ཉི་མ་བཀྲ་ཤིས།
尼玛扎西

发布时间:2019年03月28日

ཉི་མ་བཀྲ་ཤིས། 

བོད་ཡིག་གི་རིག་གནས་ཀྱི་རྨང་གཞི་ཟབ་མོ་ལྡན་ཞིང་། བོད་ཡིག་གི་དཔེ་རྙིང་ལ་ཆ་མཚོན་ན་གྲངས་འབོར་ནི་རྒྱ་ཡིག་གི་ཚད་ལྡན་ཡིག་ཆའི་རྗེས་སུ་སླེབས་ཀྱི་ཡོད་པ་དང་། ཀྲུང་ཧྭ་རིག་གནས་བང་མཛོད་ནང་གི་མཆོག་ནོར་ཞིག་ཡིན། རང་རྒྱལ་ཕུད། འབྲུག་ཡུལ་དང་། རྒྱ་གར། ནེ་པ་ལ་སོགས་རྒྱལ་ཁབ་ཀྱི་ས་ཆ་ཁག་གཅིག་ཏུའང་བོད་ཡིག་སྤྱོད་ཀྱི་ཡོད། ཀྲུང་གོ་ནི་བོད་ཡིག་གི་ཕ་ས་ཡིན་པ་དང་། བོད་ཡིག་ཆ་འཕྲིན་ལག་རྩལ་ནི་རྒྱ་ཡིག་ཆ་འཕྲིན་ལག་རྩལ་གྱི་གྲུབ་ཆ་གལ་ཆེན་ཞིག་རེད། 

གུས་པས་ལོ་རབས་80པའི་དུས་མཇུག་ནས་བཟུང་རྩིས་འཕྲུལ་དང་བོད་ཡིག་ཆ་འཕྲིན་ལག་རྩལ་སློབ་ཁྲིད་དང་དེ་བཞིན་ཚན་ཞིབ་ལ་གཞོལ་འགོ་ཚུགས་ནས་རང་རྒྱལ་གྱི་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་སྤེལ་དང་འདུ་འགོད་ཅན་གྱི་བཀོལ་སྤྱོད་ཁྱབ་ཁོངས་གསར་པ་གཏོད་པ་དང་། བོད་ཀྱི་སློབ་གསོའི་ཆ་འཕྲིན་ཅན་གྱི་ལས་དོན་གསར་གཏོད། བོད་ཀྱི་རྩིས་འཕྲུལ་རིག་ཚན་ཆེད་ལས་གསར་འཛུགས་བཅས་བྱས་པ་ཡིན། རྒྱལ་ཁབ་ཀྱི་གཙོ་གནད་ཞིབ་སྤེལ་འཆར་གཞིའི་གཙོ་གནད་ཆེད་དམིགས་རྣམ་གྲངས་དང་།“863”རྣམ་གྲངས་སོགས་ཀྱི་ཚན་ཞིབ་རྣམ་གྲངས་30ལྷག་ཙམ་གཙོ་སྐྱོང་བྱས་པ་དང་། བོད་ཡིག་གི་ཆ་འཕྲིན་ལག་རྩལ་གྱི་ཚད་གཞི་ཁག་ལྔ་བཟོ་རྒྱུའི་གཙོ་སྐྱོང་དང་དེའི་ནང་ཞུགས་པ། དཔྱད་རྩོམ་60ལྷག་ཙམ་སྤེལ་བ། ཆེད་རྩོམ་དེབ་4དཔེ་སྐྲུན་བཅས་བྱས་པར་རྒྱལ་སྤྱིའི་གདོང་ལེན་དང་སྔོན་ཐོན་ཆུ་ཚད་ཀྱི་གྲུབ་འབྲས་ཁག་5ཐོབ་པ་དང་། རྒྱལ་ཁབ་ཀྱི་གསར་གཏོད་ཁེ་བེད་བདག་ཐོབ་ཁག་3དང་མཉེན་ཆས་བརྩམས་དབང་ཁག་13རག་ནས་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་ཚད་གཞི་བཟོ་བ་དང་། རྨང་གཞིའི་རིགས་པའི་གཞུང་ལུགས་ཀྱི་ཞིབ་འཇུག འགག་རྩའི་ལག་རྩལ་ཞིབ་སྤེལ་དང་འདུ་འགོད་ཅན་གྱི་བཀོལ་སྤྱོད་ཁྱབ་ཁོངས་བཅས་ཀྱི་སྟོང་ཆ་གསབ་སྟེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་དགོས་མཁོ་གལ་ཆེན་ཁག་གཅིག་བསྐངས་ཡོད། རྒྱལ་ཁབ་ཀྱི“མི་ཁྲིའི་འཆར་གཞིའི”ཁག་དང་པོའི་སྣེ་ཁྲིད་ཤེས་ལྡན་མི་སྣའི་ནང་བདམས་ཐོན་བྱུང་ལ་ཧོ་ལེང་ཧོ་ལི་ཐེབས་རྩའི་ཚན་རིག་དང་ལག་རྩལ་གསར་གཏོད་ཀྱི་བྱ་དགའ་དང་རྒྱལ་ཡོངས་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་ཕུལ་བྱུང་གི་མཚན་སྙན་ཡང་རག་བྱུང་། 

དང་པོ།  “ཆ་འཕྲིན་སྤེལ་རེས་ཐད་བོད་ཡིག་ཨང་སྒྲིག་གི་ཡིག་རྟགས་ཚོགས་སྤྱི་སྤྱོད་པའི”རྒྱལ་སྤྱི་དང་རྒྱལ་ཁབ་ཀྱི་ཚད་གཞི་གཙོ་སྐྱོང་བྱས་ནས་བཟོས་ཏེ་བོད་ཡིག་གི་ཆ་འཕྲིན་ལག་རྩལ་གོང་འཕེལ་གྱི་རྨང་གཞི་བཏིང་བ་དང་རྒྱལ་ཁབ་ཀྱི་ཚད་ལྡན་ཅན་གྱི་ཁེ་དབང་སྲུང་སྐྱོང་བྱས་པ། 

དེ་སྔའི་བོད་ཡིག་ཆ་འཕྲིན་ལག་རྩལ་ཐད་བོད་ཡིག་ཨང་སྒྲིག་གི་ཡིག་རྟགས་ཚོགས་སྤྱི་གཞི་འཛིན་ས་མེད་པར་བརྟེན་རྒྱ་ཡིག་གི་ཨང་སྒྲིག་བར་མཐོངས་སྤྱད་དེ་བོད་ཡིག་ཡིག་རྟགས་ལ་ཨང་སྒྲིག་བྱེད་དགོས་ཀྱི་ཡོད། དེ་དང་ཆབས་ཅིག དེའི་ཐད་སྤྱད་པའི་ཨང་སྒྲིག་བྱེད་སྟངས་བོད་ཡིག་གི་མིང་ཚིག་ཡོངས་ལ་ཁྱབ་མ་ཐུབ་པས་བོད་ཡིག་ཆ་འཕྲིན་གྱི་འཐུས་ཚང་ཐག་གཅོད་དང་ཕན་ཚུན་སྤེལ་རེས་དང་དེ་བཞིན་མཉམ་སྤྱོད་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་པ་མ་ཟད། བོད་ཡིག་རྩིས་འཕྲུལ་ལ་བརྟེན་ནས་བང་སྒྲིག་དང་འབྲི་ནོར་དག་བཅོས་སོགས་རྨང་གཞིའི་ལག་རྩལ་མང་པོ་ཞིག་མངོན་དུ་འགྱུར་རྒྱུར་ཚོད་འཛིན་ཕོག་པ་དང་བོད་ཡིག་ཆ་འཕྲིན་ལག་རྩལ་གོང་འཕེལ་འགྲོ་དཀའ་བར་གྱུར་ཡོད། 

1993ལོའི་ལོ་འགོ་ནས་1997ལོའི་ཟླ་7པའི་བར། རྒྱལ་ཡོངས་ཆ་འཕྲིན་ལག་རྩལ་ཚད་ལྡན་ཅན་ལག་རྩལ་ཨུ་ཡོན་ལྷན་ཁང་གི་སྒྲིག་འཛུགས་འོག་ཚོགས་པའི་སྣེ་ཁྲིད་དེ་ISO/IEC 10646《ཆ་འཕྲིན་སྤེལ་རེས་ཐད་བོད་ཡིག་ཨང་སྒྲིག་གི་ཡིག་རྟགས་ཚོགས་སྤྱི་སྤྱོད་པའི》རྒྱལ་སྤྱིའི་ཚད་གཞི་ཞིབ་འཇུག་བྱས་ནས་བཟོས་པ་ཡིན། སྐབས་དེ་དུས། ཧ་ཅང་གལ་འགངས་ཆེ་བའི་ISO/IEC 10646ཡི་རྨང་གཞིའི་ཡིག་རིགས་མང་བའི་ངོས(BMP)ཨང་སྒྲིག་གི་བར་མཐོངས་མང་པོ་ལྷག་མེད་པ་མ་ཟད། དབྱིན་ཇི་དང་རྒྱ་གར་སོགས་རྒྱལ་ཁབ་ཀྱིས་ཀྱང་བོད་ཡིག་ཨང་སྒྲིག་གི་རྒྱལ་སྤྱིའི་ཚད་གཞིའི་གྲོས་གཞི་ཞིབ་འཇུག་དང་སྐྱེལ་བཞིན་ཡོད་པས་ལས་འགན་ཧ་ཅང་ལྗིད་རྫོབ་ཆེ་བ་དང་འགྲན་རྩོད་ཧ་ཅང་ཆེན་པོ་འདུག ཀྲུང་གོའི་སྐུ་ཚབ་ཚོགས་པའི་ཁོངས་མི་ཞིག་ཡིན་པའི་ངོས་ནས་ངས་སྔ་རྗེས་སུ་ཨ་རི་སོགས་རྒྱལ་ཁབ་5རུ་ISO/IECདང་། JTC1/SC2 WG2བཅས་ཀྱི་ཚོགས་འདུར་ཞུགས་པ་མ་ཟད།《ཆ་འཕྲིན་སྤེལ་རེས་ཐད་བོད་ཡིག་ཨང་སྒྲིག་གི་ཡིག་རྟགས་ཚོགས་སྤྱི་སྤྱོད་པའི》གྲོས་གཞི་དངོས་ཁག་6གཙོ་སྐྱོང་བྱས་ནས་བཟོས་ཏེ་བསྐྱལ་བ་ཡིན། ལོ་ལྔ་ཙམ་གྱི་ལག་རྩལ་འགག་སྒྲོལ་བྱས་པ་བརྒྱུད་མཐའ་མའི་གྲོས་གཞི་དེ་ཆགས་པ་དང་། འཛམ་གླིང་གི་ཡིག་རིགས་སྣ་མང་གི་ཨང་སྒྲིག་ལག་རྩལ་ལ་ཞིབ་འཇུག་བྱས་པ་མ་ཟད་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་དགོས་མཁོ་དངོས་དང་ཟུང་འབྲེལ་བྱས་མཐར་བོད་ཡིག་གི་ཀ་མད་སུམ་ཅུའི་ཁྱད་ཆོས་དང་འཚམ་པ་མ་ཟད་བོད་ཡིག་གི་དབྱངས་གསལ་ཁོ་ན་སྤྱོད་པ་དང་ཡིག་རྟགས་སྦྱོར་ཐུབ་པའི་སྒྲིག་སྲོལ་དང་བོད་ཡིག་ཆ་ཚང་ཨང་སྒྲིག་བྱེད་པའི་ལག་རྩལ་གྱི་ཇུས་གཞི་གསར་གཏོད་རང་བཞིན་ལྡན་པའི་ངང་བཏོན་པས་བོད་ཡིག་གི་ཆ་འཕྲིན་སྤེལ་སྟངས་དང་། སྤེལ་རེས། སྒྲིག་གཅོད་བཅས་ཀྱི་ལག་རྩལ་གྱི་འཇུར་མིག་བསལ་ཡོད། 1997ལོའི་ཟླ་7པར། གྲོས་གཞི་དེ་ISOརྩ་འཛུགས་ཀྱིས《ཆ་འཕྲིན་སྤེལ་རེས་ཐད་བོད་ཡིག་ཨང་སྒྲིག་གི་ཡིག་རྟགས་ཚོགས་སྤྱི་སྤྱོད་པའི》རྒྱལ་སྤྱིའི་ཚད་གཞིར་དངོས་སུ་གཏན་འཁེལ་བྱས་པ་དང་། བོད་ཡིག་འདི་ཉིད་རང་རྒྱལ་གྱིས་ཨང་སྒྲིག་གི་རྒྱལ་སྤྱིའི་ཚད་གཞི་ཐོག་མར་ལེགས་གྲུབ་ཟིན་པའི་གྲངས་ཉུང་མི་རིགས་ཀྱི་ཡི་གེར་གྱུར། 1998ལོའི་ཟླ་1ཚེས་1ཉིན་ནས་བཟུང་། ཚད་གཞི་དེ་GB16959-1997《ཆ་འཕྲིན་ལག་རྩལ་དང་ཆ་འཕྲིན་སྤེལ་རེས་ཐད་བོད་ཡིག་ཨང་སྒྲིག་གི་ཡིག་རྟགས་ཚོགས་སྤྱི་སྤྱོད་པ། རྨང་གཞིའི་ཡིག་རྟགས་ཚོགས་སྤྱི》རྒྱལ་ཁབ་ཀྱི་བཙན་སྐུལ་ཚད་གཞི་ཡིན་པའི་ངོས་ནས་ལག་ལེན་བསྟར་འགོ་ཚུགས་པའི་ཁྱབ་བསྒྲགས་བྱས་པ་རེད། གོང་གསལ་གྱི་ཚད་གཞི་དེ་ནི་གོ་ལ་ཧྲིལ་པོའི་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་གཞི་འཛིན་སའི་ཚད་གཞིར་གྱུར་པ་དང་། རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ་ཨང་གཉིས་པ་དང་ཀྲུང་གོའི་ཚད་གཞིའི་གསར་གཏོད་ལེགས་སྐྱེས་བྱ་དགའ་ཨང་དང་པོ་ཐོབ་ཡོད། 

གཉིས་པ། བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་གཞི་རྩའི་རིགས་པའི་གཞུང་ལུགས་བཏོད་དེ་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་བཏང་བ་དང་ལག་རྩལ་གྱི་ཆུ་ཚད་མཐོ་རུ་བཏང་བ། 

མཚོན་སྟངས་སྐད་ཡིག་དང་རང་འགུལ་རྩིས་འཕྲུལ་གྱི་རིགས་པའི་གཞུང་ལུགས་དེ་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་ཁྱབ་ཁོངས་སུ་ཐོག་མར་དྲངས་ནས་བོད་ཡིག་གི་བརྡ་སྤྲོད་དང་རང་འགུལ་རྩིས་འཕྲུལ་སོགས་ཀྱི་རིགས་པའི་གཞུང་ལུགས་བཏོད་དེ་གསར་གཏོད་རང་བཞིན་ལྡན་པའི་ངང་རྩིས་འཕྲུལ་ལ་བརྟེན་ནས་བོད་ཡིག་འབྲི་ནོར་དག་བཅོས་དང་། རྩིས་འཕྲུལ་གྱིས་བང་སྒྲིག རིག་ནུས་ཕབ་འཇུག ཡི་གེ་ངོས་འཛིན་སོགས་ལག་རྩལ་གྱི་དཀའ་གནད་ཐག་གཅོད་བྱེད་པའི་རིགས་པའི་གཞུང་ལུགས་དང་ཐབས་ཤེས་གསར་པ་བཏོན་པ་མ་ཟད་ལག་རྩལ་ཞིབ་སྤེལ་དང་འདུ་འགོད་ཅན་གྱི་ཁྱབ་གདལ་ལ་སྤྱད་ཡོད། ཚན་རིག་དཔེ་སྐྲུན་ཁང་གིས་བོད་སྐད་རྩིས་འཕྲུལ་སྐད་ཡིག་གི་ཆེད་རྩོམ་དེབ་དང་པོ《བོད་ཡིག་འབྲི་བའི་མཚོན་སྟངས་སྐད་ཡིག་དང་དེའི་རང་འགུལ་རྩིས་འཕྲུལ་གྱི་ཞིབ་འཇུག་དང་བཀོལ་སྤྱོད》ཅེས་པ་དང་བོད་སྐད་ཀྱི་རང་བྱུང་སྐད་བརྡ་སྒྲིག་གཅོད་ཀྱི་ཆེད་རྩོམ་དེབ་དང་པོ《བོད་སྐད་ཀྱི་རང་བྱུང་སྐད་བརྡ་སྒྲིག་གཅོད་ཀྱི་གཞི་རྩའི་རིགས་པའི་གཞུང་ལུགས་དང་བྱ་ཐབས》དཔེ་སྐྲུན་བྱས་པ་དང་། སེ་ཕུའུ་ལིན་ཀེ་དཔེ་སྐྲུན་ཁང་གིས་བོད་སྐད་ཀྱི་རྩིས་འཕྲུལ་སྐད་ཡིག་རིག་པའི་དབྱིན་སྐད་ཆེད་རྩོམ་དེབ་དང་པོ《Research on Tibetan Spelling Formal Language and Automate with Application》དཔེ་སྐྲུན་བྱས་པ་རེད། བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་རྨང་གཞིའི་རིགས་པའི་གཞུང་ལུགས་མ་ལག་མེད་པ་ནས་ཡོད་པའི་བར་རྣམ་པ་རགས་ཙམ་ཞིག་ཆགས་ཡོད། རྩིས་འཕྲུལ་ཁྱབ་ཁོངས་ཀྱི་གྲགས་ཅན་ཚན་རིག་མཁས་ཅན་གྱིས་ཆེད་རྩོམ《བོད་ཡིག་འབྲི་བའི་མཚོན་སྟངས་སྐད་ཡིག་དང་དེའི་རང་འགུལ་རྩིས་འཕྲུལ་གྱི་ཞིབ་འཇུག་དང་བཀོལ་སྤྱོད》ལ“བོད་ཡིག་གི་ཤེས་བྱ་དང་། རྩིས་འཕྲུལ་གྱི་ཚན་རིག་ལག་རྩལ། བོད་ཡིག་ཆ་འཕྲིན་ལག་རྩལ་བཅས་གསུམ་བཀོལ་སྤྱོད་བྱས་པར་མཉམ་འདྲེས་གཏིང་ཟབ་བྱུང་བ”དང“བརྒྱུད་རིམ་ལྡན་པའི་རང་བཞིན་དང་རིགས་པའི་གཞུང་ལུགས་ཀྱི་གཏིང་ཟབ་ཚད་གཉིས་ཀ་ལྡན་འདུག”ཅེས་གདེང་འཇོག་གནང་ཡོད། 

གསུམ་པ། རང་རྒྱལ་གྱི་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་སྤེལ་དང་འདུ་འགོད་ཅན་གྱི་བཀོལ་སྤྱོད་ཁྱབ་ཁོངས་གསར་པ་བཏོད་དེ་ཁྱབ་ཁོངས་ཀྱི་ལག་རྩལ་ཡར་རྒྱས་ལ་སྣེ་ཁྲིད་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུས་པ། 

(གཅིག)བོད་ཡིག་གི་ཚད་ལྡན་ཡིག་ཆའི་ཐོན་ཁུངས་གྲངས་འཛིན་ཅན་འདུ་འགོད་ཁྱབ་ཁོངས་བཏོད་དེ་རྒྱལ་ཁབ་ཀྱི་རིག་གནས་འཐབ་ཇུས་ལག་བསྟར་ལ་རམ་འདེགས་བྱས་པ། 

བོད་ཡིག་གི་ཚད་ལྡན་ཡིག་ཆ་གྲངས་འཛིན་ཅན་གྱི་ལག་རྩལ་ཞིབ་སྤེལ་དང་ཐོན་ཁུངས་གྲངས་འཛིན་ཅན་གྱི་སྲུང་སྐྱོང་དང་བེད་སྤྱོད་ནི་རྒྱལ་ཁབ་ཕྱི་ནང་གི་ཚད་ལྡན་ཡིག་ཆ་གྲངས་འཛིན་ཅན་གྱི་ཁྱབ་ཁོངས་ནང་གླེང་མང་བའི་བརྗོད་གཞི་ཞིག་ཡིན། 2009ལོ་ནས་བཟུང་། བོད་ཡིག་གི་ཚད་ལྡན་ཡིག་ཆའི་ཐོན་ཁུངས་གྲངས་འཛིན་ཅན་གྱི་ལས་སྟེགས་དང་རྩོམ་ཡིག་ཧྲིལ་པོར་འཚོལ་ཞིབ་ལག་རྩལ་ཞིབ་སྤེལ་ལ་གཅིག་རྗེས་གཉིས་མཐུད་ངང་གཙོ་སྐྱོང་བྱས་པ་དང་། བོད་ཡིག་གི་དཔེ་རྙིང་དང་། རིག་གཞུང་གསུང་རྩོམ། དུས་དེབ་རྩོམ་ཡིག་སོགས་གྲངས་འཛིན་ཅན་དུ་གྱུར་བ། བོད་ཡིག་གི་ཚད་ལྡན་ཡིག་ཆའི་ཐོན་ཁུངས་ཀྱི་གྲངས་གཞིའི་མཛོད་བསྐྲུན་པ་དང་འབྲེལ། 2013ལོར་གོ་ལ་ཧྲིལ་པོའི་ཕྱོགས་བསྡུས་རང་བཞིན་གྱི་བོད་ཡིག་གི་ཚད་ལྡན་ཡིག་ཆའི་ཐོན་ཁུངས་ཞབས་ཞུ་ལྟེ་གནས་དང་པོ་ཡིན་པའི“ཀྲུང་གོའི་བོད་ལྗོངས་ཀྱི་ཤེས་བྱའི་དོ་ར”བསྐྲུན་དེ་སློབ་གསོ་པུའི“བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་འདུ་འགོད་ཞིབ་འཇུག་ལྟེ་གནས”ལ་བརྟེན་ནས་འདུ་འགོད་ཅན་གྱི་བཀོལ་སྤྱོད་བྱས་པར་བོད་རང་སྐྱོང་ལྗོངས་ཀྱི་ཚན་རིག་ལག་རྩལ་བྱ་དགའ་ཨང་གཉིས་པ་ཐོབ་ཡོད། 

རྒྱལ་ཁབ་ཀྱི་གཙོ་གནད་ཞིབ་སྤེལ་འཆར་གཞིའི་གཙོ་གནད་ཆེད་དམིགས་རྣམ་གྲངས་ཡིན་པའི“བོད་ཡིག་གི་ཚད་ལྡན་ཡིག་ཆའི་ཐོན་ཁུངས་གྲངས་འཛིན་ཅན་གྱི་ལག་རྩལ་འདུས་གྲུབ་དང་བཀོལ་སྤྱོད་དཔེ་སྟོན”གཙོ་སྐྱོང་བྱས་ཏེ་བོད་ཡིག་གི་དཔེ་རྙིང་ཡིག་ཆའི་པར་ངོས་དབྱེ་ཞིབ་དང་། ཡིག་གཟུགས་སྣ་མང་ལས་བྲིས་པའི་ཡི་གེ་ངོས་འཛིན། གཏོར་སྐྱོན་མེད་པའི་ནང་དོན་བསྡུ་ལེན་ལག་རྩལ་བཅས་ཞིབ་སྤེལ་བྱས་ཡོད། སྲོལ་རྒྱུན་གྱི་འོད་རིག་ཡིག་རྟགས་ངོས་འཛིན(OCR)ལག་རྩལ་ཕྱོགས་བསྡུས་བཀོལ་སྤྱོད་དང་། བྱ་ཐབས་དང་བོད་ཡིག་གི་ཚིག་སྦྱོར་རྣམ་པའི་བརྡ་སྤྲོད་དང་རང་འགུལ་རྩིས་འཕྲུལ་གྱི་རིག་པའི་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་བྱས་པ་བརྒྱུད་རྒྱལ་ཁབ་ཕྱི་ནང་གི་བོད་ཡིག་གི་ཚད་ལྡན་ཡིག་ཆའི་པར་ངོས་དབྱེ་ཞིབ་དང་ཡིག་གཟུགས་སྣ་མང་ལས་བྲིས་པའི་ཡི་གེ་ངོས་འཛིན་མ་ལག་དང་པོ་དེ་བདེ་བླག་ངང་ཞིབ་སྤེལ་བྱས་པ་དང་དེའི་ནང་བོད་ཡིག་གི་དཔེ་རྙིང་པར་ངོས་དབྱེ་ཞིབ་དང་ཡི་གེ་ངོས་འཛིན་ཐུབ་ཚད་94%ཙམ་ཟིན་པ་དང་དེང་རབས་ཀྱི་ཚད་ལྡན་ཡིག་ཆའི་ཡི་གེ་ངོས་འཛིན་ཐུབ་ཚད་99%ཟིན་ནས་རྒྱལ་ཁབ་ཕྱི་ནང་གིས་ལོ་ངོ་ཉི་ཤུ་ལྷག་རིང་ཞིབ་སྤེལ་བྱེད་པའི་ཁྱབ་ཁོངས་དེར་ཚད་བརྒལ་ཆེན་པོ་བྱུང་ཡོད། 

(གཉིས)བོད་ཀྱི་འཕྲིན་གཏོང་ལག་རྩལ་རང་ཡུལ་ཅན་གྱི་ཞིབ་སྤེལ་དང་འདུ་འགོད་ཅན་གྱི་བཀོལ་སྤྱོད་ཁྱབ་ཁོངས་བཏོད་དེ་བོད་ཀྱི་ཆ་འཕྲིན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། 

2005ལོར་གྲངས་འཛིན་སྒུལ་བདེའི་ཁ་པར་ཚད་ཡོད་མ་ལག་གི་ཐོན་ཁུངས་ཁོར་ཡུག་ཁྲོད་བོད་ཡིག་ཨང་སྒྲིག་གི་རྒྱལ་སྤྱི་དང་རྒྱལ་ཁབ་ཀྱི་ཚད་གཞི་བཀོལ་སྤྱོད་བྱེད་པ་དང་། བོད་ཡིག་གི་འཕྲིན་ཐུང་ཨང་སྒྲིག་དང་ཡིག་འབེབས་བྱེད་པ། གྲངས་འཛིན་སྒུལ་བདེའི་ཁ་པར་གྱི་ཚད་ཡོད་མཐེབ་གཞོང་དུ་བོད་ཡིག་མཐེབ་གནོན་ཇུས་འགོད་བྱེད་པ་བཅས་ཀྱི་ལག་རྩལ་བྱ་ཐབས་བཏོན་པ་དང་འབྲེལ། ཧྲེན་ཀྲེན་རུན་ཧུའེ་ཀུང་སི་དང་ཀྲུང་གོ་གློག་འཕྲིན་བོད་ལྗོངས་ཡན་ལག་ཀུང་སི་དང་མཉམ་ལས་བྱས་ཏེ་གོ་ལ་ཧྲིལ་པོར་གྲངས་འཛིན་སྒུལ་བདེའི་ཁ་པར་དང་འཁོར་ཐོག་སྒུལ་བདེའི་ཁ་པར་བོད་ཡིག་ཅན་ཐོག་མར་མངོན་འགྱུར་བྱུང་ཡོད། དེའི་རྨང་གཞིའི་ཐོག་Android.Symbianདང་Windows Mobileབཀོལ་སྤྱོད་མ་ལག་བོད་ཡིག་ཅན་གྱི་ལག་རྩལ་དང་མཉེན་ཆས་ཐུམ་བུ་ཞིབ་སྤེལ་བྱ་རྒྱུར་གཅིག་རྗེས་གཉིས་མཐུད་ངང་གཙོ་སྐྱོང་བྱས་ཡོད། ཧྭ་ཝུའེ་ཀུང་སི་དང་བོད་ལྗོངས་གློག་འཕྲིན་དང་མཉམ་ལས་བྱས་ནས་བོད་རྒྱ་ཡིག་རིགས་གཉིས་ཀྱིAndroidབཀོལ་སྤྱོད་མ་ལག་དང་པོ་དེ་ཞིབ་སྤེལ་བྱས་ཏེ་རིག་ནུས་སྒུལ་བདེའི་ཁ་པར་གྱི་བཀོལ་སྤྱོད་མ་ལག་ནང་ཀུ་ཤུ་ཀུང་སིའིiosཡིས་མ་གཏོགས་བོད་ཡིག་སྒྲིག་གཅོད་ལ་རྒྱབ་སྐྱོར་མི་བྱེད་པའི་ལོ་རྒྱུས་མཇུག་འགྲིལ་ཡོད། “བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་འདུ་འགོད་ཞིབ་འཇུག་ལྟེ་གནས”དང་གློག་འཕྲིན་ཚོང་གཉེར་དང་དུད་སྣེའི་བཟོ་སྐྲུན་ཚོང་པར་བརྟེན་ནས་གྲུབ་འབྲས་དེ་འདུ་འགོད་ཅན་དུ་བཀོལ་སྤྱོད་བྱས་ཡོད། ལོ་བཅུ་ཕྲག་རིང་ལག་རྩལ་ཞིབ་སྤེལ་བྱས་པ་བརྒྱུད་བོད་ལྗོངས་ཀྱི་འཕྲིན་གཏོང་ལག་རྩལ་རང་ཡུལ་ཅན་གྱི་ཞིབ་སྤེལ་དང་གྲུབ་འབྲས་འདུ་འགོད་ཅན་གྱི་བཀོལ་སྤྱོད་ཁོར་ཡུག་བཏོད་པ་དང་ལག་རྩལ་འཕེལ་རྒྱས་ཀྱི་རྨང་གཞི་བཏིང་ཡོད། མིག་སྔར་སྒུལ་བདེའི་ཁ་པར་བཀོལ་སྤྱོད་མ་ལག་སྣ་ཚོགས་ཀྱིས་བོད་ཡིག་སྒྲིག་གཅོད་ལ་རྒྱབ་སྐྱོར་བྱེད་པ་དེ་རྒྱུན་རྣམ་ཞིག་ཏུ་གྱུར་ཡོད། བོད་ལྗོངས་གློག་འཕྲིན་ལ་ཆ་མཚོན་ན། བསྡོམས་རྩིས་རགས་ཙམ་བྱས་པ་བརྒྱུད། ཀུང་སི་དེས་གོང་དུ་བརྗོད་པའི་གྲུབ་འབྲས་དག་ཁྱབ་གདལ་བཀོལ་སྤྱོད་བྱས་ཏེ་ཕྱིར་འཚོང་ཡོང་འབབ་དུང་ཕྱུར་བཅུ་གྲངས་བྱུང་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་བཟང་པོ་ཐོབ་པ་རེད། དེར་བོད་རང་སྐྱོང་ལྗོངས་ཀྱི་ཚན་རིག་ལག་རྩལ་བྱ་དགའ་ཨང་དང་པོ་ཐོབ་ཡོད། 

(གསུམ)བོད་སྐད་ཀྱི་རང་བྱུང་སྐད་བརྡ་སྒྲིག་གཅོད་ཀྱི་འགག་རྩའི་ལག་རྩལ་ཞིབ་སྤེལ་དང་འདུ་འགོད་ཅན་གྱི་བཀོལ་སྤྱོད་ཁྱབ་ཁོངས་བཏོད་དེ་བོད་ཀྱི་ཞི་མཐུན་བརྟན་ལྷིང་དང་འཕེལ་རྒྱས་ལ་ཞབས་འདེབས་ཞུས་པ།

 ལོ་རབས་བརྒྱད་ཅུའི་དུས་མཇུག་ནས་བཟུང་། བོད་ཀྱི་བོད་རྒྱ་དབྱིན་གསུམ་གྱི་ཆ་འཕྲིན་སྒྲིག་གཅོད་མ་ལག་དང་བོད་ཡིག་གིWindowsལས་སྟེགས་དང་པོ་དང་རྒྱལ་ཁབ་ཕྱི་ནང་གི་བོད་ཡིག་ལས་སྒྲུབ་མཉེན་ཆས(ཀྲུང་པིའོ་མཉེན་ཆས་ཀུང་སི་དང་མཉམ་ལས་བྱས་པ)དང་བོད་རྒྱ་ཡིག་རིགས་གཉིས་ཀྱི་རྒྱང་ཁྲིད་མ་ལག(ཝུའེ་རོན་སྤྱི་ཁྱབ་པུའུ་ཡིས་རོགས་དངུལ་སྤྲད་པ)ཁག་དང་པོ་ཞིབ་སྤེལ་བྱས་པ་དང་འབྲེལ། སྲིད་གཞུང་དང་ཁེ་ལས་བྱ་གཞག་ཚན་པར་ཁྱབ་གདལ་བཀོལ་སྤྱོད་བྱས་ཡོད། གྲུབ་འབྲས་དེ་དག་གི་རྨང་གཞིའི་ཐོག་ལག་རྩལ་ཞིབ་སྤེལ་དང་འདུ་འགོད་ཅན་གྱི་བཀོལ་སྤྱོད་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་སྟེ་བོད་རྒྱ་ཡིག་རིགས་གཉིས་ཕན་ཚུན་འཕྲུལ་འཁོར་ཡིག་སྒྱུར་དང་བོད་སྐད་ཀྱི་འཚོལ་བཤེར་མཉེན་ཆས་དང་སྐད་ཡིག་ལས་འདས་པའི་གླེང་ཕྱོགས་དབྱེ་ཞིབ་དང་ལྟ་ཞིབ་ཚད་ལེན་གྱི་འགག་རྩའི་ལག་རྩལ་ཞིབ་སྤེལ་ལ་གཙོ་སྐྱོང་བྱས་ཡོད། བསྡོམས་རྩིས་ཡིག་སྒྱུར་ལག་རྩལ་དང་བོད་ཡིག་གི་བརྡ་སྤྲོད་གཞུང་ལུགས་དང་ཟུང་འབྲེལ་བྱས་ཏེ་བོད་རྒྱ་ཡིག་རིགས་གཉིས་ཕན་ཚུན་འཕྲུལ་འཁོར་ཡིག་སྒྱུར་ཐུབ་པའི་མ་ལག་གིས་སྒྱུར་བའི་ཡི་གེ་ཆ་སྙོམས་ཀློག་ཐུབ་ཚད་70%ཙམ་ཟིན་ཡོད། GB/T 36452-2018《ཆ་འཕྲིན་སྒྲིག་གཅོད་ཐད་བོད་ཡིག་གི་ཚིག་འཕྲལ་ཏེ་སྤྱོད་པའི་ཚད་གཞི》དང་GB/T 36337-2018《ཆ་འཕྲིན་སྒྲིག་གཅོད་ཐད་བོད་ཡིག་གི་ཐ་སྙད་སྤྱད་དེ་ཐོ་རྟགས་རྒྱག་པའི་ཕྱོགས་བསྒྲིགས》ཞེས་པའི་རྒྱལ་ཁབ་ཀྱི་ཚད་གཞི་བཟོས་པ་དང་འབྲེལ། ཐོ་འཇུག་བྱས་མེད་པའི་མིང་ཚིག་ངོས་འཛིན་ལག་རྩལ་ཞིབ་འཇུག་བྱས་ཏེ་བོད་སྐད་ཐད་རང་འགུལ་ངང་ཚིག་འཕྲལ་བ་དང་ཚིག་གི་ངོ་བོ་ཐོ་རྟགས་རྒྱག་པའི་མ་ལག་གིས་ཚིག་འཕྲལ་སྐབས་ཡང་དག་ཡོང་ཚད་95%ཟིན་ཡོད། “བོད་ཡིག་གི་ཆ་འཕྲིན་ལག་རྩལ་ཀྱི་འདུ་འགོད་ཞིབ་འཇུག་ལྟེ་གནས”ལ་བརྟེན་ནས་གོང་དུ་བརྗོད་པའི་གྲུབ་འབྲས་དེ་བོད་ལྗོངས་དྲ་འཕྲིན་གཞུང་ལས་ཁང་སོགས་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བའི་སྡེ་ཚན་གྱི་ཆ་འཕྲིན་མ་ལག་ཐད་འདུ་འགོད་ཅན་གྱིས་བཀོལ་སྤྱོད་བྱས་ཡོད། “ཉི་འོད་བོད་རྒྱ་ཡིག་རིགས་གཉིས་ཕན་ཚུན་འཕྲུལ་འཁོར་ཡིག་སྒྱུར་གྱི་མ་ལག”གིས་རྒྱལ་ཁབ་ཕྱི་ནང་ལ་དྲ་ཐོག་ཞབས་ཞུ་བྱས་པས་དེ་སྤྱོད་མཁན་གོ་ལ་ཧྲིལ་པོར་ཁྱབ་ཡོད། དེར་བོད་རང་སྐྱོང་ལྗོངས་ཀྱི་ཚན་རིག་ལག་རྩལ་བྱ་དགའ་དང་པོ་དང་བྱ་དགའ་གཉིས་པ་ཐོབ་ཡོད། 

བཞི་པ། བོད་ཀྱི་སློབ་གསོ་ཆ་འཕྲིན་ཅན་གྱི་ཁྱབ་ཁོངས་བཏོད་དེ་དཔེ་སྟོན་སྣེ་ཁྲིད་ཀྱིས་ཆ་འཕྲིན་ཅན་གྱི་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ། 

1997ལོར་སྐྲུན་འགན་ཁུར་བའི་ཀྲུང་གོའི་སློབ་གསོ་དང་ཚན་ཞིབ་རྩིས་འཕྲུལ་དྲ་བའི་ལྷ་སའི་གཙོ་གཉེར་ཁུལ་དེ་བོད་ཀྱི་དབྱིན་ཐེ་དྲ་བའི་མཐུད་འཇུག་ཞབས་ཞུའི་སྒྲིག་གཞི་དང་པོ་དེར་གྱུར་ནས་བོད་ལ་ཆ་འཕྲིན་ཅན་གྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་གལ་ཆེན་ཐོན་ཡོད། 1999ལོ་ནས་བཟུང་བོད་ལྗོངས་སློབ་ཆེན་གྲངས་འཛིན་ཅན་གྱི་སློབ་གྲྭ་ཇུས་འགོད་འཆར་གཞི་དང་འཛུགས་སྐྲུན་དོ་དམ་གཙོ་སྐྱོང་བྱས་ཏེ་བོད་དུ་མིང་དངོས་འགོད་པའི་དྲ་ཞུགས་ལམ་ལུགས་ཐོག་མར་ལག་བསྟར་བྱས་པས་ཀྲུང་གོའི་དྲ་སྦྲེལ་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱི“བོད་ཀྱི་དྲ་རྒྱའི་བདེ་འཇགས་ཀྱི་ཤེས་ལྡན་པའི་བྱ་དགའི‘དྲ་རྒྱའི་བདེ་འཇགས་ཐད་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་གྱི་བྱ་དགའ’”ཐོབ་ཡོད། 

nmzx.jpg

藏文具有深厚的文化基础,以藏文古籍文献为例,其数量之巨在我国仅次于汉文文献,是中华文化宝库中的瑰宝。除了我国,不丹以及印度、尼泊尔等国的一些地区也使用藏文。中国是藏文的故乡,藏文信息技术是中文信息技术的重要组成部分。

本人自80年代末开始从事计算机及藏文信息技术教学和科研,开创我国藏文信息技术研发和工程化应用新领域,开辟西藏教育信息化工作,创建西藏计算机学科专业。主持国家重点研发计划重点专项、“863”项目等科研项目30余项,主持和参与制定藏文信息技术标准5项,发表论文60余篇,出版专著4部,取得达到国际领先和先进水平的成果5项,获国家发明专利3项和软件著作权13项,填补藏文信息技术标准制定、基础理论研究、关键技术研发和工程化应用领域空白,解决西藏经济社会发展中的一些重要需求。入选国家“万人计划”第一批领军人才,获何梁何利基金科学与技术创新奖和全国杰出专业技术人才称号。

一、主持制定“信息交换用藏文编码字符集”国际和国家标准,奠定藏文信息技术发展基础,维护国家标准化权益。

早期的藏文信息技术由于没有藏文编码字符集标准可依,故占用汉字编码空间对藏文字符进行编码。同时,所采用的编码方式也无法实现对藏文的全覆盖,严重影响了藏文信息的完整处理及交互和共享,制约了藏文机器排序、拼写检查等许多基础技术的实现,藏文信息技术发展举步维艰。

1993年初至1997年7月,在全国信息技术标准化技术委员会组织下,带领团队研究制订ISO/IEC 10646《信息交换用藏文编码字符集》国际标准。当时,非常重要的ISO/IEC 10646基本多文种平面(BMP)编码空间所剩不多,而且英国、印度等国也在研究和提交藏文编码国际标准提案,任务异常繁重且竞争激烈。作为中国代表团成员先后到美国等5国参加ISO/IEC JTC1/SC2 WG2会议,并主持制订和提交6份《信息交换用藏文编码字符集》正式提案。经过近五年技术攻关形成的最终提案,通过研究世界多种文字的编码技术,并结合藏文信息技术实际需求,创新性地提出符合藏文文字属性,且只使用藏文基本字符、组合用字符及实现规则,编码所有藏文的技术方案,突破藏文信息表示、交换和处理的技术瓶颈。1997年7月,提案被ISO组织正式确定为《信息交换用藏文编码字符集》国际标准。藏文成为我国首个完成编码国际标准制定的少数民族文字。1998年1月1日起,该标准作为GB16959-1997《信息技术 信息交换用藏文编码字符集 基本集》国家强制标准颁布实行。上述标准成为全球藏文信息技术的遵循标准。获国家科学技术进步奖二等奖、中国标准创新贡献奖一等奖。

二、创立藏文信息技术基础理论,筑牢发展基础,提升技术水平。

首次将形式语言和自动机理论引入藏文信息技术领域,构建藏文拼写形式文法与自动机等理论,创新性地提出解决计算机藏文拼写检查、机器排序、智能输入、文字识别等技术难题的新的理论和方法,并应用于技术研发及工程化推广。科学出版社出版第一本藏语计算语言学专著《藏文拼写形式语言及其自动机研究和应用》和第一本藏语自然语言处理专著《藏语自然语言处理基本理论和方法》,斯普林格出版社出版第一本藏语计算语言学英文专著《Research on Tibetan Spelling Formal Language and Automata with Application》。藏文信息技术基础理论体系从无到有,初具雏形。计算机领域著名科学家评价专著《藏文拼写形式语言及其自动机研究和应用》“能将藏文知识、计算机科学技术和藏文信息技术的应用三者深度融合”,“兼具有系统性和理论深度”。

三、开创我国藏文信息技术研发及工程化应用新领域,引领领域技术进步,服务经济社会发展。

(一)开辟藏文文献资源数字化工程领域,助力国家文化战略实施。

藏文文献数字化技术研发及其资源数字化保护和利用是国内外文献数字化领域的一个热点。2009年开始,陆续主持研发藏文文献资源数字化平台、全文检索技术;数字化藏文古籍、学术著作、期刊文章等;构建藏文文献资源数据库,并于2013年建成全球第一个综合性藏文文献资源服务中心——“中国西藏知网”,依托教育部“藏文信息技术工程研究中心”进行工程化应用。获西藏自治区科学技术奖二等奖。

主持国家重点研发计划重点专项——“藏文文献资源数字化技术集成与应用示范”,研发藏文古籍文献版面分析、多字体文字识别、无损采集技术。通过综合应用传统光学字符识别(OCR)技术、深度学习方法和藏文拼写形式文法与自动机理论,研发成功国内外第一个藏文文献版面分析与多字体文字识别系统,其中的藏文古籍版面分析与文字识别率近94%,现代文献相关识别率近99%,实现国内外该领域二十余年研发工作的重大突破。

(二)开辟西藏通信技术本地化研发和工程化应用领域,促进西藏信息产业发展。

于2005年提出在数字移动电话有限系统资源环境中应用藏文编码国际和国家标准、实现藏文短消息编码及解码、在数字移动电话有限键盘键位上设计藏文键盘的技术方法,并与深圳润汇公司和中国电信西藏分公司合作,在全球首次实现数字移动电话和车载移动电话藏文化。在此基础上,陆续主持研发Android、Symbian和Windows Mobile操作系统藏文化技术及系列软件包,与华为公司和西藏电信合作研发第一款藏汉双语Android 操作系统,结束了在智能移动电话操作系统中,只有苹果公司的iOS支持藏文处理的历史。依托“藏文信息技术工程研究中心”、电信运营商和终端制造商,将成果进行工程化应用。经过十余年的技术研发,营造了西藏通信技术本地化研发和成果工程化应用环境,奠定了技术发展基础,目前各种移动电话操作系统支持藏文处理已成为常态。仅以西藏电信为例,根据不完全统计,该公司推广应用上述成果实现几亿元的销售收入,取得良好的经济社会效益。获西藏自治区科学技术奖一等奖。

(三)开拓藏语自然语言处理关键技术研发和工程化应用领域,服务西藏和谐稳定发展。

80年代末开始,研发西藏第一个藏汉英信息处理系统和藏文Windows平台、国内外第一套藏文办公软件(与中标软件公司合作)和藏汉双语远程教学系统(微软总部资助),并在政府和企事业单位推广应用。在这些成果基础上不断深化技术研发和工程化应用,主持研发藏汉双向机器翻译、面向藏语的跨语言搜索引擎和跨语言舆情分析与监测关键技术。通过将统计翻译技术和藏文文法规则相结合,使藏汉双向机器翻译系统平均翻译可读性达到近70%。通过制定GB/T 36452-2018《信息处理用藏文分词规范》和GB/T 36337-2018《信息处理用藏语词类标记集》国家标准,并研究未登录词识别技术,使藏语自动分词和词性标注系统分词准确率达95%。依托“藏文信息技术工程研究中心”,将上述成果工程化应用于西藏网信办等涉及国家安全的部门的信息系统。“阳光藏汉双向机器翻译系统”面向国内外提供在线服务,用户遍布全球。获西藏自治区科学技术奖一等奖和二等奖各1项。

四、开辟西藏教育信息化领域,示范引领,推动信息化建设。

1997年,负责建设的中国教育和科研计算机网拉萨主节点成为西藏第一个因特网接入服务机构,在西藏产生重要的信息化示范引领作用。1999年开始,主持西藏大学数字化校园设计规划和建设管理,率先在西藏实施实名上网制,获中国互联网发展基金会“西藏网络安全人才奖‘网络安全突出贡献奖