有人说,葡萄干上的白霜是残留的促干剂,吃了会对人体有害,是这样吗?
食品专家告诉我们:“葡萄干上的白霜与新鲜葡萄表皮上的白霜一样,是果蔬本身分泌的糖醇类物质(也称果粉),是一种生物合成的天然物质,对人体完全无害。果粉不溶于水,只溶于氯仿等有机溶剂,因此在促干剂浸泡、清水冲洗过程中,它都幸存于葡萄表皮上,故葡萄干上也会有这样一层白霜。”
有专家指出,果粉在长期运输和储存过程中可能会被蹭掉。所以,葡萄布满这种白色的果粉,反而可以证明它是新鲜的。
མི་འགའ་རེས་རྒུན་འབྲུམ་སྐམ་པོའི་ཐོག་གི་བ་མོ་ནི་མྱུར་སྐམ་རྫས་ལུས་པ་ཡིན་པས། བཟས་ན་མིའི་གཟུགས་པོར་གནོད་འཚེ་ཡོད་ཅེས་བརྗོད་ཀྱི་འདུག་པས། འདི་འདྲ་རེད་དམ།
བཟའ་བཅའི་ཆེད་ལས་མཁས་ཅན་གྱིས་གསུངས་དོན། རྒུན་འབྲུམ་སྐམ་པོའི་ཐོག་གི་བ་མོ་ནི་རྒུན་འབྲུམ་སོས་པའི་པགས་པའི་སྟེང་གི་བ་མོ་དང་འདྲ་བར། ཤིང་འབྲས་རང་ངོས་ནས་འཛག་ཐོན་བྱུང་བའི་མངར་ཆའི་རིགས་༼གཞན་ཤིང་འབྲས་ཕྱེ་མ་ཡང་བརྗོད།༽ ཡིན་པ་དང་།
སྐྱེ་དངོས་མཉམ་འདུས་ལས་བྱུང་བའི་རང་བྱུང་དངོས་པོ་ཞིག་ཡིན་པས། མིའི་གཟུགས་པོར་གནོད་འཚེ་ཅི་ཡང་མེད། ཤིང་འབྲས་ཕྱེ་མ་ནི་བླུད་ཧྥང་ལ་སོགས་པའི་སྐྱེ་ལྡན་ཞུ་སྨན་གྱིས་ཞུ་ཐུབ་པས་མ་གཏོགས་ཆུར་ཞུ་ཁག་པོ་ཡོད་པར་བརྟེན། མྱུར་སྐམ་རྫས་ནང་སྦངས་པ་དང་། ཆུའི་ནང་བཀྲུས་པ་སོགས་ཀྱི་བརྒྱུད་རིམ་ནང་།
དེ་ཉིད་རྒུན་འབྲུམ་གྱི་ཕྱི་ཤུན་ཐོག་ལུས་ཀྱི་ཡོད་པས། རྒུན་འབྲུམ་སྐམ་པོའི་ཐོག་ཏུའང་བ་མོ་རིམ་པ་འདི་འདྲ་ཞིག་མཐོང་ཐུབ་ཀྱི་ཡོད།
ཆེད་ལས་མཁས་ཅན་འགས་ཀྱང་། ཤིང་འབྲས་ཕྱེ་མ་ཡུན་རིང་དབོར་འདྲེན་དང་ཉར་ཚགས་བྱེད་པའི་བརྒྱུད་རིམ་ཁྲོད་དུ་ཟགས་འགྲོ་སྲིད། དེར་བརྟེན། རྒུན་འབྲུམ་ལ་ཤིང་འབྲས་ཕྱེ་མ་དཀར་པོས་ཁེངས་པ་འདིས་རྒུན་འབྲུམ་སོས་པ་ཡིན་པ་ར་སྤྲོད་བྱེད་ཐུབ་ཅེས་གསུངས།