རིག་ནུས་ཕྱིར་སྐྱོད་ཀྱིས་མི་རྣམས་ཀྱི་འཚོ་བར་འགྱུར་ལྡོག་གཏོང་བཞིན་ཡོད།
智能出行正在改变人们的生活

来源:新华网 发布时间:2019年04月24日

འཕྲིན་སྦྲེལ་དྲ་བའི་བཀོལ་སྤྱོད་ཁྱབ་གདལ་འགྲོ་བ་དང་། ཚན་རྩལ་བྱ་ཐབས་ཡོངས་ཁྱབ་ཏུ་བེད་སྤྱོད་སོང་བས་ལས་རིགས་ཁག་ལ་འཕོ་འགྱུར་གཏིང་ཟབ་བྱུང་ཡོད།  དུས་མཚུངས་རིག་ནུས་ཕྱིར་སྐྱོད་ཀྱིས་ག་ལེར་མི་རྣམས་ཀྱི་འཚོ་བའི་གོམས་ལུགས་ལ་འགྱུར་ལྡོག་གཏོང་བཞིན་ཡོད་པ་རེད།

ས་འོག་ལྕགས་ལམ་དུ་རྩ་ཨང་བཤེར་ནས་འགྲོ་བསྐྱོད་བྱ་བ།

གྲོང་ཁྱེར་ཆེ་གྲས་ཁག་གི་འཁོར་ལམ་འགྲིམ་འགྲུལ་ཐད་གཞི་རྩའི་ཐོག་ནས་རྩ་གཉིས་ཨང་རྟགས་བཤེར་ནས་འགྲོ་སྐྱོད་བྱ་བའི་ལུགས་སྲོལ་ཡོངས་སུ་གྲུབ་ཡོད་པ་རེད།  འགྲུལ་པས་ལག་འཁྱེར་ཁ་པར་ཐོག་ཏུ་དམིགས་འཛུགས་ཀྱི་མཉེན་ཆས་ཕབ་ལེན་བྱས་ནས་རླངས་འཁོར་ནང་བསྐྱོད་སྐབས་རྩ་གཉིས་ཐིག་རིས་དེ་ས་འོག་ལྕགས་ལམ་གྱི་དོ་དམ་སྒྲིག་ཆས་སྟེང་གི་སེར་སྒྲོམ་ཆུང་ཆུང་དེར་ཁ་གཏད་པ་དང་ཡང་ནNFCབྱེད་ནུས་བེད་སྤྱད་དེ་“ཏིའི་”ཞེས་པའི་སྒྲ་ཐོས་ཕྱིན་བདེ་འཇགས་ངང་འབབ་ཚུགས་ནས་འགྲོ་བསྐྱོད་བྱ་ཆོག་པ་ཡིན། 

ཐོབ་ཐང་ལག་འཁྱེར་འཁྱེར་ནས་འབབ་ཚུགས་སུ་འགྲོ་འོང་བྱེད་པ།

མིག་སྔར་མེ་འཁོར་འབབ་ཚུགས་ཚང་མར་མེ་འཁོར་སྤ་སེ་དང་ཐོབ་ཐང་ལག་འཁྱེར་ལ་བརྟེན་ནས་མེ་འཁོར་དུ་བསྐྱོད་ཆོག་པ་དང་འབབ་ཚུགས་སུ་འགྲོ་འོང་བྱ་ཆོག་པ་ཡིན།  འོན་ཀྱང་འགྲུལ་པ་ཚོར་སྟབས་བདེ་ཡོང་ཆེད་ལྕགས་ལམ་སྡེ་ཁག་ནས་ཐོན་གཉིས་པའི་ཐོབ་ཐང་ལག་འཁྱེར་བཤེར་ནས་འབབ་ཚུགས་སུ་འགྲོ་བསྐྱོད་བྱ་ཐུབ་པའི་ལམ་ལུགས་དར་སྤེལ་གཏོང་བཞིན་ཡོད་པ་རེད། འབབ་ཚུགས་ནས་ཐོན་པ་དང་མེ་འཁོར་དུ་བསྐྱོད་སྐབས་ཤོག་བུའི་སྤ་སེ་མི་དགོས་པ་ཡིན། ཡིད་འཇོག་བྱ་དགོས་པ་ཞིག་ལ་སྤ་སེ་བླངས་མི་དགོས་པར་ཐོབ་ཐང་ལག་འཁྱེར་ལ་བརྟེན་ནས་མེ་འཁོར་དུ་བསྐྱོད་པ་དང་འབབ་ཚུགས་སུ་འགྲོ་འོང་བྱ་ཆོག་པ་ཡིན། འོན་ཀྱང་གལ་ཏེ་འགྲུལ་པས་སྤ་སེ་བླངས་ཚར་ཚེ་ཤོག་བུའི་སྤ་སེ་དང་ཐོབ་ཐང་ལག་འཁྱེར་ཁོ་ནར་བརྟེན་ནས་མེ་འཁོར་དུ་བསྐྱོད་པ་དང་འབབ་ཚུགས་སུ་འགྲོ་ཆོག་པ་ཡིན།

ཁ་ལོ་བ་མེད་པའི་སྤྱི་སྤྱོད་རླངས་འཁོར།

རླངས་འཁོར་ནང་དུ་ཁ་སྒྱུར་འཁོར་ལོར་ཚོད་འཛིན་བྱེད་མཁན་མེད་པ་ཕུད་གཞན་ཁྱད་པར་གང་ཡང་མེད།  གཞན་ཡང་རླངས་འཁོར་འགྲོ་སྐྱོད་མ་བྱས་གོང་ཁ་ལོ་བས་མཐེབ་མནོན་དེ་མནོན་ཚེ་རླངས་འཁོར་དེ་རང་འགུལ་གྱིས་འགྲོ་སྐྱོད་བྱ་ཐུབ་པ་ཡིན། ལམ་བཞིན་བསྙེགས་པའི་རྒྱུད་རིམ་ཁྲོད་ཕྱོགས་སྟོན་གློག་སྒྲོན་དང་། ལམ་ཁ་འགྱུར་བ། མགྱོགས་སུ་གཏོང་བ་དང་། རླངས་འཁོར་འཇོག་པ་སོགས་ཚང་མ་སྤྱི་སྤྱོད་རླངས་འཁོར་རང་ཉིད་ཀྱིས་རང་འགུལ་ངང་ལེགས་གྲུབ་བྱ་ཡི་ཡོད།

རིག་ནུས་ཀྱི་སྤྱི་སྤྱོད་རླངས་འཁོར་ཐོག་སྒྲིག་སྦྱོར་བྱས་པ་ནི་ཧྲེན་ཀྲེན་ཧེའི་ལེང་ཚན་རྩལ་ཀུང་ཟིས་གསར་སྤེལ་བྱས་པའི་རིག་ནུས་ཁ་ལོའི་མ་ལག་དེ་ཡིན། མ་ཟད་རླངས་འཁོར་སྟེང་དུ་སྐུལ་འོད་ར་ཏྭར་དང་། ཧོའོ་རྨིད་རླབས་ཀྱི་རེག་བརྡ། བརྙན་མིགGPSགནམ་སྐུད་སོགས་ཕྱི་རོལ་གྱི་ཁོར་ཡུག་ལ་རྒྱང་འཚོར་བྱ་བའི་སྒྲིག་ཆས་སྡེབ་སྒྲིག་བྱས་ཡོད།  སྒྲིག་ཆས་དེ་དག་གིས་དུས་ཐོག་ཏུ་ལམ་གཞན་གྱི་ཐོལ་བྱུང་གནས་ཚུལ་སོགས་ལ་བསྟུན་ཐུབ་པ་ཡིན་ཞིང་དེས་རང་འགུལ་ངང་འགྲོ་སྐྱོད་བྱ་བའི་རྨང་གཞིའི་འོག་ལམ་འགྲོ་བ་དང་འཁོར་རིགས་ཁག་ལ་རེག་འཚོར་བྱ་ཐུབ་པ་སྟེ་རླངས་འཁོར་གྱི་མགྱོགས་ཚད་དལ་བར་གཏོང་བ་དང་ཛ་དྲག་གི་འཁོར་བཀག་རྒྱག་པ། གེགས་དངོས་ལས་གཡོལ་བ། ལམ་ཁ་སྒྱུར་བ། རང་འགུལ་ངང་འབབ་ཚུགས་ཁག་ཏུ་བསྡོད་པ་སོགས་ཀྱི་བྱེད་ནུས་ལྡན། འགྲོ་སྐྱོད་བྱ་བའི་རྒྱུད་རིམ་ཁྲོད་ཁ་ལོ་བས་དམིགས་གསལ་གྱི་གནས་ཚུལ་ཤེས་རྟོགས་ཐུབ་སྟེ་འཁོར་བཀག་མནན་ཚེ་སྤྱི་སྤྱོད་རླངས་འཁོར་གྱི་རང་འགུལ་ངང་འགྲོ་སྐྱོད་བྱ་བའི་ལས་རིམས་དེ་མི་ནུས་ཀྱི་རླངས་འཁོར་གཏོང་བའི་ལས་རིམས་སུ་བརྗེ་འགྱུར་བྱེད་ཆོག་པ་ཡིན།

འཕུར་སྐྱོད་རླངས་འཁོར། འབྱུང་འགྱུར་སྲིད་པའི་འགྲིམ་འགྲུལ་ཡོ་བྱད། 

འཕུར་སྐྱོད་རླངས་འཁོར་ནི་རྟག་ཏུ་ཚན་རྟོག་གློག་བརྙན་ཁྲོད་དུ་མཐོང་བ་མང་། འོན་ཀྱང་དོན་དངོས་འཚོ་བའི་ཁྲོད་དུ་ཚན་རིག་ཞིབ་འཇུག་མི་སྣས་འཕུར་སྐྱོད་ཆོག་པའི་རླངས་འཁོར་ཞིག་ཞིབ་འཇུག་ཐུབ་ཡོད་པ་རེད།  རླངས་འཁོར་དེ་རིགས་ལ་དྲང་འཕྱང་འདེགས་འབེབ་ལག་རྩལ་བེད་སྤྱད་ཡོད། ལག་རྩལ་དེ་རིགས་ལ་རྒྱུག་ལམ་མི་དགོས་པ་དང་སྤྱིར་བཏང་ནས་ས་གནས་གང་རུང་དུ་འབབ་ཆོག་པ་ཡིན།  རླངས་འཁོར་དེར་རྐྱང་གཟུགས་མཉམ་འདུས་རྒྱུ་ཆ་དང་ཕྲེང་སྦྲེལ་དམ་སྦྱར་ཆགས་ཚུལ་བཅས་ཀྱི་ལག་རྩལ་སྤྱད་ཡོད་ཅིང་སྡོད་ས་གཉིས་ཡོད་པ་མ་ཟད་རྒྱབ་མདུན་གཉིས་ཀྱི་གཤོག་པ་གཙོ་བོ་དེས་འཕུར་སྐྱོད་བརྟན་བརླིང་རང་བཞིན་ཇེ་མཐོར་གཏོང་ཐུབ་པ་ཡིན།  དེའང་གཤོག་པ་གཙོ་བོའི་འོག་ཏུ་གཤོག་པ་ཆུང་བ་འགའ་སྒྲིག་ཡོད། དེ་བཞིན་རླངས་འཁོར་དེ་རིགས་ནི་ཡོངས་སུ་གློག་གི་འགུལ་སྐུལ་བྱ་ཡི་ཡོད་ལ་རླུང་འཁོར་ཆེན་པོ་གཉིས་ཀྱི་འཕར་ཤུགས་དང་འདེད་ཤུགས་འཁོ་འདོན་བྱ་བ་ཡིན། འགྲོ་སྐྱོད་ཆོག་པའི་ལམ་ཐག་ཕལ་ཆེར་སྤྱི་ལེ190ཡིན་ཞིང་ལམ་བར་འདིའི་ཁྲོད་ཡོངས་སུ་རང་འགུལ་ངང་འགྲོ་བ་ཡིན་པས་ཁ་ལོ་པས་འཕུར་སྐྱོད་ཀྱི་ལག་འཁྱེར་མི་དགོས་པར་བཀོལ་སྤྱོད་ཆོག་པ་ཡིན། 

GPSགོ་ལ་ཧྲིལ་པོའི་གནས་ངེས་རྒྱུད་ཁོངས།

GPSགོ་ལ་ཧྲིལ་པོའི་གནས་ངེས་རྒྱུད་ཁོངས་ནིGPSགནས་ངེས་སྲུང་སྐར་བེད་སྤྱད་ནས་གོ་ལ་ཧྲིལ་པོའི་ནང་དུས་ཐོག་ཏུ་གནས་ངེས་དང་ཁ་ཕྱོགས་སྟོན་ཐུབ་པའི་རྒྱུད་ཁོངས་ཤིག་ཡིན།  GPSནི་ཕྱོགས་ཐམས་ཅད་དང་གནམ་གཤིས་ངེས་མེད། དུས་ངེས་མེད་བཅས་ཡིན་རུང་ཞིབ་ཚད་མཐོ་བར་བརྟག་ཐུབ་པའི་ཁ་ཕྱོགས་སྟོན་ལེན་གྱི་རྒྱུད་ཁོངས་ཤིག་ཡིན་པ་རེད། དེས་གོ་ལ་ཡོངས་ཀྱི་སྤྱོད་མི་ཚོར་མ་གནས་དམའ་བ་དང་ཞིབ་ཚད་མཐོ་བའི་རྩ་གསུམ་གནས་ཡུལ་དང་། མགྱོགས་ཚད་དང་ཞིབ་ཚད་མཐོ་བའི་ཕྱོགས་སྟོན་ཆ་འཕྲིན་མཁོ་སྤྲོད་བྱ་བ་ཡིན།  GPSནི་གཙོ་བོ་བར་སྟོང་ཆ་ཤས་དང་ས་ངོས་ཚོད་འཛིན་རྒྱུད་ཁོངས་སྤྱོད་མཁན་སྒྲིག་ཆས་བཅས་ཆ་ཤས་གསུམ་ལས་གྲུབ་པ་ཡིན།  མ་ཟད་གོ་ལ་ཧྲིལ་པོར་གནམ་གཤིས་ངེས་མེད་ཀྱི་ཞིབ་ཚད་མཐོ་བའི་གནས་ངེས་བྱ་ཐུབ་པ་ཡིན་ལ་ཞིབ་ཚད་མཐོ་བའི་གནས་ངེས་བྱ་བཞིན་གནས་ངེས་ཀྱི་དུས་ཐུང་ལ་ཚད་འཇལ་ས་ཚིགས་བར་མཐོང་མི་དགོས་ཤིང་། དཔྱད་ཆས་ཀྱི་བཀོལ་སྤྱོད་སྟབས་བདེ་བ་མ་ཟད་གོ་ལ་ཡོངས་ཀྱི་གཅིག་གྱུར་གྱི་རྩ་གསུམ་ས་སྙིང་གནས་ཚད་མཁོ་འདོན་བྱ་ཐུབ་པ་ཡིན།  གཞན་ཡང་འཚོ་བ་དངོས་ཀྱི་ཁྲོདGPSནི་གཞུང་ལམ་ལས་གྲྭ་དང་། གློག་རྡུལ་སྐོར་སྐྱོད། རླངས་འཁོར་གྱི་ཕྱོགས་སྟོན་དང་འགྲིམ་འགྲུལ་དོ་དམ་བཅས་ཀྱི་ཐད་རྒྱ་ཁྱབ་ཀྱི་བེད་སྤྱོད་བྱ་བཞིན་ཡོད་པ་རེད།


1.png

སྤྱི་སྤྱོད་རླངས་འཁོར་གྱི་བྱང་བུ།

གྲོང་ཁྱེར་ནང་སྤྱི་སྤྱོད་རླངས་འཁོར་དུ་བཞུགས་སྐབས་སྤྱོད་པའི་བྱང་བུ་དེ་ནི་ICབྱང་བུ་ཞིག་ཡིན།  སྤྱི་སྤྱོད་རླངས་འཁོར་གྱི་བྱང་བུ་དེ་བེད་སྤྱད་ཚེ་ཅུང་སྟབས་བདེ་ལ་དངུལ་སིལ་མ་གྲ་སྒྲིག་བྱེད་མི་དགོས་པ་ཡིན། རླངས་འཁོར་དུ་འགྲོ་སྐབས་བྱང་བུ་སྤྱད་ན་འགྲིག་པ་མ་ཟད་དེ་སྤྱིར་བཏང་དངུལ་སིལ་མ་སྤྲད་པ་ལས་གོང་ཆུང་བ་ཡོད།

互联网应用的普及,科技手段的普遍运用,给各行各业带来了深刻的变革,智能出行正在悄然改变着人们的生活方式。

地铁扫码通行

部分大城市轨道交通基本实现了刷二维码乘车,乘客只需要用手机下载并注册指定的App,使用时将乘车二维码对准地铁闸机上的小黄框或者使用NFC功能靠近,“嘀”声响起即可安全过闸进出站。 

身份证进出站

目前所有的火车站都可以凭借车票和身份证进站乘车,但为了方便旅客,铁路部门目前正推行刷二代身份证进站,出站和乘坐高铁,不需要纸质车票。需要注意的是,不取票可以凭身份证进站乘车。但如果乘客取了票,就只能出示纸质车票和身份证才能进站乘车。

无人驾驶公交

车内除了方向盘无人掌控,其他外观看起来没什么差别。行驶前,司机只需按下一个启动键,车辆就会全自动行驶。沿路行驶途中,打转向灯、变道、加速或者停车,公交车全部自动完成。“智能驾驶公交车”上搭载的是深圳海梁科技公司开发的智能驾驶系统,车上配有激光雷达、毫米波雷达、摄像头、GPS天线等设备感知周围环境,能够实时对其他道路使用者和突发状况作出反应,已实现自动驾驶下的行人和车辆检测、减速避让、紧急停车、障碍物绕行、变道、自动按站停靠等功能。一旦驾驶员在行驶过程中发现特殊情况,踩下刹车公交车就会从自动驾驶模式转变为人工驾驶模式。 

飞行汽车:未来可能的交通工具

飞行汽车时常出现在科幻片中,而现实中的科研人员就研发出了一种飞行汽车,此飞行汽车采用垂直起降技术,这一技术不需要跑道滑行,几乎可在任何地方起飞和降落。汽车将使用单体复合材料和串联密封结构,有两个座位,拥有前后两组主机翼,为提高飞行稳定性,在主机翼底部还安装了几个小翼。使用全电力驱动,由两个大风扇来提供升力和推力,行驶里程约为190公里。而这一切都是自动的,因此用户无需飞行执照即可操作。

GPS全球定位系统

GPS全球定位系统是利用GPS定位卫星,在全球范围内实时进行定位、导航的系统。GPS是一种具有全方位、全天候、全时段、高精度的卫星导航系统,能为全球用户提供低成本、高精度的三维位置、速度和精确定时等导航信息。GPS主要由空间部分、地面控制系统和用户设备部分三部分构成。能实现全球全天候定位,定位精度高,观测时间短,测站间无需通视,仪器操作简便,可提供全球统一的三维地心坐标。在实际生活中,GPS在道路工程、电子巡更、车辆导航和交通管理等方面运用广泛。

1.png

公交卡

城市中乘坐公交车时使用,是一种IC卡。使用公交卡比较方便,不用准备零钱,在车上刷卡即可,而且,一般比投零钱优惠。