当前位置: 寺庙僧侣 > 科学用药

ཨ་སི་ཕི་ལིན་སྨན་ཇི་ལྟར་བྱས་ཏེ་ཡང་དག་པའི་ལམ་ནས་ཟ་དགོས་སམ།
如何正确服用阿司匹林?

发布时间:2019年01月11日

ཨ་སི་ཕི་ལིན་སྨན་ཚད་ཉུང་ངུ་ཞིག་ཀླད་ཁྲག་མི་འདང་བའི་ནད་ལངས་པ་དང་།གནས་སྐབས་རང་བཞིན་གྱི་ཀླད་ཁྲག་མ་འདང་བའི་ནད།སྙིང་རྩ་འགགས་པ།འཕར་རྩའི་རྣག་སྦུག་གམ་གཞན་བཤགས་བཅོས་བྱས་རྗེས་ཀྱི་ཁྲག་རྡོག་གྲུབ་པ་བཅས་ཀྱི་ནད་ལ་སྤྱད་ཆོགལག་ལེན་དངོས་ལས་ར་སྤྲོད་བྱུང་བ་ལྟར་ན།ཨ་སི་ཕི་ལིན་སྨན་ཉུང་ངུ་ཞིག་སྤྱད་ཚེ་སྲོག་ཉེན་ཡོད་པ་དང་སྲོག་ཉེན་མེད་པའི་རང་བཞིན་གྱི་སྙིང་རྩ་འགགས་པའི་ནད་ཕོག་ཚད་ཉུང་དུ་སོང་བ་མ་ཟད།ཀླད་པའི་གཟའ་གྲིབ་དང་གཞན་པ་སྙིང་གི་ཁྲག་རྩའི་ནད་ཕོག་ནས་ཤི་བའི་ཚད་ཉུང་དུ་གཏོང་ཐུབ།

ཞིབ་འཇུག་བྱས་པ་ལྟར་ན།ཉིན་རེར་ཨ་སི་ཕི་ལིན་སྨན་ཧའོ་ཁེ་75བཟས་ན།སྙིང་རྩ་འགགས་པའི་ནད་ཕོག་ཚད་36%དང་སྙིང་རྩའི་ནད་གློ་བུར་དུ་ཕོག་ཚད་15%དམའ་རུ་འགྲོ།ཨ་སི་ཕི་ལིན་སྨན་སྤྱིར་ན་ཉིན་རེར་ཧའོ་ཁེ་75~100བཏང་ཚེ།ཀླད་པའི་གཟའ་གྲིབ་དང་སྙིང་རྩ་འགགས་པ་ནད་ལོག་བརྒྱབ་པ་བཀག་འགོག་བྱེད་པར་ཕན་ནུས་ཆེན་པོ་ཡོད།

འོན་ཏེ་ཨ་སི་ཕི་ལིན་ཚད་གཞི་ཉུང་ཉུང་ཞིག་གཏོང་སྐབས་སུ་གཤམ་གྱི་གནད་དོན་ཁག་ལ་དོ་སྣང་བྱེད་དགོས།

ཨ་སི་ཕི་ལིན་སྨན་བཟས་ཚེ་གཤམ་གྱི་སྨན་ལོག་འདི་ཚོ་བརྒྱབ་པ་སྟེ།སྐབས་རེ་སྐྱུག་པ་སྐྱུག་པ་དང་ཞེ་མེར་ལངས་བ།གྲོད་པ་ན་ཟུག་གཏོང་བཅས་དང་།ཟ་ཚད་མང་དྲགས་པའམ་ཡུན་རིང་ཚེ་ཕོ་བའི་གཉན་ཚད་དང་ཁྲག་མངོན་མེད་དུ་དོན་ནས།སྨུག་པོར་གྱུར་བ་དང་འཇུ་ལམ་ནས་ཁྲག་དོན་པ་སོགས་ཚབས་ལྕི་རུ་འགྲོ།གལ་ཏེ་ཁ་ལག་བཟས་རྗེས་ཐན་སྐྱུར་ཀལ་དང་མཉམ་དུ་བཟས་ན་སྨན་ལོག་བརྒྱབ་ཚད་ཉུང་དུ་གཏོང་ཐུབ།འོན་ཏེ་ཐན་སྐྱུར་ཆིང་ནཱ་དང་མཉམ་དུ་བཟས་ན་འཚམ་པོ་མེད་པས།དེ་གཉིས་ཀྱི་བར་དུ་ཆུ་ཚོད་གཉིས་གཡས་གཡོན་འཇོག་དགོས།

ཨ་སི་ཕི་ལིན་སྨན་གྱིས་ཁྲབ་ལེབ་གཅིག་ཏུ་བསྡུ་བར་བཀག་འགོག་བྱས་ནས།ཁྲག་དོན་པ་དུས་ཚོད་རིང་དུ་གཏོང་བས།ཁྲག་བཤིག་རྫས་རྒྱུའམ་ཧོ་ཧྥ་ལིང་སྲ་འགྱུར་འགོག་རྗས་སྤྱོད་མཁན་དང་མཆིན་ནད་ཚབས་ཆེན་ཡོད་མཁན་ཡང་ན་ཁྲག་དོན་རང་བཞིན་གྱི་ནད་ཕོག་མཁན་གྱིས་ཨ་སི་ཕི་ལིན་སྨན་ཟ་མི་རུང་།གཤགས་བཅོས་མ་བྱས་གོང་ཁྲག་བར་མཚམས་མེད་པ་དོན་པ་འགོག་ཆེད་ཨ་སི་ཕི་ལིན་ཟ་མི་རུང་།

ཕོ་བ་དང་རྒྱུ་ལམ་བཅུ་གཉིས་སྨུག་པོར་འགྱུར་བའི་ནད་ཕོག་མཁན་དང་།འཇུ་ལམ་སྨུག་པོར་འགྱུར་ནས་ཁྲག་དོན་མཁན།གཟུགས་གཞི་ནས་ཁྲག་དོན་མཁན།དབུགས་ཧལ་བའི་ནད་ཕོག་མཁན།མངལ་ཡོད་པའམ་ནུ་མ་སྟེར་བའི་དུས་སྐབས་ཀྱི་བུད་མེད་ལ་སོགས་པས་ཨ་སི་ཕི་ལིན་བཟས་མི་ཆོག

དུས་ཡུན་རིང་པོར་ཨ་སི་ཕི་ལིན་སྨན་མང་པོ་བཟས་ཚེ་མགོ་བོ་ན་བ་དང་།མགོ་ཡུ་འཁོར་བ།རྣ་བ་འུར་བ།གཉིད་ཅོག་རྒྱག་པ།མིག་ཤེད་ཉམས་པ།རྔུལ་ཆུ་ཐོན་པ་སོགས་ཀྱི་སྨན་ནད་ཐོན་ཞིང་།ཚབས་ལྕི་བར་སེམས་ཁམས་འཁྲུག་པ་དང་སྐྱུར་བུལ་དོ་མི་མཉོམ་པས།གོང་གི་གནས་ཚུལ་འདི་རིགས་བྱུང་ཚེ་ལམ་སེང་སྨན་གཏོང་མཚམས་འཇོག་དགོས།

མ་འཕྲོད་པའི་རང་བཞིན་གྱི་སྣའི་གཉན་ཚད།སྣའི་ཤའུ།དལ་བའི་རང་བཞིན་གྱི་དབུགས་ལམ་འགོས་ནད་(ལྷག་པར་དུ་མ་འཕྲོད་པའི་རང་བཞིན་གྱི་ནད་རྟགས་)ཕོག་མཁན།མཆིན་པ་དང་མཁལ་ནུས་ཉམས་པ།སྙིང་ཁའི་ནུས་པ་ཡག་པོ་མེད་།ཁྲག་ལེབ་ཉུང་དུ་ཕྱིན་པའི་ནད་རྟགས་ཡོད་མཁན་ཚོས་ཨ་སི་ཕི་ལིན་སྨན་སྤྱོད་པར་གཟབ་དགོས།


小剂量阿司匹林可用于预防脑缺血发作、暂时性脑缺血、心肌梗死、动脉瘘或其它手术后的血栓形成。实践证明,小剂量阿司匹林不仅能减少致命和非致命性心肌梗死,也能降低脑卒中和其他心血管疾病的死亡率。

有研究表明,每日服用阿司匹林75mg,可使心肌梗死发生减少36%,心血管意外发生减少15%。阿司匹林一般每日服75~100mg,对预防脑卒中、心肌梗死的复发等是有益的。

但在服用小剂量阿司匹林时应注意以下问题:

服用阿司匹林会出现以下不良反应:有时会出现呕吐、恶心、腹痛;大剂量和长期服用可引起胃炎、隐性出血,加重溃疡和消化道出血等。如果在餐后与适量碳酸钙同服,可减少反应的发生,但不宜与碳酸氢钠同服,宜间隔2小时左右。

由于阿司匹林可抑制血小板聚集,延长出血时间,因此正在使用肝素或华法令抗凝剂者及有严重肝病或出血性病变者不可服用阿司匹林。手术前应停用阿司匹林以防出血不止。

胃、十二指肠溃疡者、消化道溃疡出血者、出血体质者、哮喘患者、妊娠或哺乳期妇女应禁用阿司匹林。

长期大量服用阿司匹林可出现头痛、眩晕、耳鸣、嗜睡、视听力减退、出汗等反应,严重者有精神紊乱和酸碱失衡,遇到上述情况应立即停药。

有过敏性鼻炎、鼻息肉、慢性呼吸道感染(尤其是过敏性症状)者、肝肾功能不全者、心功能不全者、血小板减少者,应慎用阿司匹林。