ཀྲུང་གོས་མི་མེད་གནམ་གྲུ་200མཉམ་གཏོང་ཐུབ་ནས། ཟིན་ཐོ་གསར་པ་བཀོད་ཡོད།
200架!中国再次刷新无人机集群飞行纪录

来源:新华网 发布时间:2018年07月17日 作者:胡喆

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིན་གྱི་དུས་ཚོད་ཟླ་5པའི་ཚེས་15ཉིན།  གསར་འགོད་པས་ཀྲུང་གོ་གློག་རྡུལ་ཚན་རྩལ་ཚོགས་པ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཚོགས་པ་དེས་མིག་སྔར་བརྟན་འཇགས་མི་མེད་གནམ་གྲུ་200མཉམ་གཏོང་ཐུབ་ཡོད་པས། སྔོན་གྱི་མཉམ་གཏོང་ཐུབ་ཚད་119ལས་རྣམ་པར་རྒྱལ་ནས་ཟིན་ཐོ་གསར་པ་བཀོད་ཡོད། དུས་མཚུངས་སུ། རྒྱལ་ནང་གི་གཤོག་པ་ལྟེབ་རྩེག་རྒྱབ་པའི་མི་མེད་གནམ་གྲུ་གཉིས་བར་སྣང་དུ་ཕན་ཚུན་མཁོ་སྤྲོད་དང་བཟོ་ལྟ་འགྱུར་བའི་ཚོད་ལྟ་ཐོག་མ་དེ་ལེགས་གྲུབ་བྱུང་ཡོད།

ཤེས་རྟོག་བྱས་པར་གཞིགས་ན། འདུས་འཛོམས་རིག་ནུས་ནི་ངོ་མཚར་ཅན་གྱི་ལག་རྩལ་ཞིག་ཡིན་པས། རྒྱལ་ཁབ་ཁག་གིས་མི་མེད་མ་ལག་དག་གི་མི་ནུས་རིག་རྩལ་གྱི་སྲོག་ཤིང་དང་། མ་འོངས་རིག་ནུས་མི་མེད་མ་ལག་གི་འགག་འགྲོལ་བྱེད་ས་ལྟ་བུར་འཛིན་བཞིན་ཡོད། གཞི་རྒྱ་ཆེན་པོ། མ་དངུལ་ཉུང་བ། ནུས་པ་སྣ་མང་གི་མི་མེད་འདུས་འཛོམས་ནི་བར་སྣང་གི་དྲ་བ་དང་། ནང་ནུས་ཀྱི་ཚོད་འཛིན། མཉམ་ནུས་ཀྱི་ཐབས་ཇུས་སོགས་རྒྱུད་ནས། ཐིག་ལེན་ཤེས་ཚོར་དང་། མྱུར་མཁོའི་ཆ་འཕྲིན་སྐྱེལ་བ་སོགས་ཀྱི་ལས་འགན་དག་ལ་བེད་སྤྱད་ཆོག

新华社北京5月15日电(记者胡喆)记者从中国电子科技集团获悉,该集团日前成功完成了200架固定翼无人机集群飞行,再次刷新此前119架固定翼无人机集群飞行的纪录。同时,还成功实现了国内首次小型折叠翼无人机双机低空投放和模态转换试验。

据了解,“集群智能”作为一种颠覆性技术,一直被各国视作无人系统人工智能的核心,是未来智能无人系统的突破口。大规模、低成本、多功能的无人机集群通过空中组网、自主控制、群智决策,可以应用于多种探测感知、应急通信等任务。