྱང་ཁྱེད་ཀྱིས་རང་འགུལ་ངང་སྒྲ་བརྟེན་ཚད་ལེན་གྱི་བརྡ་རྟགས་ཕྱེ་བས་ཁྱེད་རང་གསལ་བར་གྱུར།    ཁྱོད་ཀྱིས་ཅིག་བརྗོད་དང་གྱོང་ཕོག་པ་མ་ཡིན་ནམ།  རང་འགུལ་ངང་བརྡ་རྟགས་སྐུར་མི་ཆོག་ན་ཇི་ལྟར་བྱེད།  འོ་ན་དེ་ལྟར་ཕན་ཚུན་མཁྲེགས་བཟུང་བྱེད་དགོས་སམ།  

ཆུ་འོག་གབ་གྲུའི་སྒྲ་རིས་དབྱེ་འབྱེད།

གང་ཞིག་འཕྲད་པར་མ་གྱུར་ཀྱང་།  དེ་ཡི་སྒྲ་གདངས་སྔོན་ལ་ཐོས། མི་ཀུན་གྱི་སྐད་གདངས་མི་གཅིག་པ་ཡིན་པས། དེ་ལ་དམིགས་ཀྱིས་ལད་མོ་བྱེད་ཚེ་རྒྱུན་གཏན་གྱི་མིས་དེའི་ཁྱད་པར་འབྱེད་མི་ཐུབ།  འོན་ཀྱང་སྒྲ་ཚད་དཔེ་རིས་འཕྲུལ་ཆས་ཀྱིས་དབྱེ་ཞིབ་བྱས་པ་བརྒྱུད་དེའི་ཁྱད་པར་ཕྲ་མོ་རྣམས་མྱུར་དུ་འབྱེད་ཐུབ།  དཔེར་ན། ཁོར་ཡུག་གཅིག་གི་ནང་དུ་འཚར་ལོངས་བྱུང་བའི་མཚེ་མ་གཅིག་གི་སྐད་གདངས་དེ་ཡང་ཕ་མ་གཉིས་ཀྱིས་དབྱེ་བ་འབྱེད་པར་དཀའ།  འོན་ཀྱང་སྒྲ་ཚད་དཔེ་རིས་འཕྲུལ་ཆས་སྤྱོད་ཚེ་དེའི་ཁྱད་པར་ཕྲ་མོ་འབྱེད་ཐུབ།  དེ་ནི་དེང་རབས་ཀྱི་སྒྲ་རིས་དབྱེ་འབྱེད་ལག་རྩལ་ཡིན།  ཆུ་འོག་གབ་གྲུ་ཡང་དེ་ལྟ་ཡིན།  

ཆུ་འོག་གབ་གྲུ་ཁག་གིི་ཕྱི་དབྱིབས་མི་འདྲ་བས་དེའི་སྒྲུལ་བྱེད་འཕྲུལ་འཁོར་དང་ནང་ཁོངས་ཀྱི་འཕྲུལ་ཆས་ཁག་གི་འགུལ་སྐྱོད་ཡང་མི་འདྲ་བས་ཆུ་འོག་གབ་གྲུ་ལས་ཐོན་པའི་སྒྲ་གདངས་ཀྱང་མི་འདྲ་བ་ཡོད།   དེས་ན། ཆུ་འོག་གབ་གྲུའི་སྒྲ་རིས་ནི་ཆུ་འོག་གབ་གྲུས་དགྲ་གཉེན་འབྱེད་པའི་ཐབས་ཤེས་བཟང་ཤོས་དེ་ཡིན།    སྤྱི་ལེ་བཅུ་གྲངས་ཡན་གྱི་ཆུ་འོག་ཏུ། ང་ཚོས་ཁྱེད་ཚོའི་ཕྱི་གཟུགས་མི་མཐོང་ཞིང་སུ་ཞིག་ཡིན་མིནའང་འབྱེད་པར་དཀའ།  འོན་ཀྱང་ཁྱེད་ཀྱི་སྒྲ་གདངས་ཐོས་ཚེ་དགྲ་གཉེན་གང་ཡིན་འབྱེད་པར་ནུས།