ཇི་ལྟར་བྱས་ནས་སྒེར་གྱི་གསང་བའི་བདེ་འཇགས་ལ་སྲུང་སྐྱོབ་དང་། དྲ་ཐོག་མཁས་ནག་གི་བཙན་འཛུལ་མི་ཡོང་བ་བྱེད་དག
如何保护隐私安全免受黑客攻击

来源:环球网 发布时间:2018年07月17日 作者:姚师平

ཆ་འཕྲིན་ཅན་གྱི་དུས་རབས་ལ། དྲ་ཐོག་བཙན་འཛུལ་ག་ས་གང་དུ་ཡོད། སྒེར་གྱི་ཆ་འཕྲིན་གྱི་གསང་བ་ཕྱིར་གྱར་བ་དང་དྲ་ཐོག་ཁྲམ་པ་སོགས་ཀྱི་གྱོད་དོན་ཐོན་པ་ཧ་ཅང་མང་། དེར་བརྟེན། དྲ་ཐོག་བདེ་འཇགས་མཁས་དབང་གིས་འཐབ་ཇུས་ཆེན་པོ་འགའ་བསྟན་ནས། ཁྱེད་ཀྱི་སྒེར་གྱི་གསང་བ་སྲུང་བ་དང་། དྲ་ཐོག་མཁས་ནག་གི་བཙན་འཛུལ་མི་ཡོང་བ་བྱེད་པར་རོགས་པ་བྱེད་ཐུབ།

1.  སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་སྒེར་གྱི་ཆ་འཕྲིན་མཉམ་སྤྱོད་བྱེད་པར་ཡིད་གཟབ་བྱེད་དགོས།

ཁྲམ་པའི་ངོས་ནས་ཆ་བཞག་ན། དྲ་ཐོག་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་འདི་ཉིད་བདག་མེད་ཀྱི་ནོར་བུ་ཞིག་དང་མཚུངས།  དེར་བརྟེན། སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་རང་ཉིད་ཀྱི་སྐྱེས་ལོ་དང་ཁ་པར་ཨང་གྲངས། གནས་ཡུལ། གང་དུ་བསྐྱོད་མིན་སོགས་སྒེར་གྱི་ཆ་འཕྲིན་གང་བྱུང་དུ་མཉམ་སྤྱོད་བྱེད་མི་ཉན། བདེ་འཇགས་མཁས་དབང་གིས་གསུངས་པར། ཁྱེད་ཀྱི་མཉམ་སྤྱོད་བྱས་པའི་པར་དང་བརྙན་ཐུང་རྒྱུད། དྲ་ཐོག་མཁས་ནག་དག་གིས་ཁྱེད་ཀྱི་སྡོད་ཡུལ་དང་ལས་ཀ་བྱེད་ས་སོགས་རྙེད་ཐུབ། དེ་རྗེས་ཁྱེད་ཀྱི་བཟའ་ཟླ་དང་ཕ་མ། གཅེས་དངོས་སོགས་ཀྱི་མིང་རྒྱུད་ནས། གསང་བའི་ཨང་གྲངས་རྙེད་ཐུབ།

2.གསང་བའི་ཨང་གྲངས་ཁག་ཙམ་བཟོ་བ་དང་། ཨང་གྲངས་གཅིག་རང་བེད་སྤྱོད་བྱེད་རྒྱུ་མེད།

དེང་དུས་མི་རྣམས་ལ་གཱ་དང་ཐོ་ཁུངས་མང་པོ་ཡོད། གལ་ཏེ་ཚང་མར་གསང་བའི་ཨང་གྲངས་གཅིག་པ་བེད་སྤྱད་ཚེ། གཅིག་གི་གསང་བའི་ཨང་གྲངས་གཏོར་ཐུབ་ན། གསང་ཨང་གི་གཞི་གྲངས་དང་། ཡིག་སྒམ་གྱི་ ས་གནས་སོགས་སྒེར་གྱི་ཆ་འཕྲིན་ཚང་མ་ཕྱི་ལ་གྱར་སྲིད། མ་ཟད། དྲ་ཐོག་མཁས་ནག་གིས་འཛད་སྤྱོད་པའི་སྒེར་གྱི་ཆ་འཕྲིན་རྒྱུད་ནས་གསང་བའི་ཨང་གྲངས་ཚད་དཔག་བྱེད་ཀྱི་ཡོད། དེར་བརྟེན། གསང་བའི་ཨང་གྲངས་ནང་རང་ཉིད་དང་འབྲེལ་ཡོད་ཀྱི་ཆ་འཕྲིན་ཉུང་ཙམ་འཇོག་དགོས། དཔེར་ན། ཨང་ཀི་དང་དབྱིན་ཡིག་དེ་བཞིན་དམིགས་བསལ་གྱི་ཨང་རྟགས་སོགས་མཉམ་དུ་བེད་སྤྱད་ནས་གསང་ཨང་བཟོ་དགོས།

3.དུག་སེལ་མཉེན་ཆས་གསར་པ་དག་སྒྲིག་སྦྱོར་བྱེད་དགོས།

ཁྱེད་ཀྱིས་གློག་ཀླད་དང་ལག་ཐོག་ཁ་པར་སོགས་ཁ་ཕྱེ་ནས་དྲ་ཐོག་ཏུ་འཛུལ་དུས། ཁྱེད་ཀྱི་སྒྲིག་ཆས་ལ་ནད་དུག་འགོས་སྲིད། དེར་བརྟེན། ཁྱེད་ཀྱི་གསར་ཐོན་དུག་སེལ་མཉེན་ཆས་སྒྲིག་སྦྱོར་བྱས་ནས། དུས་ངེས་ཅན་དུ་གསར་སྒྱུར་བྱེད་དགོས།  དུག་སེལ་མཉེན་ཆས་དེ་དག་གིས་དྲ་འབྲེལ་སྒྲིག་ཆས་ལ་དུག་འགོས་མིན་འཚོལ་བཤེར་དང་དུག་འགོག་བྱེད་ཐུབ།

4. གློག་ཀླད་ཀྱི་བཀོལ་སྤྱོད་མ་ལག་ལ་ཉམས་བཟོ་བྱེད་དགོས།

གློག་ཀླད་ཀྱི་བཀོལ་སྤྱོད་མ་ལག་ལ་ཉམས་བཟོ་བྱེད་པ་ནི་དུས་ངེས་ཅན་དུ་བཀོལ་སྤྱོད་མ་ལག་ལ་གསར་སྒྱུར་བྱེད་པ་ཡིན། སྒྲིག་ཆས་ལ་དུག་ནད་མི་འགོས་པར་སྲུང་སྐྱོབ་བྱེད་ཐུབ།  ཀུ་ཤུ་དང་ཝུའེ་རོན་སོགས་ཀུང་སི་ཆེན་པོ་དག་གིས་མ་ལག་བདེ་འཇགས་ཁ་གསབ་ཁྱབ་བསྒྲགས་བྱས་ནས། འཛད་སྤྱོད་པའི་མ་ལག་ཉམས་བཟོར་ཕན་བདེ་སྐྲུན་ཡོད།

 5. རིན་མེད་སྐུལ་མེད་དྲ་བ་(WiFi)བེད་སྤྱོད་པར་ཡིད་གཟབ་བྱེད་དགོས།

ཁ་པར་གྱི་བཞུར་ཚད་བེད་སྤྱོད་ཚར་བའམ་བེད་སྤྱོད་མང་པོ་བཏང་མི་ཕོད་སྐབས། རིན་མེད་ཀྱི་སྐུད་མེད་དྲ་བ་ནི་(WiFi)གནམ་ནས་ཟགས་པའི་བག་ལེབ་ཆེན་པོ་ཞིག་དང་འདྲ། འོན་ཀྱང་དེ་དང་ཆབ་ཅིག་དྲ་ཐོག་མཁས་ནག་གིས་དེ་རྒྱུད་ནས་ཁྱེད་ཀྱི་སྒེར་གྱི་ཆ་འཕྲིན་དང་རྒྱུ་ནོར་གྱི་ཆ་འཕྲིན་སོགས་རྐུ་སྲིད། ལྷག་པར་དུ་དྲ་ཐོག་དངུལ་ཁང་ངམ་དྲ་ཐོག་ནས་རིན་པ་སྤྲོད་སྐབས། ཡག་ཤོས་བྱུང་ན་བརྟན་པོ་མེད་པའི་རིན་མེད་སྐུད་མེད་དྲ་བ་(WiFi)བེད་སྤྱོད་བྱེད་མི་རུང་།

6.རྒྱུས་མེད་མི་ཡིས་བཀུར་བའི་དྲ་བའི་སྦྲེལ་མཐུད་ནང་དུ་འཛུལ་མི་ཉན། 

གལ་ཏེ་ཁྱེད་ཀྱི་ཡིག་སྒམ་དང་། འཕྲིན་འཕྲན་དེ་བཞིན་སྤྱི་ཚོགས་འབྲེལ་བའི་མཉེན་ཆས་ཐོག་རྒྱུས་མེད་མི་ཡིས་དྲ་བའི་འབྲེལ་མཐུད་བཀུར་ཚེ། རྟག་དཔྱད་ནན་ཏན་བྱས་ནས། གང་བྱུང་དུ་འཛུལ་མི་རུང་། བསྐུར་མཁན་སུ་ཡིན་མ་ཤེས་གོང་ལ། དྲ་བའི་འབྲེལ་མཐུད་ནང་དུ་མི་འཛུལ་པ་དང་གང་བྱུང་དུ་ཕབ་ལེན་མ་བྱས་པར། དུག་ནད་འགོས་པར་སྔོན་འགོག་བྱེད་དགོས།

信息化时代,网络攻击已成家常便饭,个人信息泄露和网络诈骗等案件屡见不鲜。对此,网络安全专家给出几大对策,助你保护隐私安全,免遭黑客攻击。

 1.在社交媒体上分享个人信息需谨慎

 对于行骗者而言,网络社交媒体就如同“无主珍宝”。因此,不要随意在社交媒体上分享出生日期、手机号码、家庭住址、外出行程等私人信息。安全专家表示:“看你分享的照片和视频,黑客们就可以找到你的家庭住址和工作地址,然后顺藤摸瓜,找到你配偶、你母亲甚至是你宠物的名字,成功解锁密码保护问题。”

 2.增加密码强度,不要使用同一密码

 现在人们拥有很多账户,如果使用同一密码,一旦其中一个账户信息被盗,密码数据、邮件地址等个人信息都将纷纷泄露。而且黑客可以通过用户的个人信息猜测密码,因此密码中应尽量避免带有与自己相关的信息,转而采用数字、混合大小写字母以及特殊字符等作为密码。

 3.安装最新杀毒软件

 当你打开电脑、手机或者平板上网时,你的设备很可能感染病毒。因此,你需要安装最新杀毒软件,并进行定期更新。这些杀毒软件可对联网设备进行病毒扫描,抵抗病毒入侵。

 4.修补(电脑)操作系统

 修补(电脑)操作系统意味着你要定期对操作系统进行更新升级,保护设备免受病毒感染。苹果、微软等大公司会发布系统安全补丁,帮助用户更新修复系统,避免感染病毒。

 5.谨慎使用免费WiFi

 在数据流量用完、或不想耗费数据流量时,免费WIFI就如同天赐之物。但与此同时,黑客也可能通过这个网络盗走你的私人信息和财产信息。尤其在使用网上银行或进行在线支付时,最好不要连接不可靠的免费WIFI网络。

  6.不要打开陌生人发来的链接  

如果你在邮件、短信或其他社交媒体上收到陌生人发来的网络链接,需再三确认,不要随意点开。在确认发件人身份之前,不要轻易点开链接或下载附件,以防病毒感染。