ཁ་པར་གློག་རྫོགས་གྲབས་ཀྱི་རྩིབས་འཕྲོའི་ཚད་དེ་རྒྱུན་ལྡན་རྩིབས་འཕྲོའི་ཚད་ཀྱི་ལྡབ་1000ཡིན་ནམ།
手机快没电时,辐射是平时的1000倍?

来源:科普中国 发布时间:2018年07月17日

པེ་ཅིང་གློག་འཕྲིན་ཁང་གི་དགེ་རྒན་ཆེན་མོ་བ་ཉིའུ་ཁའེ་ཡིས། ཁ་པར་གྱི་འགྱེད་འཕྲོ་ཆེ་ཆུང་ནི་བརྡ་རྟགས་དྲག་ཞན་དང་འབྲེལ་བ་ཡོད་པ་ལས།  གློག་མེ་མང་ཉུང་དང་འབྲེལ་བ་མེད་པར་བཤད།

སྤྱིར་བཏང་དུ་ཁ་པར་གྱི་བརྡ་རྟགས་ཞན་དུས་འགྱེད་འཕྲོ་ཆེ་བ་ཡོད་དེ།   GSM རྟགས་ཅན་གྱི་ཁ་པར་ལ་ཆ་མཚོན་ན།  སྒྲ་རླབས་༡༨༠༠ཐོག་ཁ་པར་བེད་སྤྱད་དུས་འགུལ་ཚད་མཐོ་ཤོས་ཝ་གཅིག་དང་དམའ་ཤོས་ཧའོ་ཝ་གཅིག་ཡིན།   ཁ་པར་གྱི་བརྡ་རྟགས་ཧ་ཅང་ཞན་པའི་གནས་ས་འོག་ཁང་པའི་ནང་བརྡ་ཐིག་གཅིག་ལས་མེད་དུས་ཁ་པར་ཉན་པ་དང་།  བརྡ་རྟགས་དྲག་པའི་གནས་བརྡ་ཐིག་ཆ་ཚང་ཁེངས་པ་དང་བསྡུར་ན་འགྱེད་འཕྲོའི་ཤུགས་ལྡབ་ཆིག་སྟོང་གི་ཆེ་བ་ཡོད།

བརྡ་རྟགས་ཀྱི་མྱུར་ཚད་གསུམ་དང་བཞིའི་ཁ་པར་གྱི་མ་ལག་དང་GSMརྟགས་ཅན་གྱི་ཁ་པར་ནི་མི་འདྲ་སྟེ།  སྤྱིར་བཏང་དུ་འགྱེད་འཕྲོ་ཆེ་བའི་ཚད་ཧའོ་ཝ་༡༠༠དང་ཆུང་བའི་ཚད་ཧའོ་ཝ་༡ཡིན།  དེ་གཉིས་ཀྱི་ཧེ་བག་ལྡབ་བརྒྱ་ཡིན།

མ་གཞི་བརྡ་རྟགས་ཀྱི་མྱུར་ཚད་གསུམ་དང་བཞིའི་ཁ་པར་དང་GSMརྟགས་ཅན་གྱི་ཁ་པར་གཉིས་ཀར་བརྡ་རྟགས་དྲག་ཞན་གྱི་བསྡུར་ཚད་བརྒྱ་ནས་ཆིག་སྟོང་བར་སླེབས་པ་ནི།  འགྱེད་འཕྲོ་ཞན་པའི་བསྡུར་ཚད་དམའ་པོ་ཡིན་པ་ལས་འགྱེད་འཕྲོ་དྲག་པའི་ཚད་མཐོ་པོ་མ་ཡིན་པའི་རྐྱེན་གྱི་ཡིན།   ཉིའུ་ཁའེ་ཡིས།  ཚད་ལྡན་གྱི་བཟོ་གྲྭ་ཡོངས་ཀྱི་ཐོན་རྫས་ཁ་པར་ནི་ཞིབ་དཔྱད་ཚད་ལོན་ཤ་སྟག་ཡིན་པས།  གློག་ཁབ་ལེན་གྱི་འགྱེད་འཕྲོའི་ཚད་ལས་བརྒལ་མེད་པས་མིའི་གཟུགས་གཞི་བདེ་ཐང་ལ་གནོད་པ་མེད།

北京邮电大学教授牛凯解释说:手机的辐射强度只和信号强度有关,和它的剩余电量之间没有任何关系。

一般来说,手机信号越弱,辐射越强。

以GSM手机为例,在1800MHz频率下工作时,它的最大峰值功率是1W,最小功率1mW。当这个手机在信号最差的地方(比如地下室,信号只剩一格)接通电话时,产生的电磁辐射可能是在信号最好的地方(比如基站旁边,信号满格)接通电话时电磁辐射的1000倍。

3G、4G手机工作原理与GSM手机不同,一般最大辐射功率是100mW,最小功率1mW,大约差100倍。

“虽然GSM手机或3G/4G手机都有可能出现最高辐射是最低辐射的100—1000倍甚至以上的情况,但这只是因为作为参考的最低辐射值非常低,而不是因为最高辐射值太大。”牛凯说,所有正规厂家的手机产品都经过严格检测,完全符合我国电磁辐射标准,不会对人体健康造成危害。